སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཕྱུགས་འཕྲི་ཕྱོད་འཕར་ཏེ།རང་ཞིང་གི་ནོར་གནག་གསོ་སྤེལ་ཐད་ནས་གསར་བརྗེ་རང་བཞིན་གྱི་འགག་སྒྲོལ་བྱུང་བ།
སྤེལ་དུས། 2017-08-15   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ།  

——མཚོ་བོད་མཐོ་སྒང་གི་ནོར་གནག་དེང་རབས་གསོ་སྤེལ་དང་སྐྱེ་ཁམས་མཐུན་སྦྱོར་ཡོང་བའི་ལག་རྩལ་ལ་ཞིབ་འཇུག་བྱས་ཚུལ།(སྟོད་ཆ)

 “འཕེལ་སྟངས་མགྱོགས་མྱུར་གྱིས་བསྒྱུར་བ་དང་།འཁོར་སྐྱོད་དཔལ་འབྱོར་གོང་དུ་སྤེལ་བའི་སྔོན་ཐོན་ཁུལ་བཙུགས་པ།”རྒྱལ་ཡོངས་ཀྱི་ཕྱུགས་ལས་ཁུལ་ཆེན་པོ་ལྔའི་ཡ་གྱལ་ཡིན་པའི་མཚོ་སྔོན་གྱིས་ཕན་འབྲས་ལྡན་ལ།མདུན་ལྗོངས་བཟང་པོ་ཡོད་པའི་རྩྭ་ས་དང་སྐྱེ་ཁམས་ཕྱུགས་ལས་ཀྱི་བགྲོད་ལམ་ཞིག་བཏོད་པ་རེད། 

2011ལོ་ནས་བཟུང་།ཞིང་ཆེན་ཕྱུགས་ལས་སྨན་བཅོས་ཚན་རིག་གླིང་གི་ཞིབ་འཇུག་པ་གཞོན་པ་ཡུས་མིང་ཧྲེང་གིས་འགན་ཁུར་པའི་མི་གསུམ་ཅན་གྱི་ཚན་ཞིབ་ཚོགས་པས“མཚོ་བོད་མཐོ་སྒང་གི་ནོར་གནག་དེང་རབས་གསོ་སྤེལ་དང་སྐྱེ་ཁམས་མཐུན་སྦྱོར་ཡོང་བའི་ལག་རྩལ་སྒྲིག་སྦྱོར་དཔེ་དབྱིབས་ཀྱི་ཞིབ་འཇུག”ཅེས་པའི་ཞིབ་འཇུག་བྱ་གཞིར་བརྟེན་ནས། 

ཐོན་སྐྱེད་ནས་ལས་སྣོན་བར།ལོ་ངོ4རིང་ལ་ཞིབ་འཇུག་འཚོལ་ཞིབ་བྱས་པ་བརྒྱུད།ན་སོ་ཟླ24ཅན་གྱི་བཞོན་མས་བེའུ་རྩེབས་པ་དང་འོ་མ་ཐོན་ཐུབ་པར་མ་ཟད།ལོ་རེར་བེའུ་ཐེངས་རེ་རྩེབས་ཏེ།རྒྱུད་སྤེལ་ཚད88%ནས94%ལ་སླེབས།

“གསོ་སྤེལ་བྱེད་སྟངས་འདི་ནི་འཛམ་གླིང་གི་ནོར་གནག་ཐོན་ཁུལ་ནས་ཐོག་མར་གསར་དུ་བཏོད་པའི་ཐོན་སྐྱེད་ཕན་འབྲས་སུ་གཏོགས་པ་དང་སྔོན་སྐྱོད་ཆུ་ཚད་དུ་གཏོགས་པ་རེད”ཅེས་དཔྱད་འཇོག་ཆེད་མཁས་པས་སྲོལ་རྒྱུན་གྱི་གསོ་སྤེལ་རྣམ་པ་སྤྱི་སྡོམ་བྱས་པའི་ཁྲོད་དེ་ལྟར་བཤད་ཅིང་།སྔར་ནོར་གནག་ན་སོ་ལོ4ནས5ལ་སོན་པ་ན་ད་གཟོད་རྒྱུད་སྤེལ་བ་དང་།ལོ་གཉིས་ནང་བེའུ་ཐེངས་རེ་རྩེབས་ལ།རྒྱུད་སྤེལ་ཚད50.67%ཙམ་ཡིན།ཡིན་ཡང་དེང་རབས་ཀྱི་གསོ་སྤེལ་བྱེད་སྟངས་དེས་ནོར་གནག་གི་ཐོན་སྐྱེད་བྱེད་ནུས་དང་རྒྱུད་སྤེལ་ཁྱད་ཆོས་ལྡབ་བརྒྱ་ལྷག་གིས་ཇེ་མཐོར་བཏང་སྟེ།ཚན་སློབ་དཔེ་དེབ་ཁྲོད “ནོར་གནག་ནི་གྲང་ངར་ཆེ་བ་དང་དབྱང་རླུང་དཀོན་སར་འཕྲོད་གཤིས་དྲག་པོ་ལྡན་པ་དང་།ཐོན་སྐྱེད་དང་འཚར་སྐྱེ་འབྱུང་ཚད་དལ་ཞིང་།སྦྱིག་འཕྱི་བ།རྒྱུད་སྤེལ་ཚད་དང་ཐོན་སྐྱེད་བྱེད་ནུས་ཅུང་དམའ་བའི་སྲོག་ཆགས་ཤིག་རེད”ཅེས་པའི་བཤད་ཚུལ་བརྟོལ་བ་རེད།

དབྱི་སི་རལ་གྱི“བདེ་སྐྱིད་བཞོན་མས”བློ་སྒོ་ཕྱེས་པ། 

2007ལོ་ནི་ཡུས་མིང་ཧྲེང་ལ་མཚོན་ན་དམིགས་བསལ་གྱི་ལོ་ཞིག་རེད།ཁོ་རང་དབྱི་སི་རལ་ལ་རྟོག་ཞིབ་སློབ་སྦྱོང་དུ་སོང་བ་ན།གནས་དེའི་ཕྱུགས་ལས་ཐད་ཀྱི་ཕན་འབྲས་ཆེན་པོ་དེས་ཁོ་རང་ཧ་ལས་སུ་བཅུག་བྱུང་། 

དབྱི་སི་རལ་གྱི་ཕྱུགས་ལས་དང་རྩྭ་སའི་ཐོན་ཁུངས་ནི་རང་ཞིང་གི་རྩྭ་སའི་ཆ་ཤས་ཙམ་ལས་མིད་མོད།འོན་ཀྱང་ཐོན་རིན་ནི་རང་ཞིང་གི་ཕྱུགས་ལས་ལས་ལྡབ་གཉིས་ཀྱིས་མང་བ་རེད།དེས་ནི་བྱ་བར་ཞུགས་པ་ནས་ནོར་གནག་གི་ཐོན་སྐྱེད་བྱེད་ནུས་བསྒྱུར་འདོད་པའི་ཡུས་མིང་ཧྲེང་ལ་དངོས་གནས་ཧ་ལས་སུ་བཅུག་ཅིང་།ཁོས་མཚོ་སྔོན་གྱི་ནོར་གནག་གི་ཐོན་སྐྱེད་ནུས་པ་འཚོལ་ཞིབ་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་བཏང་།

1481770227749902.jpg

དེ་མུར་གྱི་བརྟག་ཞིབ་སློབ་སྦྱོང་ཁྲོད།ཡུས་མིང་ཧྲེང་གིས་དབྱི་སི་རལ་ཕྱོགས་ཀྱི་ཨ་པེ་ཨེར་ཀུང་སིའི་མ་མོ200ཡི་ལོའི་ཐོན་རིན་མི་དམངས་ཤོག་སྒོར་ཁྲི198ལ་སླེབས་པ་དང་།ཕན་འབྲས་དེ་ལྟར་མཐོ་བའི་རྒྱུ་མཚན་གཙོ་བོ་ཡང“བདེ་སྐྱིད་བཞོན་མའི”འདུ་ཤེས་འོག་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྤེལ་དང་ཆུང་ཡང་འཐུས་ཚང་བ་དང་དར་རྒྱས་ཆེ་བའི་ཕྱུགས་ལས་ཐོན་རྫས་ལས་སྣོན་བྱེད་པའི་ལས་རིགས་ཀྱིས་གནམ་སའི་ཁྱད་པར་ལྟ་བུའི་ཕན་འབྲས་ཆེན་པོ་བསྐྲུན་པ་དེ་ཡིན་པ་ཤེས། 

ཕྱིར་རང་རྒྱལ་དུ་ལོག་རྗེས།ཡུས་མིང་ཧྲེང་གྲང་ངར་ཆེ་བའི་འབྲོག་ཁུལ་དུ་སོང་སྟེ་རྨང་གཞིའི་རང་བཞིན་གྱི་བརྟག་དཔྱད་བྱེད་མགོ་བརྩམས་པ་དང་།མཚོ་བོད་མཐོ་སྒང་གི་གནམ་གཤིས་ཆེས་བཟང་བའི་ཟླ8པར། ནོར་གནག་ལ་གྲང་འདར་རྒྱག་པའི་སྣང་ཚུལ་ཡོད་པ་ཤེས།དེའི་ཕྱིར།“གངས་ལྗོངས་ཀྱི་གྲུ་གཟིངས”ཞེས་པའི་མཚན་སྙན་ལྡན་པའི་ནོར་གནག་ཀྱང་གྲང་ངར་ལ་སྐྲག་པ་དང་།དེའི་དགུན་ཐུབ་པའི་གཤིས་ནུས་ཀྱང་བོད་ལུག་མ་མོ་ལས་ཞན་པ་ཤེས་ཐུབ། 

2011ལོ་ནས་བཟུང་།ཡུས་མིང་ཧྲེང་ཚན་ཞིབ་ཚོགས་པས་དབྱི་སི་རལ་གྱི“བདེ་སྐྱིད་བཞོན་མ”ནང་འདྲེན་བྱེད་པ་དེ་ནོར་གནག་གི་ཐོན་རིན་ཕྱོད་ཆེན་པོས་མཐོར་འདེགས་བྱེད་པའི་འགག་སྒྲོལ་གནད་སར་བརྩིས།ཞིང་ཆེན་ཕྱུགས་ལས་སྨན་བཅོས་ཚན་རིག་གླིང་དང་ཆི་ལེན་རྫོང་ཚན་རིག་ཞིང་ཕྱུགས་དབུལ་སྐྱོར་གསར་སྤེལ་ཅུས།མདོ་ལ་རིང་མོའི་རི་སྐྱེས་ཕྱེད་ཀྱི་ཤྭ་བ་ལས་རིགས་རྟེན་གཞི་ཚད་ཡོད་ཀུང་སི།དབྱི་སི་རལ་ཨ་པེ་ཨེར་བཞོན་མ་དང་སྒྲིག་བཀོད་ལག་རྩལ་ཚད་ཡོད་ཀུང་སི་བཅས་དང་མཉམ་འབྲེལ་བྱས་ཏེ།ཚན་རྩལ་པུའུ་རྒྱལ་སྤྱིའི་མཉམ་ལས་ལས་གཞི་སྟེ《མཚོ་བོད་མཐོ་སྒང་གི་ནོར་གནག་དེང་རབས་གསོ་སྤེལ་དང་སྐྱེ་ཁམས་མཐུན་སྦྱོར་ཡོང་བའི་ལག་རྩལ་སྒྲིག་སྦྱོར་དཔེ་དབྱིབས་ཀྱི་ཞིབ་འཇུག》ཅེས་པའི་སྙན་ཞུ་ཕུལ། 

ཚོད་ལྟའི་ནོར་གནག་གསོ་སྤེལ་བྱེད་པར་ཞིབ་འཇུག་ལག་རྩལ་གྱི་རྣམ་གྲངས14བསྲེས་པ། 

ཡུས་མིང་ཧྲེང་ཚོགས་པས་ནོར་གནག་གསོ་སྤེལ་ལ་འཚོ་བཅུད་དང་ཁོར་ཡུགཐོན་སྐྱེད་བྱེད་སྟངས་བཅས་ཚོད་འཛིན་ཐེབས་པའི་རྒྱུ་རྐྱེན་ཆེན་པོ་གསུམ་ནས་མགོ་བརྩམས་པ་དང་།མཐོ་སྒང་ལ་གྲང་ངར་ཆེ་བ་དང་།འཚོ་བཅུད་དཀོན་པ།ཐོན་སྐྱེད་བྱེད་ནུས་དམའ་བ་སོགས་རྒྱུ་རྐྱེན་ལ་དམིགས་ནས།དབྱི་སི་རལ་གྱི་གསོ་སྤེལ་དང་ལས་སྣོན་གཅིག་འདུས་ཅན་གྱི་ཕན་འབྲས་མཐོ་བའི་ཕྱོགས་བསྡུས་ལག་རྩལ་ནང་འདྲེན་བྱས་ཏེ།འཚོ་བཅུད་སྙོམ་སྒྲིག་དང་ནམ་ཟླ་འཁྱགས་དུས་གཟན་ཆས་སྣོན་པ་སོགས་ལག་རྩལ་ཆ་ཚང་བརྒྱུད་དེ།ལོ་ངོ4རིང་ལ་འགག་སྒོ་རེ་རེ་བརྒྱུད་པའི་མགོ་བརྩམས།

1481770227981762.jpg

2011ལོའི་ཟླ5པར།ཡུས་མིང་ཧྲེང་ཚོགས་པས་ཆི་ལེན་རྫོང་རི་སྐྱེས་ཕྱེད་ཀྱི་ཤྭ་བ་ལས་རིགས་ཀུང་སིར་གྲོས་མཐུན་ཡི་གེ་བཞག་པར་མ་ཟད།ཡ་ཁོ་ཕྱུགས་ལས་ཚད་ཡོད་ཀུང་སི་བཙུགས་ཏེ།ཁེ་ལས་ཅན་གྱི་འཁོར་སྐྱོད་བྱེད་སྟངས་ལ་བརྟེན་ནས།རི་སྐྱེས་ཕྱེད་ཀྱི་ཤྭ་བ་ལས་རིགས་བཟོ་གྲྭར་ནོར་ཁང་དང་ལས་སྣོན་ཁང་ལས་པ་དང་།འབྲོག་པའི་ལག་ནས་རྩེབས་ནས་ཉིན5ལས་འགོར་མིད་པའི་བེའུ138ཉོས་ཡོང་སྟེ།མིས་ཐབས་ཀྱིས་གསོ་སྤེལ་བྱེད་མགོ་བརྩམས། 

ཟླ5པའི་ཆི་ལེན་ཆུ་ནག་གྲོག་རོང་ནི་སྔར་བཞིན་འཁྱགས་དར་གྱིས་བསྡམས་ཡོད།བེའུ་ལ་ཁོར་ཡུག་སྐྱིད་པོ་ཞིག་དང་འཚོ་བཅུད་དོ་སྙོམས་ཡོང་བའི་ཆེད་དུ།ཡུས་མིང་ཧྲེང་མི་གསུམ་ཚོགས་པས་འཚོ་བཅུད་ཀྱི་དམིགས་ཚད་ཞིབ་བཤེར་རྩིས་ལེན་བྱས་ཏེ།གསོ་སྤེལ་བྱེད་སྟངས་ཀྱི་འཆར་གཞི་བཟོས་པ་དང་།བེའུ100ལྷག་ལ་ཉིན་རེར་འཇིབ་རུ་སྤྱད་དེ་གཟན་ཐེངས་གསུམ་ལ་སྟེར་རྒྱུའི་ཐག་བཅད།ནམ་ཟླ་འཁྱགས་དུས་ནོར་ཁང་ཇེ་དྲོར་བཏང་བ་དང་།ནམ་ཟླ་དྲོ་དུས་རླུང་རྒྱུག་པར་བྱས་ཏེ།“རང་ཉིད་ཀྱི་བྱིས་པར་ཡང་དེ་ལྟ་བུའི་སེམས་ཁྲལ་བྱས་མ་མྱོང་།” 

བེའུ100ལྷག་གི་ན་སོ་ཟླ་གསུམ་ལ་ཐོན་སྐབས།བསྡུར་བ་ན།ཚོད་ལྟའི་བེའུ་ཡི་གཟུགས་བོངས་དེ་རང་བྱུང་ལྟར་འཚར་སྐྱེ་བྱུང་བ་ལས་ད་དུང་ཆུང་བ་ཤེས་པ་ན།ཁོ་ཚོར་འཚུབ་ཆ་ལངས། 

 “དེར་གནད་དོན་ཞིག་བྱུང་ཡོད་པ་ཁོ་ཐག་རེད”ཅེས་ཡུས་མིང་ཧྲེང་གིས་དེ་མ་ཉིད་དུ་ཚོང་རའི་ནང་ཉོས་ཡོང་བའི་གཟན་ཆས་ལ་ཞིབ་བཤེར་བྱས་པ་ན།སྤྲི་དཀར་གྱི་ཚད་གཞི་འདང་མིད་པ་ཤེས་པས།ལུགས་དང་མཐུན་པའི་གཟན་ཆས་སྡེབ་སྟངས་ལ་ཞིབ་འཇུག་བྱས་པར་མ་ཟད།གཟན་ཆས་ཀུང་སི་ནས་ཆེད་སྤྱོད་གཟན་ཆས་མངག་ཉོ་བྱས། 

ཉིན85ལོངས་དུས།བེའུ་ཚང་མར་འོ་མ་ལྡུད་མཚམས་བཞག་པ་དང་།ལྟོ་བའི་འཇུ་ཚད་ཇེ་ཆེར་འགྲོ་བའི་ཆེད་དུ།ཡུས་མིང་ཧྲེང་གིས་བེའུ་དེ་དག་ལ་གཟན་ཆས་སྣ་ཚོགས་ཁ་སྣོན་བྱས།ཉིན་རེར་འཚོ་སྐྱོང་བྱས་ཏེ་བེའུ་ཡི་གནམ་ལྡིང་ས་ལྡིང་གི་གཤིས་ཀ་སླར་གསོ་འབྱུང་དུ་བཅུག་པ་དང་།ཟླ12པར་སླེབས་པ་ན་བེའུ་རྣམས་ཀྱི་སྐྱེ་ཚུལ་ཧ་ཅང་བཟང་། 

དོན་བཟང་པོར་བར་ཆད་མང་ཞེས་པ་ལྟར།ད་སོ་མ་དཀའ་གནད་ཅིག་ཐག་གིས་བཅད་མོད།འོན་ཀྱང་དཀའ་གནད་གཞན་ཞིག་དེར་མཐུད་ནས་ཁོ་ཚོའི་མདུན་དུ་ལྷགས།བེའུ་ན་སོ་ཟླ7ལ་སླེབས་པའི་སྐབས་སུ།བེའུ་དེ་དག་གི་རུས་སྒྲོམ་སོ་སོར་ཕྱེས་མིད་པར།ཡིད་ཚོད་ལས་བར་ཁྱད་ཆེན་པོ་ཡོད་སྟབས།ཞིབ་འཇུག་ཚན་ཆུང་གིས་ཉིན་དང་མཚན་བརྒྱུད་ནས་རྒྱུ་རྐྱེན་བཙལ།ཚད་འཇལ་གཏན་ཁེལ་བྱས་པ་བརྒྱུད་བེའུ་ལ་འཚོ་བཅུད་ཀལ་གྱིས་མ་འདང་བ་ཤེས་པས།ཉིན་རེར་སྤྱི་རྒྱ0.86གི་འཚོ་བཅུད་ཀལ་གྱི་ཟས་རིགས་བསྣན་ནས་བླུད་པ་དང་།ཟླ་ངོ་གཉིས་ནས་གསུམ་འགོར་རྗེས།བེའུ་རྣམས་ལ་འཚར་སྐྱེ་ཆེན་པོ་བྱུང་སྟེ།ཕལ་ཆེར་ནོར་གནག་དར་མའི་རུས་སྒྲོམ་ཆགས།ལོ2དང་ཟླ་ངོ་དྲུག་ཕྱིན་པ་ན།ཏ་ཐུང་གི་སོན་ནོར་སྤེལ་ར་ནས་ན་སོ་ལོ3དང་ཕྱེད་ཀ་ཅན་གྱི་ནོར་ཕྱུགས་དང་བསྡུར་བ་དང་།སྦོམ་ཚད་ལི་སྨི3གྱིས་སྦོམ་པས།སྔ་མོ་ནས་འཚོ་བཅུད་ཀལ་ཁ་སྣོན་བྱས་པའི་ཕན་འབྲས་ཐོན་པ་རེད། 

གཟན་ཆས་དོ་སྙོམས་ངང་བྱིན་པ་བརྒྱུད།ན་སོ་ཟླ་ངོ14ལ་སླེབས་སྐབས་ཚོད་ལྟའི་ནོར་ཕྱུགས་རྣམས་ཐུན་མོང་གིས་སྦྱིག་པ་དང་།ཕ་སྦྱོར་བྱས་རྗེས་ན་སོ་ཟླ་ངོ22ལ་ཐོན་དུས་བེའུ་དང་པོ་རྩེབས་པ་དང་།བེའུ་དང་པོ་གསོན་མ་ཐུབ་མོད། 

འོན་ཀྱང་ཡུས་མིང་ཧྲེང་གིས་སེམས་ཞིབ་མོས་ཐག་གཅོད་བྱས་འོགརབས་གཉིས་པའི་བེའུ་བདེ་བླག་ངང་རྩེབས།མིག་སྔར།2011ལོར་རྩེབས་ནས་ཉིན5ལས་འགོར་མིད་པའི་བེའུ138པོས་རབས་གསུམ་པ་དང་རབས་བཞི་པར་རྩེབས་པའི་བེའུ་བརྩིས་ན།ད་ལྟ་ནོར་ཁྱུ་དེར་ནོར་ཕྱུགས326ལ་སླེབས་ཡོད། 

“སྒྲིག་སྦྱོར་དཔེ་དབྱིབས”མང་སྣོན་བྱས་པ་ལས་ཐོན་པའི་ཕན་འབྲས། 

ཞིབ་བཤེར་རྩིས་ལེན་བྱེད་པའི་ཚོགས་ཐོག་ཏུ།ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་རྣམས་ཀྱིས་མཐའ་གཅིག་ཏུ་ངོས་བཟུང་བ་ནི།གསོ་སྤེལ་བྱེད་སྟངས་འདི་བརྒྱུད་དེ་ནོར་གནག་གི་ཐོན་སྐྱེད་བྱེད་ནུས་མཐོར་འདེགས་བྱས་ཏེ།ནོར་གནག་ལོ1ནང་བེའུ་ཐེངས1ལ་རྩེབས་ཀྱང་སྲིད།སྲོལ་རྒྱུན་གྱི་གསོ་སྤེལ་དེ་དེང་རབས་ཕན་མཐོའི་གསོ་སྤེལ་ལ་བསྒྱུར་པས།རྩྭ་ཕྱུགས་དོ་སྙོམས་ཡོང་བའི་ཕྱུགས་ཐེག་ཚད་ཀྱི་ཚད་གཞིའི་རྨང་གཞི་སྟེང་།ཐོན་ཚད་མཐོ་བའི་ཕན་ཕྱོད་ཐོབ་པ་རེད།སྲོལ་རྒྱུན་གྱི་ཕྱུགས་འཚོ་སྐྱོང་བྱེད་པའི་ཆ་རྐྱེན་འོགརྩྭ་ར་ཞན་འགྱུར་དང་འབྲོག་པའི་ཡོང་སྒོ་ཇེ་དམའ་རུ་འགྲོ་བའི་འཁོར་རྒྱུག་ངན་པ་ཐག་གཅོད་བྱས་པ་རེད། 

ཕྱུགས་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོར་འདེགས་བྱེད་ཆེད།ཡུས་མིང་ཧྲེང་གིས་དབྱི་སི་རལ་གྱི་གསོ་སྤེལ་བྱེད་སྟངས་སྤྱད་དེ།ཚད་དང་རན་པའི་སྒོ་ནས་ནོར་གནག་གི་ཕྱུར་བ་ལས་སྣོན་བྱེད་པའི་སྒྲིག་བཀོད་ཞིབ་འཇུག་གསར་སྤེལ་བྱས་པ་དང་།དེས་སྡེབ་སྦྱོར་མི་འདྲ་བ་ལྟར།ནོར་གནག་པ་ཧྲི་འོ་མ་དང་དཀྲུག་ཞོ།འཁྱག་ཉར་བྱས་པའི་ཞོ།ཕྱུར་བ་སྲ་མོ་དང་ཕྱུར་བ་སྙི་མོ་བཅས་ཐོན་སྐྱེད་བྱས་ཆོག་ཅིང་།དེའི་བྱེད་ནུས་ཆེན་པོ་དང་སྔོན་ཐོན་རང་བཞིན།བཀོལ་སྤྱོད་ཆོག་པའི་ཚད་བཅས་ནི་ལས་གཞིའི་སྔོན་དཔག་ལས་བརྒལ་ཏེ།རྒྱལ་ནང་ནས་སྔོན་དུ་སྐྱོད་པའི་ཆུ་ཚད་དུ་སླེབས། 

སྐྱེ་ཁམས་ཕན་འབྲས་ནས་བལྟས་ན།གསོ་སྤེལ་བྱེད་སྟངས་དེ་བརྒྱུད་ནས་ཐོབ་པའི་ཚོད་ལྟའི་གཞི་གྲངས་དང་དེང་རབས་དང་སྲོལ་རྒྱུན་གྱི་ཁྱིམ་ཚང་གིས་གསོ་སྤེལ་བྱེད་སྟངས་ལ་ཚོད་རྩིས་དབྱེ་ཞིབ་བྱས་པ་བརྒྱུད།དེང་རབས་ཀྱི་ཁྱིམ་ཚང་གིས་གསོ་སྤེལ་བྱེད་སྟངས་དེས་སྲོལ་རྒྱུན་གྱི་གསོ་སྤེལ་བྱེད་སྟངས་ལས་ཕལ་ཆེར་རྩྭ་ར་མུའུ2882གྲོན་ཆུང་ཐུབ་སྟེ།སྲོལ་རྒྱུན་གྱི་གསོ་སྤེལ་བྱེད་སྟངས་ལས1尩6ཙམ་ཡིན་པ་རེད།ཕྱུགས་རྩྭར་བཅག་ན་གཟན་རྩྭ་ཏུན332གྲོན་ཆུང་ཐུབ་པ་དང་།ནོར་ཕྱུགས་རེ་ཡིས་ཆ་སྙོམས་ཀྱིས་གཟན་རྩྭ་ཏུན2.3གྲོན་ཆུང་ཐུབ་པ་རེད།འདི་ནི་ཐོན་སྐྱེད་ཕན་ཕྱོད་མཐོར་འདེགས་ཆེན་པོ་བྱས་པའི་གནས་ཚུལ་འོག རྩྭ་རའི་གནོན་ཤུགས་ཇེ་ཡང་དུ་བཏང་བའི་མཚོན་རྟགས་མངོན་གསལ་རེད།

1481770227536518.jpg

དཔལ་འབྱོར་གྱི་ཕན་འབྲས་ནས་བལྟས་ན།དབྱི་སི་རལ་གྱི“བདེ་སྐྱིད་བཞོན་མའི”གསོ་སྤེལ་འདུ་ཤེས་དང་ལག་རྩལ་ནང་འདྲེན་བྱས་པ་བརྒྱུད།མཐོ་གྲང་འབྲོག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཕྱུགས་ལས་བསྟུད་མར་འཕེལ་འཐུས་པར་འགལ་བ་ཡོད་པའི་བཀག་རྒྱ་བསལ་ཏེ། ཕྱུགས་གྲངས་ཉུང་འཕྲི་བྱས་ཏེ་ཕན་འབྲས་མཐོར་འདེགས་གཏོང་བའི་དམིགས་འབེན་མངོན་འགྱུར་བྱུང་བ་དང་། ཁྱིམ་ཚང་གིས་གསོ་སྤེལ་བྱེད་སྟངས་ལས་ཕྱུགས་གྲངས50%ཡན་ཇེ་ཉུང་དུ་བཏང་བ་ན། 

གསོ་སྤེལ་གྱི་ཕན་ཕྱོད་སྔར་བཞིན271.2%ཀྱིས་ཇེ་མཐོར་སོང་།གསོ་སྤེལ་དང་ལས་སྣོན་གཅིག་འདུས་ཐད་ནས500%ཡན་གྱི་ཕན་ཕྱོད་ཇེ་མཐོར་སོང་སྟེ།གསོ་སྤེལ་དང་སྐྱེ་ཁམས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་དཔེ་སྟོན་རང་བཞིན་གྱི་གསོ་སྤེལ་བྱེད་སྟངས་བཙུགས་པས།རང་ཞིང་གི་མཉམ་ལས་ཁང་དང་གསོ་སྤེལ་དུད་ཚང་ཆེན་པོ་རུ་ཁྱབ་གདལ་དུ་གཏོང་འོས།།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716