སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
༄༅། །གངས་ལྗོངས་རྡོར་ལུགས་ཐང་ག
སྤེལ་དུས། 2017-08-28   ཡོང་ཁུངས། རྔ་བའི་གསར་འགྱུར།   རྩོམ་པ་པོ།  

54d41ffc4d20e.jpg

ཤཱཀྱ་མུ་ནེ།

54d41eee6989a.jpg

རྒྱལ་ཁབ་དངོས་མང་བཤམ་སྟོན་ཁང་གི་འགོ་གཙོ་ལུའི་ཀྲང་ཧྲིན་གྱིས་རྡོར་ལུགས་ཐང་ག་ཉར་ཚགས་བྱས་པའི་དཔང་ཡིག་གནང་བཞིན་པ།

           རྡོར་ལུགས་ཐང་ག་ནི་ཁམས་ཀྱི་སྒྱུ་རྩལ་པ་གྲགས་ཅན་ཉན་ཤུལ་རྡོ་རྗེ་དོན་གྲུབ་ལགས་ཀྱིས་བློ་རིག་གི་རྣམ་དཔྱོད་ལས་གསར་གཏོད་ཀྱི་རྒྱལ་མཚན་མཐོ་རུ་བསྒྲེངས་ཏེ་བོད་ཁམས་ཀྱི་ལྷ་རིས་པ་མང་པོར་མཐུན་འབྲེལ་གྱི་ངང་ནས་ཐང་གའི་སྒྱུ་རྩལ་འཕེལ་རྒྱས་ཀྱི་ལས་ལ་ཐུགས་བསམ་བཞེས་པ་དང་། ཁྱད་པར་དུ་ཀརྨ་སྒར་བྲིས་ཀྱི་རྒྱུད་འཛིན་པའི་མི་རབས་ཉེར་དགུ་པ་བོད་ལྗོངས་ཀྱི་རིམ་པ་དང་པོའི་ལྷ་རིས་པ་བསྟན་དགའ་དང་མཉམ་འབྲེལ་གྱིས་ཐང་གའི་འབྲི་རྒྱུན་གྱི་ནུས་པ་འདོན་སྤེལ་དང་གསར་གཏོད་ཀྱི་ཕྱོགས་སུ་གོམ་པ་སྤོས་པའི་འགོ་ཚུགས། དཀའ་སྤྱད་སྡུག་རུས་ཀྱིས་འབད་པ་དང་ཞིབ་འཇུག་བྱས་པ་བརྒྱུད། བྱས་རྗེས་འབུར་ཐོན་གྱི་འཕྲིན་ལས་ཀྱི་མཛད་པ་རླབས་ཆེན་ཞིག་བསྒྲུབས་ཡོད་དེ། ཁོང་གིས་ཐོག་མར་ཡུལ་ཡར་ལུང་སྤང་རིའི་རྩེ་མོ་ནས། ། བུ་ལུག་རྫི་ཨ་དཀར་རྨི་ལམ་དུ། ། སྨན་མཛེས་མ་རྨིས་པ་རྡོ་ལ་བྲིས། ། བོད་རི་མོའི་ཐོག་མར་རི་ཡི་མོ། ཞེས་གསུངས་ཏེ། བསྐལ་བ་ཡ་ཐོག་ནས་བོད་ཀྱི་ཡུལ་དུ་འགྲོ་བ་མི་བྱུང་བ་ནས་རི་མོ་དར་བའི་ལོ་རྒྱུས་ནས་མགོ་བརྩམས་ཏེ། བན་བོན་སོགས་ནས་བསྟན་པ་སྔ་དར་དང་ཕྱི་དར་སོགས་སྔ་ཕྱིར་བོད་ཡུལ་དུ་དར་བའི་བྲིས་རྒྱུན་ཁག་གི་རི་མོ་རྣམས་ལ་ཞིབ་འཇུག་དང་རྒྱུས་ལོན་གཏིང་ཟབ་ཅིང་མཐར་ཕྱིན་པ་བྱས་ཏེ་བོད་ཀྱི་རི་མོའི་ལུགས་ཀྱི་ཀརྨ་སྒར་བྲིས་ཀྱི་རྒྱུད་བཟུང༌། ཁྱད་པར་དུ་བསྟན་པ་ཕྱི་དར་གྱི་དུས་འགོར་དར་བའི་བཀའ་ གདམས་པའི་རི་མོའི་ལུགས་ཉམས་པ་སླར་གསོ་བྱས་ཤིང་ད་དུང་ལྷ་རིས་ཐམས་ཅད་ཀྱི་ལེགས་ཚོགས་ཕྱོགས་བསྡུས་ཀྱིས་རྡོར་ལུགས་རི་མོ་ཞེས་པ་གསར་གཏོད་བྱས་ཏེ། དུས་རབས་གསར་རྙིང་གཉིས་ཀྱི་བསྣོལ་མཚམས་སུ་རྩོམ་པ་པོའི་མཚན་བརྩམས་ཆོས་ལ་ཐོགས་པའི་བོད་ཀྱི་བྲིས་རྒྱུན་གྱི་ལོ་རྒྱུས་སྟེང་དུ་རྡོར་ལུགས་ཐང་ག་ཞེས་པའི་ལེ་ཚན་གསར་པ་ཞིག་གི་རིག་གཞུང་དང་བཅས་པ་གསར་གཏོད་མཛད་པས་བོད་ཀྱི་མཁས་དབང་མང་པོས་ཚད་མཐོན་པོས་གདེང་འཇོག་དང་དགའ་བསུ་ཐོབ། རྡོར་ལུགས་ཐང་ག་ཐོག་མ་སྒྲོལ་མ་རིགས་ལྔའི་ཐང་ག་ལ་རིན་གོང་མི་དམངས་དངུལ་སྒོར་ཁྲི་ཚོ་བརྒྱ་དང་དྲུག་ཅུ་རེ་བརྒྱད་ལ་སྡེབ་ཚོང་བྱས་པས་བོད་ཀྱི་ཐང་ག་གསར་པའི་རིན་གོང་ལོ་རྒྱུས་ཐད་ལ་སྔོན་བྱུང་མ་མྱོང་བའི་ཟིན་ཐོ་གསར་པ་བསྐྲུན། །

54d41fe967af0.jpg

སྒྲོལ་མ་དཀར་མོ།

54d41fdc67950.jpg

ཐོན་མི་སམ་བྷོ་ཊ།

54d41ff454b21.jpg

སྒྲོལ་ལྗང་།

54d9d0e81d0e8.jpg

སློབ་དཔོན་པདྨ་འབྱུང་གནས།

54d4200ecef91.jpg

མཐུན་པ་སྤུན་བཞི།

54d9ce117e608.jpg

ཧྭ་ཤང་།

54d9ce769daf4.jpg

ཏེ་ལོ་པ། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716