སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བཀྲ་ཤིས་པའི་ཁ་གཡང་།
སྤེལ་དུས། 2011-05-02   ཡོང་ཁུངས།    རྩོམ་པ་པོ།   ལེན་མཁན། མགོན་པོ་དོན་གྲུབ། སྒྲོལ་མས་བསྒྲིགས།

 

རྡུང་ལེན།  བཀྲ་ཤིས་པའི་ཁ་གཡང་།

གངས་ལྷུན་པོ་ཇོ་མོ་གླང་མ་དེ།། ངེད་བོད་པ་ཚང་གི་བླ་རི་ཡིན།།

སེང་དཀར་མོའི་གཡུ་རལ་དེ་ནས་རྒྱས།།ངག་སྙན་མོའི་བསྟོད་དབྱངས་ལན་གསུམ་འབུལ།།

དགོན་ཆེན་པོ་བཀྲ་ཤིས་འཁྱིལ་བ་དེ།། ཆོས་མན་ངག་ཟབ་མོའི་འབྱུང་ཁུངས་ཡིན།།

བན་སེར་མོའི་བསམ་དོན་དེ་ནས་འགྲུབ།། ལུས་གུས་པའི་ལྷ་ཕྱག་ལན་གསུམ་འཚལ།།

སྨད་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དེ།། ངེད་གདོང་དམར་ཚང་གི་བླ་མཚོ་ཡིན།།

ནང་བོད་མིའི་འཚོ་བ་ཀླུ་ལ་འགྲན།། མཚོ་སྔོན་པོར་བསྐོར་བ་ལན་གསུམ་འགྲོ།།

བྱམས་སྙིང་རྗེ་ལྷག་བསམ་དཀར་པོ་དེ།། ངེད་ཆོལ་གསུམ་བོད་མིའི་རང་གཤིས་ཡིན།།

ལོ་གསར་བར་བཟའ་མི་ལྷན་འཛོམས་ཤོག། བཀྲ་ཤིས་པའི་ཁ་གཡང་ལན་གསུམ་བརྗོད།།

འབྲེལ་ཡོད་ནང་དོན།

 

 མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་རོལ་རྩེད་ལེ་ཚན།  གངས་རིའི་སྙན་དབྱངས་དྲ་བ།  ཀྲུང་གོའི་བོད་ཀྱི་དྲ་བ།  རོལ་ཆས་ཆེད་སྒྲིག

རོལ་མོའི་སྐོར་གྱི་དཔྱད་རྩོམ།  

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060