སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
༢༠༡༥ ལོའི“དྲི་ཟའི་གླུ་དབྱངས”བོད་གླུ་སྙན་མོའི་དྲིལ་སྒྲོག་བརྙན་ཐུང་།
སྤེལ་དུས། 2015-04-17   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ལྷ་དབང་།
༢༠༡༥ ལོའི“དྲི་ཟའི་གླུ་དབྱངས”ཕུགས་འདུན་བཟང་པོ། བོད་གླུ་སྙན་མོ། ཞེས་པའི་ཕུལ་བྱུང་གླུ་དབྱངས་བསྡུ་འདེམས་གཏོང་གསུམ་གྱི་སྤྱི་བསྒྲགས།
   གངས་རིས་ཡོངས་སུ་བསྐོར་བའི་མདོ་དབུས་མཐོ་སྒང་གི་སྐྱེ་བོ་རྣམས་ཀྱིས་ངག་གི་དབྱངས་རྟ་བརྒྱུད་ནས་འཚོ་བའི་འདུན་པ་མཚོན་པ་ག་ས་གར་ཡང་མཐོང་ཐུབ་ལ། ཉེ་བའི་ལོ་ཤས་རིང་། འཚོ་བ་གསར་པ་དང་མཐོ་སྒང་གི་འཕེལ་སྟབས་གསར་པ་བླངས་པའི་གླུ་གཞས་ཆར་རྗེས་ཀྱི་ཤ་མོ་བཞིན་བྱུང་སྟེ། གསན་མཁན་ལྷན་རྒྱས་ཀྱིས་མིག་གི་ལྟ་ས་དང་རྣ་བའི་ཉན་སར་གྱུར་ཡོད།
   དེ་ལ་གླུ་གར་གྱི་ཕ་སར་གྲགས་པའི་བོད་གླུ་གསར་རྩོམ་ལ་སྐུལ་མ་དང་དུས་རབས་ཀྱི་འགྲོས་དང་མཐུན་ལ་མི་མང་གིས་དགའ་མོས་བྱེད་པའི་བོད་གླུ་ཕུལ་བྱུང་སྔར་བས་མང་བ་ཡོང་ཆེད་དང་།  ཡང་བོད་ཁུལ་གྱི་རིག་རྩལ་གསར་གཏོད་དང་བོད་ཁམས་ཀྱི་རིག་གནས་ལ་གཡུར་དུ་ཟ་བའི་འབྲས་བུ་སྨིན་པའི་གྲོགས་སུ།  ཁམས་པའི་བརྙན་འཕྲིན་ཁང་དང་ཀྲུང་གོའི་བོད་ལྗོངས་དྲ་བ་གཉིས་ཀྱིས་རྒྱལ་ཡོངས་ནས“ ༢༠༡༥ལོའི་དྲི་ཟའི་གླུ་དབྱངས”གསར་རྩོམ་བོད་གླུ་ཕུལ་བྱུང་བསྡུ་བ་དང་། འདེམས་པ་དང་། གཏོང་བའི་བྱེད་སྒོ་སྤེལ་རྒྱུ་ཡིན།

གཅིག བརྩམས་ཆོས་ཀྱི་ཆ་རྐྱེན། 
   བྱེད་སྒོ་འདིར ༢༠༡༣ ཚུན་ཆད་དུ་བརྩམས་པའམ་བཅོས་སྒྲིག་བྱས་པའི་བོད་གླུ་ཕུལ་བྱུང་ཅན་བསྡུ་རྒྱུ་ཡིན་ལ། དེ་ཡང་ནང་དོན་བཟང་ལ་འཚོ་བ་དང་ཉེ་ཞིང་ཡར་ཐོན་དང་ལེགས་པར་ཕྱོགས་པ། མི་སེམས་ལ་བཅར་བ། དབྱངས་རྟ་སྙན་པ། སྙིང་རུས་དང་སྤོབས་པ་སྩོལ་བ།  བོད་མི་དམངས་ཀྱི་འཚོ་བ་དང་སེམས་འདུན་མཚོན་པ་ཡིན་དགོས།

གཉིས། རྩོམ་སྐུར་དུས་བཅད།
   ༢༠༡༥ ལོའི་ཟླ ༥ པའི་ཚེས ༡༦ ནས ༢༠༡༥ ལོའི་ཟླ ༦ པའི་ཚེས ༡༥ བར་ཡིན།

གསུམ། རྩོམ་སྐུར་ཆ་རྐྱེན།
   འགྲན་ཞུགས་བརྩམས་ཆོས་ངེས་པར་ཆ་ཚང་ཡིན་དགོས་ཏེ། ཚིག་དང་དབྱངས་སྦྱར་ནས་བླངས་ཏེ་གྲུབ་པ་ཡིན་དགོས། འགྲན་ཞུགས་བརྩམས་ཆོས་ཀྱི་ཡིག་ཆའི་རྣམ་གཞག་སྒྲ་ལམ་ཡིག་ཆ(mp3、wav)དང་བརྙན་ལམ་ཡིག་ཆ(mpg、avi、movའཁོར་ཚདM15ལས་མི་ཆུང་བ) རྩོམ་སྐུར་དུས་གཤམ་གྱི་ནང་དོན་ཁག་ཚང་དགོས།
(1) འགྲན་ཞུགས་ཐོ་འགོད་རེའུ་མིག་གམ་འོས་སྦྱོར་རེའུ་མིག(ངེད་དྲ་བ་ནས་ཕབ་ཆོག)
(2) བརྩམས་ཆོས་ཀྱི་དབང་བཅོལ་ཡི་གེ(ངེད་དྲ་བ་ནས་ཕབ་ཆོག)
(3) བརྩམས་ཆོས་ཆ་ཚང་།
(4) བརྩམས་ཆོས་ཀྱི་གླུ་ཚིག་ཡི་གེ(wordརྣམ་གཞག་ཅན)
(5) འགྲན་ཞུགས་གླུ་གཞས་ནི་གསར་རྩོམ་མམ་བཅོས་སྒྲིག་བྱས་པ་ཡིན་དགོས་ལ། འགྲན་ཞུགས་གླུ་གཞས་ཁག་གི་སྤྱོད་དབང་གཙོ་གཉེར་ལས་ཁུངས་ལ་ཡོད་པ་དང་། རྩོམ་དག་ཕྱིར་མི་སློག་པས་མ་ཡིག་རང་ནས་ཉར་དགོས།
(6) རྩོམ་མཁན་གྱིས་ཡར་སྤྲད་པའི་སྒྲ་བརྙན་གྱི་རྒྱུ་ཆས་མི་གཞན་གྱི་བརྩམས་ཆོས་བདག་དབང་དང་ཚོང་རྟགས་སམ་ཤེས་ཡོན་ཐོན་དབང་གཞན་ལ་གནོད་སྐྱོན་བཟོ་མི་ཆོག་ལ། ལྡོག་ན་ཁྲིམས་ཀྱི་འགན་རང་གིས་འཁུར་དགོས།

བཞི། བརྩམས་ཆོས་སྐུར་ཐབས།
   “༢༠༡༥ ལོའི་དྲི་ཟའི་གླུ་དབྱངས-ཕུགས་འདུན་བཟང་པོ•བོད་གླུ་སྙན་མོ་ཞེས་པའི་གླུ་གཞས་གསར་རྩོམ་ཕུལ་བྱུང་བསྡུ་འདེམས་གཏོང་གསུམ་གྱི་བྱེད་སྒོ”ལ་གློག་རྡུལ་ཡིག་ཟམ་དང་སྦྲག་སྲིད་མགྱོགས་སྐྱེལ་གྱི་སྒོ་ནས་བརྩམས་ཆོས་སྐུར་གནང་ཆོག (གློག་རྡུལ་ཡིག་ཟམ་དུ་རྩོམ་སྐུར་ན་སྦྲག་སྲིད་མགྱོགས་སྐྱེལ་གྱིས་བརྩམས་ཆོས་དབང་བཅོལ་ཡི་གེ་གཏོང་དགོས)
ཡིག་ཟམ:kangbatv@qq.com
ཡིག་སྐུར་ས་གནས:四川省成都市高新区世纪城路66号康巴卫视“藏歌金曲”活动组(收)
སྦྲག་ཨང:610041
འབྲེལ་བ་བྱ་ཡུལ། ཡན་ལུང་། 18683520968

ལྔ།  བྱ་དགའ་དང་བཤམ་གཏོང་སྐོར།
༡། ཆེད་མཁས་པ་དང་གཟིགས་མོ་བས་དྲ་བ་བརྒྱུད་ནས“བོད་གླུ་སྙན་མོ་བཅུ”གདམ་རྒྱུ་ཡིན།
༢། བྱ་དགའ་ཐོབ་པའི་གླུ་གཞས་ཚང་མ་ཁམས་པའི་བརྙན་འཕྲིན་དང་ཀྲུང་གོའི་བོད་ལྗོངས་དྲ་བ། ཁམས་པའི་བརྙན་འཕྲིན་གཞུང་དྲ་ནས་གཏོང་རྒྱུ་ཡིན།

ཟུར་བཏགས། ༡། འགྲན་ཞུགས་རེའུ་མིག  ༢། དབང་བཅོལ་རེའུ་མིག (འདིར་རྡེབ་ནས་རེའུ་མིག་ཕབ་ལེན་གནང་ཆོག) 
འབྲེལ་ཡོད་ནང་དོན།

 

 མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་རོལ་རྩེད་ལེ་ཚན།  གངས་རིའི་སྙན་དབྱངས་དྲ་བ།  ཀྲུང་གོའི་བོད་ཀྱི་དྲ་བ།  རོལ་ཆས་ཆེད་སྒྲིག

རོལ་མོའི་སྐོར་གྱི་དཔྱད་རྩོམ།  

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060