སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འགྱོད་སེམས།
སྤེལ་དུས། 2012-04-28   ཡོང་ཁུངས།    རྩོམ་པ་པོ།  གཞས་པ། བཀྲ་ཤིས་ནོར་བུ། སྒྲོལ་མས་བསྒྲིགས།

 

གུས་པ་ཁྱིམ་དང་བྲལ་བའི་སྐབས་སུ།། ཨ་མས་བུ་ང་མ་འགྲོ་གསུངས་བྱུང་། །

ཡིན་ཡང་ཕ་མའི་བཀའ་ལ་མ་ཉན།། བུ་ངས་སྙིང་ནས་དགོངས་དག་ཞུས་ཡོད།།

མི་ཚེ་གཅིག་གི་ནང་ལ།།     བྱམས་པའི་ཕ་མ་གཉིས་ལས་མེད་ཀྱང་།།

བུ་ངས་དྲིན་ལན་མ་གསོས།། སྙིང་ནས་དགོངས་དག་ཞུས་ཡོད།།

བྱམས་བརྩེ་ཅན་གྱི་ཨ་མ།། ཁེར་རྐྱང་གི་མི་ཚེའི་ནང་།།

ཡབ་ཡུམ་གྱི་བཀའ་དྲིན་དྲན་བྱུང་།། དགོང་དག་བརྩེ་བའི་ཨ་མ།།

ལོ་མང་རིང་ལ་དྲིན་ལན་མེད་པ་དགོངས་དག །

བརྩེ་བའི་གཅེན་གཅུང་བརྩེ་གྲོགས་རྣམ་པ།། བུ་ཆུང་ཐག་རིང་ཕྱིན་སོང་བསམ་ནས།།

ཁྱེད་རྣམས་ཐུགས་སེམས་སྐྱོ་སྐྱོ་མ་གནང་།།ནམ་ཞིག་འཛོམས་པའི་དུས་ཤིག་ཤར་ཡོང་།།

བསོད་ནམས་མེད་པའི་བུ་ངས།། སྐབས་གཅིག་མི་ཡུལ་འགྲོ་དགོས་བྱུང་ཡང་།།

བརྩེ་བའི་གཅེན་གཅུང་རྣམས་ལ།། སྙིང་ནས་དགོངས་དག་ཞུས་ཡོད།།

བརྩེ་བའི་གཅེན་གཅུང་རྣམས་ལ།།ཁྱེད་རྣམས་དྲན་དུས་ཆུང་དུས་ཀྱི་རྩེ་ཚུལ་དྲན་བྱུང་།།

བརྩེ་བའི་གཅེན་གཅུང་རྣམ་པ།། ཁྱེད་རྣམས་དྲན་དུས་མིག་ཟུང་མཆི་མས་ཁེངས་སོང་།།

འབྲེལ་ཡོད་ནང་དོན།

 

 མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་རོལ་རྩེད་ལེ་ཚན།  གངས་རིའི་སྙན་དབྱངས་དྲ་བ།  ཀྲུང་གོའི་བོད་ཀྱི་དྲ་བ།  རོལ་ཆས་ཆེད་སྒྲིག

རོལ་མོའི་སྐོར་གྱི་དཔྱད་རྩོམ།  

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060