སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
པད་མ་ཚེ་བརྟན་གྱིས་«གཡང་མདའ»ཞེས་པའི་གློག་བརྙན་ཕབ་འཆར་ཡོད་པ།
སྤེལ་དུས། 2012-09-22   ཡོང་ཁུངས། མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།  པད་མས་བསྒྲིགས།

ཉེ་ལམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་དུ«གཡང་མདའ»ཞེས་པའི་གློག་བརྙན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས་ཡོད་ལ། གློག་བརྙན་འདི་ནི་བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་གདན་འདྲེན་ཞུས་ཏེ་ཕབ་སྐྲུན་བྱ་རྒྱུ་རེད།

བོད་སྐད་གློག་བརྙན«གཡང་མདའ»ཞེས་པ་འདིས་གཅན་ཚའི་བོད་ཀྱི་གནའ་བོའི་སྲོལ་རྒྱུན་རིག་གནས་དང་དེང་རབས་དཔལ་ཡོན་གཞིར་བཟུང་། ལོ་རྒྱུས་ཀྱི་འགྱུར་ལྡོག་ཁྲོད་བྱུང་བའི་འོད་སྟོང་འབར་བའི་རིག་གནས་བརྗོད་དོན་དུ་བྱས་ཤིང་།  རྒྱལ་སྤྱིའི་གཡང་མདའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་འདྲེན་འགྲན་བསྡུར་དམིགས་སུ་བཟུང་སྟེ་གཏམ་རྒྱུད་བརྗོད་པ་དང་། གློག་བརྙན་སྒྱུ་རྩལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་སྒོས་གཙན་ཚ་རྫོང་གི་ཁྱད་དུ་འཕགས་པའི་སྲོལ་རྒྱུན་རིག་གནས་ལས་གཞི་ཉིད་སྔར་ལས་ལྷག་པར་ས་ཁྱབ་རྡོ་ཁྱབ་དང་རིག་གནས་ཀྱི་མཚན་བྱང་རིན་ཐང་བསྐྲུན་ཏེ་ས་གནས་འདིའི་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་དང་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་ཆེན་པོ་ཐོན་ངེས།

གློག་བརྙན་འདིར་གཙན་ཚ་རྫོང་གངས་ཆབ་རེ་འོད་གནས་སྐོར་སྔོག་འདོན་ཚད་ཡོད་ཀུང་ཟིས་མ་དངུལ་བཏང་བ་དང་། པེ་ཅིང་ཧི་མ་ལ་ཡའི་གློག་བརྙན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིས་སྒྲིག་བཟོ་ཕབ་སྐྲུན་བྱེད་ཀྱི་ཡོད། སྤྱིའི་མ་དངུལ་སྒོར་ས་ཡ་དགུ་དང་འབུམ་དྲུག(སྒོར་ཁྲི༩༦༠བཏང་ཞིང་། མིག་སྔར་ཕབ་སྐྲུན་གྱི་དུས་སྔོན་བྱ་བ་སྒྲུབ་བཞིན་པའི་སྒང་ཡིན་ལ། སྔོན་དཔག་བྱས་པ་ལྟར་ན༢༠༡༣ལོའི་ལོ་མཇུག་ཏུ་གཟིགས་མོ་བ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་རེད། 

འབྲེལ་ཡོད་ནང་དོན།

 

 མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་རོལ་རྩེད་ལེ་ཚན།  གངས་རིའི་སྙན་དབྱངས་དྲ་བ།  ཀྲུང་གོའི་བོད་ཀྱི་དྲ་བ།  རོལ་ཆས་ཆེད་སྒྲིག

རོལ་མོའི་སྐོར་གྱི་དཔྱད་རྩོམ།  

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060