སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཨ་ཕ།
སྤེལ་དུས། 2011-01-26   ཡོང་ཁུངས།    རྩོམ་པ་པོ།  


ཚིགརུ་ཤུལ་ཤེས་རབ་སེང་གེ
དབྱངས།བདེ་སྐྱིད་ཚེ་རིང་།
ལེན་མཁན།བདེ་སྐྱིད་ཚེ་རིང་།

ཁྱིམ་ཚང་ཞིག་གི་ཐབ་ཚང་ནས།གཟིམ་མ་མྱོང་བའི་མར་མེ་ཚེ་འབར་ལགས།
ད་ཕྲུག་ཁུ་ཡིས་རེ་སྒུག་གི་འདུན་མ། བཅངས་པའི་སེམས་ཀྱི་ཡབ་ཆེན་ལགས།
ངས་ཁྱེད་ལ་ཞུ་འཕྲིན་སེམས་ཀྱི་མཆོད་པ་ཕུལ། ཞོགས་པའི་ལྷ་བསང་གཏོང་དུས།
རླུང་རྟ་དགུང་ལ་མཆོད་ཡོད།
ཀི་བསོ་ཡིས་བསྟོད་པའི་དུ་སྤྲིན་ལ།
གསོལ་འདེབས་ཀྱི་སྨོན་ཚིག་ཁྲི་འབུམ་བསྐུར་ཡོད།
ཡུན་རིང་བྲལ་པའི་རྒྱང་རིང་གི་སེམས་ཀྱི་ཡབ་ཆེན་ལགས།
ཁྱེད་རང་སྐུ་ཁམས་བདེ་ལགས་སམ།
རང་ཁྱིམ་དྲོད་ཀྱིས་སྟོང་བའི་གཞི་གྱེས་ཀྱི་ཕུ་ནུ་མིང་སྲིང་ཚོ།
ཁྱེད་རྣམ་པ་ཕུང་ཁམས་བདེ་མོ་ཡིན་ལགས།།
རྩྭ་ཐང་འཁྱག་གིས་བསྡམས།
སྦྲ་གུར་རླུང་གིས་བསྐྱོད་པའི་ཕ་ཁྱིམ་ན།
བདག་མེད་ཤུལ་ལུས་ཀྱི་སྤུན་ཟླ་མིང་སྲིང་ཚོ།
སྡུག་བསྔལ་གྱི་མིག་ཆུ་ཁྲོམ་ཁྲོམ་ལས།
བདེ་སྐྱིད་ཀྱི་གོད་སྒྲ་ཐོས་མ་མྱོང་།
དྲན་གདུང་གི་ཤུགས་རིང་ནར་ནར་ལས།
ལྷན་འཛོམས་ཀྱི་སྐལ་བ་རྙེད་མ་མྱོང་།
ཉིན་རེ་ནས་ཉིན་རེ།ཟླ་རེ་ནས་ཟླ་རེ།ལོ་རེ་ནས་ལོ་རེ།
དབྱར་དགུན་གྱི་དུས་ཚིགས་རེས་སུ།
མཁྱེན་མཁྱེན་བླ་མ་མཁྱེན་ནོ།
འོན་ཀྱང་ཨ་ཕ་ལགས།
ཁྱེད་རང་ཐུབ་སེམས་སྐྱོ་མི་དགོས།
འུ་ཚང་གི་ཁྱིམ་དུ་བདེ་སྐྱིད་དེ་འདྲ་མེད་ཀྱང་།
ཨ་ཕའི་གདམས་ངག་སྔར་བཞིན་དྲོད་ཁོལ་ལྡན།
ཕ་ཤུལ་བུ་ཡིས་འཛིན།
ཕ་ཆོས་སེམས་ཀྱིས་སྒྲུབ།
ཕ་ཡིག་སྦྱོང་ལ་བརྩོན།
ཕ་སྐད་གཙང་མ་བཤད།
ཕ་སྲོལ་རྒྱུད་ཀྱིས་འཛིན།
ཕ་ཟས་རྒྱུན་དུ་རོལ་ལ་ཁྱིམ་སྙིང་ནས་བརྩེ་བཞིན་ཡོད།
ཨ་ཕ་ལགས།
ངས་བརྗེད་པར་དཀའ་བ་ནི་ཁྱེད་ཡིན་ལ་དྲན་སླ་བ་ནི་ཁྱེད་ཡིན།
ཁྱེད་ནི་བརྩེ་བའི་ཕ་ཡིན།
བྱམས་ལྡན་མ་ཡིན།
སྐྱབས་སའི་ལྷ་ཡིན།
རེ་སའི་དཔོན་ཡིན།
ཁྱེད་ནི་ཕ་གཞིས་ཀྱི་བདག་པོ་ཡིན་ལ།
བུ་ཚང་གི་རེ་བ་ཉག་ཅིག་ཡིན།
ཨ་ཕ་ལགས་ཉིན་མོ་སེམས་སུ་འཁོར་ཡང་།
མཚན་མོ་རྨི་ལམ་ནང་ནས་མཇལ།
ཨ་ཕ་ལགས་ཞོགས་པའི་ཉི་གཞོན་གྱི་
གཟི་བྱིན་དང་འགྲོག་ནས།
རང་ཡུལ་ཕྱོགས་སུ་སླེབས་རོགས།
ང་ཚོའི་ལོ་ཟླ་སོར་རྩིར་བགྲང་ནས།
ཁྱེད་ལ་རེ་ཞིང་སྒུག་བཞིན་ཡོད།
སླད་མར་ཁྱེད་ཉིད་སྐུ་ལུས་གསེར་གྱི་ཉི་མ་ལ།
སྤྲིན་ནག་པོ་གཡོར་བ་མེད་པ་རྟག་དུ་བརྟན་ཞིང་།
ཕ་བུ་འདི་ནས་གྱེས་ཀྱང་།
སླར་ཡང་འདི་རུ་འཛོམས་པའི་སྨོན་ལམ་ཡང་ཡང་ཞུ།
མཁོར་ཡང་ང་ཚོའི་ཡུལ་དུ་བུ་ཡུག་རྐྱང་རྐྱང་ཚུབ།

འབྲེལ་ཡོད་ནང་དོན།

 

 མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་རོལ་རྩེད་ལེ་ཚན།  གངས་རིའི་སྙན་དབྱངས་དྲ་བ།  ཀྲུང་གོའི་བོད་ཀྱི་དྲ་བ།  རོལ་ཆས་ཆེད་སྒྲིག

རོལ་མོའི་སྐོར་གྱི་དཔྱད་རྩོམ།  

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060