སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཞི་བདེ་སེམས་ནས་བསྐྲུན་དགོས།
སྤེལ་དུས། 2011-01-18   ཡོང་ཁུངས།    རྩོམ་པ་པོ།   སྒྲོལ་མས་བསྒྲིགས།

འགྲོ་བའི་ལས་སྨོན་མཐུ་ལས།། ཐོག་མའི་སྲིད་པ་ཆགས་ཏེ།།

སྟོད་བཅུད་ཞི་ཞིང་བདེ་བའི།།ལྷོ་ཡི་འཛམ་གླིང་གྲུབ་ཡོད།།

ཡུལ་ལུང་དམག་སར་གྱུར་ནས།། དམངས་ཀྱི་འཚོ་རྟེན་བྲལ་སོང་།།

ཆབ་འབངས་མུ་གེས་མནར་ཏེ།། རྒྱུས་མེད་ཡུལ་ལ་གྱར་སོང་།།

འཚེ་མེད་ཞི་བདེ་དགོས་ན།། དྲག་པོའི་གོ་མཚོན་སྤོངས་དང་།།

དོ་དམ་ཞི་བདེ་དགོས་ན།། ཞི་བདེ་སེམས་ནས་བསྐྲུན་དགོས།།

ཞི་བདེའི་ལྷ་བྱ་དཀར་པོ།།དགུང་སྔོན་དབྱིངས་སུ་འཕུར་ནས།།

ཡངས་པའི་འཛམ་བུའི་གླིང་ལ།། ཞི་བདེའི་འོད་ཟེར་འཕྲོས་སོང་།།

བྱམས་བརྩེའི་གོ་ཆ་ལྡན་པའི།།ཞི་བདེའི་དེད་དཔོན་རྣམས་ནས།།

འཛམ་གླིང་སྟོད་བཅུད་ཐམས་ཅད།། ཞི་བདེའི་ལམ་དུ་འདྲེན་རོགས།།

ཞི་བསིལ་ཕན་བདེའི་ཟླ་བ།། དྲག་མཚོན་སྤྲིན་གྱིས་མ་སྒྲིབ།།

ལྷིང་འཇགས་དུང་ཟླ་དཀར་པོ།།ཡངས་པའི་མཁའ་ལ་བཞད་སོང་།།

འབྲེལ་ཡོད་ནང་དོན།

 

 མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་རོལ་རྩེད་ལེ་ཚན།  གངས་རིའི་སྙན་དབྱངས་དྲ་བ།  ཀྲུང་གོའི་བོད་ཀྱི་དྲ་བ།  རོལ་ཆས་ཆེད་སྒྲིག

རོལ་མོའི་སྐོར་གྱི་དཔྱད་རྩོམ།  

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060