སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མི་རིགས་ལག་ཤེས་བཟོ་རྩལ་ལས་འབབ་འཕར་བྱུང་བ།
སྤེལ་དུས། 2017-07-28   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ།  

༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གོང་དཀར་རྫོང་གིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔོག་འདོན་གཏིང་ཟབ་བྱས་པ་དང་དེང་རབས་ཀྱི་ལག་རྩལ་སྟོབས་ཤུགས་ལ་བརྟེན་ནས་མལ་གྲོ་གུང་དཀར་རྫོང་སྨུག་ཤར་སྲོལ་རྒྱུན་སྒྱུ་རྩལ་ཐོན་རྫས་ལས་སྣོན་ཚད་ཡོད་ཀུང་སི་བཙུགས་པ་དང་། ཀུང་སི་དེས་གཙོ་བོ་མི་རིགས་ཀྱི་གྱོན་ཆས་དང་བོད་ལུགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཐོན་རྫས་ལས་སྣོན་དང་བྲིན་ཚོང་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ས་གནས་དེ་གའི་དུད་ཚང་དབུལ་པོ་དག་བསྡུ་ལེན་བྱས་ཏེ་གཅིག་ནས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་སྔར་བས་ཐུབ་པ་བྱས་པ་དང་གཉིས་ནས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བའང་བྱས་ཡོད། འདི་ནི་མལ་གྲོ་གུང་དཀར་རྫོང་སྨུག་ཤར་སྲོལ་རྒྱུན་སྒྱུ་རྩལ་ཐོན་རྫས་ལས་སྣོན་ཚད་ཡོད་ཀུང་སིའི་ལས་མིས་སྣམ་བུ་འཐག་བཞིན་པའི་གནས་ཚུལ་ཡིན་པ།།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716