སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཕན་ཚུན་སེམས་ནས་འབྱུང་ཞེས་པའི་ཐང་གའི་སྒྱུ་རྩལ་སྤུས་དག་འགྲེམས་སྟོན་བྱེད་སྒོ་དེ་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ་འགོ་ཚུགས་པ།
སྤེལ་དུས། 2017-08-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  རྒྱལ་མཚན་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་བསྒྲགས་པ་ལྟར་ན། ༢༠༡༧ལོའི་ཟླ་༨པའི་ཚེས་༩གྱི་སྔ་དྲོར། རིག་གནས་པུའུ་ཀུང་ཝང་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མཚན་ཉིད་རིག་པ་དང་ཆོས་ལུགས་རིག་པའི་སློབ་གླིང་། རྒྱལ་ཁབ་ཀྱི་གསོ་རིག་བདེ་ཐང་མནའ་འབྲེལ་( པེ་ཅིན་) གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ཕན་ཚུན་སེམས་ནས་འབྱུང་ཞེས་པའི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་ལེགས་བསྡུས་འགྲེམས་སྟོན་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
པར་རིས་ནི་འགོ་ཚུགས་མཛད་སྒོ་སྤེལ་ཡུལ་དངོས་སུ་ཐང་ག་འབྲི་མཁན་དགེ་འདུན་དར་རྒྱས་ཀྱིས་ཤིས་འབུལ་བཞིན་པ།
          ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ལུའུ་ཀྲང་ཧྲེན་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཨན་བདུན་དབྱི་དང་། རིག་གནས་པུའི་ཀུང་ཝང་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་སུན་ཞི་ཀོང་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གཙོ་ཧོང་ཐའེ་ཡན། པེ་ཅིན་སློབ་གྲྭ་ཆེན་མོའི་ཆོས་ལུགས་རིག་གནས་ཞིབ་འཇུག་ཁང་གི་མཚན་འཛིན་ཡོན་ཀྲང་ལུག་དབྱི་ལེ། པེ་ཅིན་སློབ་ཆེན་སའེ་ཁེ་ལེ་གནའ་རྫས་རྟོག་དཔྱོད་དང་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་གཞོན་པ་སུང་ཤང་ཀོང་དང་། བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧན་ཧྲུའུ་ལི། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཧོང་ཤྭ་གཉན་དང་། མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་པ་དང་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་བྱ་དགའ་ཐོབ་མཁན་སྟེ། ཐང་གའི་སྒྱུ་རྩལ་མཁས་ཅན་དགེ་འདུན་དར་རྒྱས་། ཕྱག་རྡོར་དང་། སྙིང་འབུམ་དང་། གདུགས་དཀར་དང་། དེ་བཞིན་པེ་ཅིན་བོད་རིག་པའི་ལས་རིགས་ཁམས་དང་། ཡིག་རིས་ཁམས། ནང་བསྟན་ཆོས་ལུགས་ལས་རིགས་དང་། རིག་གཞུང་ལས་རིགས་སོགས་འབྲེལ་ཡོད་ཚན་པ་བཅས་ཀྱི་འགོ་ཁྲིད་དང་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ལས་རིགས་ཁག་གི་སྐུ་མགྲོན་མི་བརྒྱ་ལྷག་ཚོགས་འདུར་ཞུགས་འགོ་ཚུགས་པ་དང་འབྲེལ་“ཕན་ཚུན་སེམས་ནས་འབྱུང་ཞེས་པའི་ཐང་གའི་སྒྱུ་རྩལ་སྤུས་ལེགས་འགྲེམས་སྟོན་བྱེད་སྒོར་གཟིགས་པ་རེད།
          ད་ཐེངས་ཀྱི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་ལེགས་བསྡུས་འགྲེམས་སྟོན་གྱི་ཆེས་བཀྲག་མདངས་ཆེ་ཤོས་ནི་ཐུན་མོང་གི་འགྲེམ་སྟོན་བྱས་པ་དེ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རེབ་གོང་གི་རྫོང་ཞིག་ཏུ་མི་རབས་གཉིས་ཀྱིས་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་ཅན་ཤ་བོ་ཚེ་རིང་དང་དགེ་འདུན་དར་རྒྱས་ཕ་བུ་གཉིས་ཀྱིས་བརྩམས་པའི་ཕུལ་དུ་བྱུང་བ་དང་ཡང་རྩེ་ཡིན་པའི་ཐང་གའི་སྒྱུ་རྩལ་གྱི་བརྩམས་ཆོས་ཏག་ཏག་ཡིན་པ་རེད། ཤ་བོ་ཚེ་རིང་ནི་དེང་སྐབས་བོད་རིགས་ཐང་གའི་སྒྱུ་རྩལ་ཁྲོད་ལྷ་འབྲི་བར་སྙན་གྲགས་ལྡན་པའི་ཐང་ག་འབྲི་མཁན་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། དེ་སྔ་1988ལོའི་དུས་ན་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་ཅན་ལ་བདམས་པ་དང་། བོད་ཀྱི་ལོ་རྒྱུས་ཐོག་བྱ་དགའ་ཆེན་པོ་དེ་ཐོབ་མཁན་གྱི་སྒྱུ་རྩལ་པ་ཐོག་མ་ཞིག་རེད། དེའི་རི་མོའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། སྔོན་ཆད་ 1942ལོ་ལ་ཀྲང་ཏ་ཆིན་གྱི་རྗེས་སུ་འབྲངས་ཏེ་ཏུན་ཧོང་དུ་ཕེབས་པ་དང་། དེ་ནས་ལྡེབས་བྲིས་འདྲ་བཤུ་བྱས་ནས་ཕལ་ཆེར་ལོ་གཉིས་ལྷག་འགོར་ཟིན་པ་དང་། སྲོལ་རྒྱུན་ཐང་གའི་རི་མོའི་རྨང་གཞི་གཏན་པོ་ཞིག་ཆགས་ཡོད་པ་དང་། རྒྱ་གར་དང་བོད་ལྗོངས། ཏུན་ཧོང་བཅས་ཀྱི་རི་མོའི་སྒྱུ་རྩལ་གྱི་ཁྱད་ཆོས་གཞི་གཅིག་ཏུ་འདྲེས་པར་བྱས་པ་དང་། ས་གནས་ཁག་གི་ནང་བསྟན་གྱི་རི་མོའི་སྒྱུ་རྩལ་གྱི་གྲུབ་མཐའ་འཚོ་བཅུད་ཕྱོགས་གང་ཐད་ནས་བསྡུ་ལེན་བྱས་པ་དང་། རྒྱུན་ཆད་མེད་པར་ཡར་རྒྱས་དང་། ལེགས་ཆ་འཚོལ་བསྡུ་གང་མང་བྱས་པ་དང་རྙིང་འབུད་གསར་འདོན་བཅས་ལ་བརྟེན་ནས་ད་ལྟ་ཁོང་རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཉམས་འགྱུར་ཞིག་ཆགས་ཡོད་པ་རེད།
          དགེ་འདུན་དར་རྒྱས་ནི་ཤ་བོ་ཚེ་རིང་ལགས་ཀྱི་བུ་ཆེ་བ་ཡིན་པ་དང་། ཆུང་ངུའི་དུས་ནས་ཡབ་ཀྱི་རྗེས་ལ་བསྙེགས་ནས་ཐང་གའི་རི་མོ་འབྲི་སྦྱངས་དང་ལག་རྩལ་ཁྱད་དུ་འཕགས་བྱེད་པར་དོ་སྣང་བྱས་ཤིང་ཐང་གའི་རྒྱུན་འཛིན་དང་ཁྱབ་གདལ་གཏོང་བའི་ཐད་ནས་སློབ་སྦྱོང་གང་ལེགས་བྱས་མཐར་གྲུབ་འབྲས་འབུར་དུ་ཐོན་པ་ལོན་ཡོད་པ་རེད། སྒྱུ་རྩལ་པའི་ལས་སུ་ཞུགས་ནས་བགྲང་བྱ་བཞི་བཅུ་ལྷག་ཙམ་རིང་འགོར་བའི་རིང་ལ་སློབ་ཕྲུག་བཞི་བཅུ་ལྷག་ཙམ་ལ་ཁྲིད་སྟོན་བྱས་ཟིན་པ་དང་། རེབ་གོང་ཐང་ག་རྒྱུན་འཛིན་དང་དར་སྤེལ་ཐད་ནས་མཛད་རྗེས་ཀྱི་སྟོབས་ཤུགས་བླ་ན་མེད་པ་ཞིག་བཞག་ཡོད་པ་དང་གསོ་སྐྱོང་མང་པོ་བྱས་ཡོད་པ་རེད། དགེ་འདུན་དར་རྒྱས་ལགས་2006ལོ་དང་། 2007ལོར་སྔ་རྗེས་སུ་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་ཅན་ལ་བདམས་པ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་། མི་རབས་གཉིས་ཀྱི་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་ཁྱད་མཚར་བའི་གཏམ་རྒྱུད་ཅིག་བསྐྲུན་ཡོད་པ་རེད།
པར་རིས་འདི་ནི་དགེ་འདུན་དར་རྒྱས་ཀྱིས་འགོ་ཚུགས་མཛད་སྒོརཞུགས་པའི་སྐུ་མགྲོན་དང་ལྟད་མོ་བ་རྣམས་ལ་ཐང་གའི་གནས་ཚུལ་སྐོར་འགྲེལ་བརྗོད་གནང་བཞིན་པ།
          ད་རེས་ཀྱི་ཕན་ཚུན་སེམས་ནས་འབྱུང་ཞེས་པའི་ཐང་གའི་སྒྱུ་རྩལ་སྤུས་ལེགས་འགྲེམས་སྟོན་སྟེང་ཤ་བོ་ཚེ་རིང་ལགས་ཀྱི་ཕུལ་དུ་བྱུང་བའི་ཐང་གའི་བརྩམས་ཆོས་བརྒྱ་ལྷག་འགྲེམས་སྟོན་བྱས་ཡོད་པ་དང་། དེ་དག་ལས་ཁོང་གི་ཚབ་མཚོན་གྱི་བརྩམས་ཆོས་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་མཛད་རྣམ་དང་། འཇམ་པའི་དབྱངས། འོད་དཔག་མེད། སྒྲོལ་མ། ཆོས་སྲུང་། དགྲ་བཅོམ་པ་བཅོ་བརྒྱད། རི་མོ་ལ་ན་མོ་། ཀུན་སྤྱོད་སོགས་རིམ་སྤེལ་། ལྷག་པར་དུ་མཐོང་བར་དཀའ་བའི་ནི་ཤ་བོ་ཚེ་རིང་རིན་པོ་ཆེའི་སྐུ་འཚོ་བཞུགས་སྐབས་སུ་བྲིས་པའི་ཐང་གའི་བརྩམས་ཆོས་དེ་ནི་འཐུས་མི་རེབ་གོང་དང་དེང་རབས་བོད་བརྒྱུད་ནང་བསྟན་གྱི་ཐང་གའི་ལས་བའི་ཆེས་མཐོ་བའི་སྒྱུ་རྩལ་ཆུ་ཚད་མཐོ་རུ་གཏོང་དགོས། ཁོང་ཡབ་སྲས་རྣམ་གཉིས་ཀྱིས་ཀྱི་ཐང་གའི་རི་མོའི་ཉམས་འགྱུར་སྲོལ་རྒྱུན་རྒྱུན་འཛིན་བྱས་ཡོད་པ་མ་ཟད། རེབ་གོང་ཉམས་འགྱུར་དང་། དེ་དང་ཆབས་ཅིག་ད་དུང་བསྡུ་ལེན་བྱས་ཡོད་པས་རྒྱ་ནག་གི་རི་ཆུའི་རི་མོ། རྒྱ་གར་གྱི་རི་མོ་། དེ་བཞིན་ཏུན་ཧོང་ལྡེབས་རིས་སོགས་ཀྱི་མཚོན་མདོག་མདངས་ཕྱེ་བ་དང་། རི་མོའི་བཀོད་པ་དང་ཐིག་རིས་རྒྱག་པ། རེབ་གོང་ས་གནས་གསོན་ཉམས་ལྡན་པའི་རྣམ་པ་ཟབ་མོ་མངོན་མཛེས་དཔྱོད་ཀྱི་ཉམས་འགྱུར་དང་སྒྱུ་རྩལ་དགའ་ཕྱོགས་ཡོད་པ་རེད། སྲོལ་རྒྱུན་གྱི་བརྗོད་གཞིར་བྱས་པའི་ཐང་ག་ཕུད། ད་དུང་རྒྱ་བོད་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས་ཀྱི་བརྗོད་བྱ་མཚོན་པ་དང་། དེ་བཞིན་ཕ་བུ་མི་རབས་གཉིས་ཀྱིས་ཐུན་མོང་ཐོག་གསར་རྩོམ་བྱས་པའི་སྨི་30 ཐང་ག་ཤོག་དྲིལ་དང་། ཐང་གའི་བརྩམས་ཆོས་ཆེ་གྲས་དེས་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་རིག་གནས་སྲོལ་རྒྱུན་བྲིས་དང་། དེ་དག་གིས་བོད་རིགས་ཀྱི་དད་མོས་གསོན་ཉམས་ལྡན་པ་དག་འཚོ་བ་དང་ཡུལ་སྲོལ་དུས་སྟོན། ཇི་མ་ཇི་བཞིན་བཀོད་ཡོད་ལ་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་ཅན་མི་རབས་གཉིས་ཀྱིས་ཐང་གའི་འབྲི་རྩལ་རྒྱུན་འཛིན་དང་། འཕེལ་རྒྱས་དང་གསར་གཏོད་དང་། དེའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་ལག་ཤེས་པའི་སྙིང་སྟོབས་མཆོག་ཏུ་གྱུར་བ་རེད་།
པར་རིས་འདི་ནི་འགོ་ཚུགས་མཛད་སྒོའི་སྟེང་གི་སྐུ་མགྲོན་རྣམས་ཀྱི་དྲན་རྟེན་སྐུ་པར་ཡིན།
          འགོ་ཚུགས་མཛད་སྒོའི་སྟེང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་སྤྱིའི་མཉམ་ལས་ལྟེ་གནས་ཀྱི་ཡོན་ཀྲང་སུང་ཕིན་ཧུའུ་གཙོ་སྐྱོང་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་གསོ་རིག་དགེ་རྒན་བདེ་ཐང་མནའ་འབྲེལ་གྱི་དྲུང་ཆེ་དང་། ཕན་ཚུན་སེམས་ནས་འབྱུང་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་སྒྲིག་འཛུགས་ཨུ་ལྷན་གྱི་དྲུང་ཆེ་ཀྲང་ལི་ཡིས་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་མཐུན་ཀྲུའུ་ཝེ་ཆུན་གྱིས་གནང་བའི་བཀྲ་ཤིས་བདེ་ལེགས་ཞུ་བའི་ཤིས་ཚིག་སྒྲོག་སྦྱོངས་གནང་བ་དང་། ཀོན་ཀྲང་ལི་ཀྲང་ཧྲིན་དང་ཀོན་ཀྲང་འགོ་འཛིན་སུན་ཞིས་ཀོང་གིས་སྔ་རྗེས་སུ་གཏམ་བཤད་བྱས་ཤིང་། ཐང་གའི་སྒྱུ་རྩལ་མཁས་ཅན་ཤ་བོ་ཚེ་རིང་དང་དགེ་འདུ་དར་རྒྱས་ཀྱི་ཐང་གའི་བརྩམས་ཆོས་ལ་གདེང་འཇོག་ཆེན་པོ་གནང་བ་དང་འབྲེལ་ད་ཐེངས་ཀྱི་རྩེར་སོན་གྱི་ཐང་ག་འགྲེམས་སྟོན་པེ་ཅིང་དུ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན། སུན་ཞིས་ཀོང་གིས་བསྟན་དོན། ཐང་ག་གཙོ་བྱས་པའི་རེབ་གོང་སྒྱུ་རྩལ་2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་“ མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མཚོན་བྱེད་ཀྱི་མིང་ཐོར་བཀོད་པ་”ཞེས་པ་དེ་ཡིན་། ཤ་བོ་ཚེ་རིང་དང་དགེ་འདུན་དར་རྒྱས་ཕ་བུ་དེང་དུས་རེབ་གོང་ཐང་ག་བཞེངས་མཁན་གཙོ་བོ་ཡིན་པ་ལས་འཐུས་མི་དང་དགེ་རྒན་ཆེ་མོ་བ་ཧོང་ཤ་གཉེན་གྱིས་གདེང་འཇོག་བྱེད་སྐབས་འདི་སྐད། མཁས་ཆེན་ཤ་བོ་ཚེ་རིང་དང་མཁས་ཆེན་དགེ་འདུན་དར་རྒྱས་གཉིས་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ལ་དགའ་ཞེན་དང་། གསར་རྩོམ་བྱས་ནས་མི་རིགས་ཀྱི་བརྩེ་དུང་བརྩམ་ཐང་གའི་ཁྲོད་ངོ་གནོང་མི་དགོས་པ་ཞིག་ཡིན་པ་དང་། དེང་རབས་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་མཁས་ཅན་གྱི་དམིགས་བསལ་དཔང་བསྟོད། ལྷག་པར་དུ་ཁོ་ཚོས་བྲིས་པའི་རྩོམ་ཡིག་ནང་བརྩམས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའི་སྐུ་བརྙན་རྒྱན་མཉམ་འདྲེས་ཡང་མི་འཕྲོག་པ་ཡོད་པ་དང་། ཁེངས་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང་བྱམས་དང་སྙིང་རྗེ་མཐོང་དུ་འཇུག་མཁན་མི་དེ་ས་གནས་སེམས་དགའ་བྱུང་བའི་སྣང་བ་ཞིག་ཚོར། འཚོ་གཉིས་ཀྱང་བདག་ཉིད་ཆེན་པོ་རྣམས་ཀྱི་ཕ་ཡུལ་མཚོ་སྔོན་རེབ་གོང་ནི་སྐད་གྲགས་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཐང་གའི་ཕ་ས་དང་། ང་སྔོན་ཆད་དེར་སོང་མྱོང་བ་དང་དགོན་སྡེའི་ཐང་ག་གསར་རྩོམ་ལ་ལྟ་སྐོར་བྱེད་མྱོང་། དེས་བག་ཆགས་ཟབ་མོ་ཞིག་བཞག་བྱུང་བ་དང་། དེ་རིང་མེས་རྒྱལ་གྱི་རྒྱལ་ས་པེ་ཅིན་རེབ་གོང་གི་ཐང་ག་མཇལ་ཐུབ། དེའི་ཆེད་དུ་དགའ་ཚོར་ཆེན་པོ་དང་སྤོབས་སེམས་མཚོན་ཡོད།
པར་རིས་འདི་ནི་དགེ་འདུན་དར་རྒྱས་ཀྱི་སློབ་མས་ཡུལ་དངོས་སུ་ཐང་ག་འབྲི་བཞེངས་གནང་བཞིན་པ།
          འགྲེམས་སྟོན་རིང་དགེ་འདུན་དར་རྒྱས་མཁས་ཅན་དང་ཁོང་གི་དགེ་ཕྲུག་ད་དུང་ལྟད་མོ་བའི་ཐད་ས་གནས་ས་ཐོག་ཏུ་ཐང་ག་འབྲི་རྩལ་འཁྲབ་སྟོན་བྱེད་ཀྱི་ཡོད། ཁོང་གིས་སྤྱད་ཀྱི་བརྩམས་ཆོས་འགྲེམས་སྟོན་དང་འབྲི་རྩལ་སྟོན་འགྲེམས་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་ན་ལྟད་མོ་བ་ཚོས་བར་ཐག་ཉེ་ལ་གཟིགས་དང་ཤེས་རྟོགས་ཐང་གའི་བཟོ་བཀོད་ལེགས་པའི་བོད་ཀྱི་རི་མོའི་སྒྱུ་རྩལ་དང་། ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ཏུ་གྱུར་པའི་ཐང་ག་རྣམ་གྲངས་ལ་དེ་བས་གཏིང་ཟབ་པའི་ཤེས་རྟོགས་དང་ངོས་འཛིན་བྱ་དགོས་པ་རེད། ས་གནས་ས་ཐོག་གི་ལྟད་མོ་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་བསམ་ཡུལ་ལས་འདས་སོང་། པེ་ཅིན་ལ་རོལ་མྱོང་བྱེད་ཐུབ་ནི་མཚོ་སྔོན་རེབ་གོང་ཤ་བོ་ཚེ་རིང་དང་དགེ་འདུན་དར་རྒྱས་ཡབ་སྲས་ཀྱི་ཐང་གའི་བརྩམས་ཆོས་གྲགས་ཅན་ཡིན་པ་དང་། བརྩམས་ཆོས་དེ་དག་གི་ཚབ་ཞུས་ནས་རྒྱལ་སའི་ལྟད་མོ་བ་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མཚོན་ཡོད་པ་རེད། དེ་དང་དུས་མཚུངས་སུ་ཡང་ཐང་གའི་བརྩམས་ཆོས་ཁྲོད་ནས་རྒྱ་བོད་ཀྱི་སྒྱུ་རྩལ་ཞིག་མྱོང་ཚོར་ཐུབ་བྱུང་། ཕན་ཚུན་སློབ་སྦྱོང་། བསམ་བློ་བརྗེ་རེས་བྱེད་པའི་རིག་གནས་བརྩེ་སེམས་མངོན་ཡོད་པ་རེད།
པར་རིས་འདི་ནི་འགྲེམས་སྟོན་བྱ་ཡུལ་གྱི་ཡུལ་དངོས་ཡིན།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཕན་ཚུན་སེམས་ནས་འབྱུང་ཞེས་པའི་ཐང་གའི་སྒྱུ་རྩལ་ཐོན་རྫས་སྤུས་དག་འགྲེམས་སྟོན་ཟླ་8པའི་ཚེས་9ཉིན་སྤེལ་ནས་ཚེས་19ཉིན་མཇུག་འགྲིལ་རྒྱུ་ཡིན་པ་རེད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716