སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དམངས་སྲོལ་གླུ་གཞས་མཐུན་ཚོགས་ཀྱིས་སྤེལ་བའི་ལ་གཞས་འགྲན་ཚོགས།
སྤེལ་དུས། 2014-07-30   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་པ་པོ།  སྒྲོལ་མ།


དམངས་ཁྲོད་གླུ་བ་བཀྲ་ཤིས་ཚེ་རིང་། ཁོང་ནི་དམངས་སྲོལ་གླུ་གཞས་མཐུན་ཚོགས་ཀྱི་ཚོགས་གཙོ།

བོད་རིགས་དམངས་ཁྲོད་སྒྱུ་རྩལ་བ་བཀྲ་ཤིས་ཚེ་རིང་དང་ཁོང་གི་དམངས་སྲོལ་གླུ་གཞས་མཐུན་ཚོགས་འོས་སྦྱོར།དེ་ཡང་ཁྲི་ཀ་གསེར་མོ་ལྗོངས་ཞེས་མདོ་སྨད་སའི་ཐིག་ལེར་གྱུར་བ་དེ་རུ་གནའ་སྔ་མོའི་དུས་ནས་ཆོས་སྲིད་རིག་གསུམ་དར་བའི་ཤུལ་བཞག་མི་ཉུང་བས་ཡོངས་སུ་ཁྱབ་ཅིང་།གླུ་བ་བཀྲ་ཤིས་ཚེ་རིང་ལགས་ལ་མཚོན་ན་ཆུང་དུས་ནས་གླུ་གར་རྩེད་མོ་སོགས་ལ་རིང་ནས་གོམས་ཤིང་། རང་ཉིད་ཀྱི་ཕུགས་འདུན་ཉག་གཅིག་ནི་བོད་ཀྱི་དམངས་ཁྲོད་གླུ་གཞས་རྒྱུན་འཛིན་དང་དར་སྤེལ་གྱི་ཀུན་སློང་གཙང་མོས་ཀུན་ནས་བསླངས་ཏེ་ན་ནིང་གི་དགུན་ཟླ་བཅུ་བར་ཁྲི་ཀ་གསེར་མོ་ལྗོངས་སུ་ཁོང་གིས་དམངས་སྲོལ་གླུ་གཞས་མཐུན་ཚོགས་ཁྲི་ཀ་གསེར་མོ་ལྗོངས་སུ་དངོས་སུ་བཙུགས་ཐུབ་པ་བྱུང་།

 འགྲན་ཚོགས་སྟེང་བྱ་དགའ་ཐོབ་མཁན་གྱི་དམངས་ཁྲོད་གླུ་བ་གླུ་མ་དག་དཔྱད་འདེམས་པ་རྣམས་དང་མཉམ་དུ་པར་རྒྱག་བཞིན་པ།

༢༠༡༤ལོའི་དབྱར་ཟླ་དྲུག་པ་ནི་ཁྲི་ཀར་དུས་ཆེན་ཁྱད་པར་བ་ཞིག་ཏུ་ཆགས་ཤིང་།ལྷག་པར་དུ་ཕོ་མོའི་འདོད་བརྩེ་མཚོན་ཞིང་སྙན་འཇེབས་ངག་ལ་སྙན་པའི་ལ་གཞས་ནི་ལུག་གཡང་དཀར་ཀྱི་སུག་རྗེས་ནས་ཚོར་འདུ་རྙེད་ཅིང་གཡང་འབྲི་མོ་བཞོ་བའི་ཤག་སྒྲ་ལས་གདངས་དབྱངས་བརྩམས་པའི་རྩ་ཐང་གི་སྙན་ངག་གསོན་པོ་ཞིག་སྟེ།རྒན་མགོ་དཀར་དང་གཞོན་སོ་དཀར་ཐམས་ཅད་ཀྱི་ངག་ལ་གྱེར་ཞིང་སེམས་ལ་འཐིམས་པའི་ཡིད་ཀྱི་གསོས་སྨན་ཞིག་དང་མཚུངས།

འབྲེལ་ཡོད་ནང་དོན།

 

 མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་རོལ་རྩེད་ལེ་ཚན།  གངས་རིའི་སྙན་དབྱངས་དྲ་བ།  ཀྲུང་གོའི་བོད་ཀྱི་དྲ་བ།  རོལ་ཆས་ཆེད་སྒྲིག

རོལ་མོའི་སྐོར་གྱི་དཔྱད་རྩོམ།  

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060