སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཇི་ལྟར་བྱས་ན་མཚོ་སྔོན་གྱི“ཚྭ”ད་གཟོད་རྒྱལ་ནང་གི་ཚོང་ར་ཆེན་མོ་ནས་བྲིན་རྒྱུ་རེད།
སྤེལ་དུས། 2017-08-18   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ།  

2017ལོའི་ཟླ་དང་པོའི་ཚེས1ཉིན། རང་རྒྱལ་གྱི་ཚྭ་ལས་བཅོས་བསྒྱུར་དངོས་སུ་བྱེད་མགོ་བརྩམས་པ་དེས་ཚྭ་ལས་ཚོང་རའི་འགྲན་རྩོད་ཁྲོད་དུ་ཁྲིད་པ་མཚོན་པར་མ་ཟད། ཞིང་ཆེན་བརྒལ་ཏེ་ཚྭ་རྒྱུན་འཁོར་ཐུབ་པ་མངོན་འགྱུར་བྱས།

ཟླ5པའི་བར་དུ། ཚོང་རའི་འགྲན་རྩོད་ཀྱི་དུང་བརྡ་བརྒྱབ་ནས་ཡུན་རིང་འགོར། ས་གནས་ཀྱི་ཚྭ་ལས་ཀུང་སི་མང་པོ་ཞིག་གིས་ཚོང་བརྡིབས་པའི་གནས་ཚུལ་འོག་དངོས་ཡོད་ལ་ཤེས་རྟོགས་དང་བསམ་བློ་མི་གཏོང་ག་མེད་བྱུང་།

མཚོ་སྔོན་གྱི་ཁྱད་འཕགས་ཐོན་ཁུངས་གླེང་ན། ཚྭ་མཚེའུ་ཐོན་ཁུངས་ངེས་པར་གླེང་དགོས། སྡོམ་རྩིས་བྱས་པ་ལྟར་ན། ཞིང་ཆེན་ནང་ཁུལ་དུ་ཆེ་ཆུང་མི་འདྲ་བའི་ཚྭ་མཚེའུ27དང་། གཏེར་རྫས་ཆགས་གཞི་དང་གཏེར་གནས60ལྷག་ཡོད། དེའི་གྲས་སུ་ཏུན་དུང་ཕྱུར100ལས་བརྒལ་བའི་ཚྭ་མཚེའུ་ཆེ་ཤོས་གཉིས་དང་། ཏུན་དུང་ཕྱུར10-100བར་གྱི་ཚྭ་མཚེའུ་ཆེན་པོ6ཡོད། ཚྭའི་འདུས་ཚད་ཏུན་བྱེ་བ་ལོན་པའི་ཚྭ་མཚེའུ་ཆུང་ཤས་གནས་དེའི་གང་ས་གང་དུ་ཡོད་པར་མ་ཟད། ཀྲུང་གོའི་ཚྭ་གཏེར་ཐོན་ཁུངས་འདུས་ཚད་ཁྲོད་མཚོ་སྔོན་ནི་ཆེས་མང་ཤས་ཡིན་པས། རྒྱལ་ཡོངས་འདུས་ཚད་ཀྱི80﹪ཟིན་ཡོད།

གོ་སྐབས་བྱུང་བ་མ་བཟུང་ན་དུས་དེ་ཕྱིར་ཡོང་མི་སྲིད། མཚོ་སྔོན་གྱི་ཚྭ་ལས་ལ་མཚོན་ནས་བཤད་ན། ཚྭ་ཚོང་ར་ཅན་དུ་བསྒྱུར་བ་ནི་ལོ་ངོ་ཁྲི་སྟོང་བར་དུ་ཐུག་དཀའ་བའི་གོ་སྐབས་ཤིག་རེད། ཁེ་ལས་ཀྱི་དར་རྒུད་དང་མཚོ་སྔོན“ཚྭ”ལ་འཕེལ་རྒྱས་འབྱུང་ཐུབ་མིན་གྱི་གོ་སྐབས་འདི་དམ་འཛིན་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཚྭ་ལས་མ་རྐང་ཚད་ཡོད་ཀུང་སིས2013ལོ་ནས་བཟུང་གྲ་སྒྲིག་བྱས་ཏེ་ཐོན་ནུས་རྒྱ་སྐྱེད་དུ་བཏང་། མ་དངུལ་སྒོར་ཁྲི4000བཏང་སྟེ་ཚྭ་ཁ་རུ་ཏུན་ཁྲི15ཡོད་པའི་ཆེས་མཐོའི་ཟས་རིགས་རིམ་པའི་ཚྭ་ཐོན་སྐྱེད་སྐུད་ལམ་འཛུགས་སྐྲུན་བྱས་པར་མ་ཟད། 2014ལོར་དངོས་སུ་སྤྱོད་མགོ་བརྩམས།

མཚོ་སྔོན་ཞིང་ཆེན་ཚྭ་ལས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་ཐན་ཧྲེང་ལུའུ་ཡིས“དོན་ངོ་མར་ཆེད་གཉེར་དུས་སྐབས་སུ། མཚོ་སྔོན་གྱི་ཚྭ་མཚེའུ་ཡིས་ལོ་རེ་བཞིན་ཞིང་ཆེན་ནང་ཁུལ་གྱི་མི་ལ་མཁོ་བའི་ཚྭ་ཏུན་ཁྲི2འདོན་སྤྲོད་བྱེད་དགོས་པར་མ་ཟད། ཧུའུ་ནན་དང་ཧོ་ནན། ཧྲའན་ཞི། ཧྲན་ཞི། ཀན་སུའུ་བཅས་ཀྱི་ཞིང་ཆེན་ལའང་ལོ་རེར་ཕྱི་ཐུམ་ཆེན་མོ་བརྒྱབ་པའི་ཚྭ་ཏུན་ཁྲི7མཁོ་འདོན་བྱེད་དགོས། དེ་དག་སྐྱེལ་འདྲེན་བྱས་རྗེས་ས་དེའི་ཚོང་རྟགས་བརྒྱབ་ནས་ཕྱིར་འཚོང་བྱེད་པ་རེད། ལོ་མང་པོའི་རིང་ལ་ཁེ་སྤོགས་ཅུང་ཉུང་ནའང་ཁེ་ལས་ཀྱིས་ཚོང་ར་དང་མ་འོངས་འཕེལ་རྒྱས་ཀྱི་མདུན་ལྗོངས་མཐོང་ཡོད་པས། སྔ་མོ་ནས་ཆེས་མཐོའི་ཟས་རིགས་རིམ་པའི་ཐོན་སྐྱེད་སྐུད་ལམ་འཛུགས་སྐྲུན་བྱས་ཏེ་ཚོང་རའི་གོ་སྐབས་དེར་བསྒུགས་ཡོད”ཟེར།

ཐོན་སྐྱེད་སྒྲིག་ཆས་ལ་བྱང་ཆ་ལྡན་དུ་བཅུག་ནས། མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་བྱས། 2016ལོའི་ལོ་མཇུག་བར་དུ། མཚོ་སྔོན་གྱི་ཚྭ་ལས་ཀྱིས་རྒྱལ་ཡོངས་ཀྱི་སྔར་ཡོད་ཕྱིར་འཚོང་ས་ཁུལ་ལ་ཡང་བསྐྱར་ལེགས་སྒྲིག་དང་བཀོད་སྒྲིག་བྱས་པར་མ་ཟད། ཕྱིར་འཚོང་ཐབས་ལམ་རང་འཛུགས་བྱས་ཏེ་ཡན་ལག་ཀུང་སི་བཙུགས། མིག་སྔའི་བར་ཞིང་ཆེན12སུ་ཡན་ལག་ཀུང་སི་བཙུགས་པ་དང་། ཞིང་ཆེན14ཡིས་རང་ཞིང་གི་ཟོག་སྐྱེལ་བཀོལ་ཏེ་ཕྱིར་འཚོང་དང་བགོས་སྤྲོད་བྱས་དང་བྱེད་བཞིན་ཡོད།

དུས་ཡུན་ལོ་ཕྱེད་ཙམ་གྱི་ནང་། མཚོ་སྔོན་གྱི་ཚྭ་ལས་ཀྱིས་ཚྭ་སྣ་ཁ3ནས་ཚྭ་སྣ་ཁ16ལ་འཕར། སླ་བཅོས་དང་དབྱེ་འབྱེད་དཀའ་བ། ལོ་ངོ་བཅུ་ཕྲག་འགའ་ལ་འགྱུར་བ་མེད་པའི་ཕྱི་ཐུམ་དེ་རིམ་སྤར་བྱས་ནས་མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་གྱི་ཁྱད་ཆོས་ལྡན་པར་མ་ཟད། གྲུབ་ཆ་དང་་སྤྱོད་ཡུལ། ཚྭ་རྡོག་གི་ཆེ་ཆུང་བཅས་མངོན་གསལ་བཀོད་པའི་ཚྭའི་ཐུམ་ཆུང་བར་བསྒྱུར་པ་དང་། སྔོན་ཆད་རྐོ་འདོན་དང་ཞིབ་འཐག གཙང་འཁྲུད་ཀྱི་ལས་རིམ་ཁོ་ན་ཙམ་པོ་བསྒྱུར་ཏེ་ཀྲུང་གོ་ཚན་རིག་གླིང་ཚྭ་མཚེའུ་ཞིབ་འཇུག་སུའོ་དང་། ཀྲུང་ཚྭ་ལག་རྩལ་ཞིབ་འཇུག་གླིང་། ཐེན་ཅིང་ཚན་རྩལ་སློབ་ཆེན་བཅས་ཀྱི་ཚན་རིག་ཞིབ་འཇུག་སུའོ་སོ་སོ་དང་མཉམ་ལས་སྒོས་ཚན་རིག་ཞིབ་འཇུག་ལ་ཤུགས་བསྣན་ཏེ་ཚྭའི་ཟུར་སྣོན་འཚོ་བཅུད་ཇེ་མཐོར་བཏང་བ་དང་། ཀྲུང་གོ་དང་ཐ་ན་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་དགོས་མཁོ་དང་མཐུན་པའི་ཚྭའི་སྣ་ཇེ་མང་དུ་བཏང་།

མཚོ་སྔོན་གྱི་ཚྭ་ཞིང་ཆེན་སོ་སོའི་ཚོང་རར་བཀྲམ་པའི་དུས་ཡུན་ལོ་ཕྱེད་ཙམ་གྱི་ནང་དུ། ཕྱི་ཐུམ་ཆུང་བའི་ཏུན་ཁྲི1.5ཕྱིར་འཚོང་བྱས་ཏེ་ཡོང་འབབ་སྒོར་ཁྲི160བསྐྲུན་མོད། འོན་ཀྱང་ན་ནིང་དང་བསྡུར་ན། ན་ནིང་གི་ལོ་ཧྲིལ་པོར་ཕྱི་ཐུམ་ཆུང་བའི་ཚྭ་ཏུན700ཙམ་ལས་ཕྱིར་འཚོང་བྱེད་མ་ཐུབ། གྲུབ་འབྲས་དེ་འདྲ་བླངས་པས། མི་སེམས་ཡར་སྐུལ་གྱིས་མཚོ་སྔོན་གྱི“ཚྭ”ཡི་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་པར་བྱས། །

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716