སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
པར་མིག་ནང་གི“རྒྱལ་ཁབ་ཆེན་པོའི་མཚོན་ཆ་གལ་ཆེན”དང་པར་མིག་ཕྱི་རོལ་གྱི“རྒྱལ་ཁབ་ཀྱི་སྟོབས་ཤུགས”
སྤེལ་དུས། 2017-09-06   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་སྤེལ་གསལ། ཉེ་ཆར་《རྒྱལ་ཁབ་ཆེན་པོས་མཚོན་ཆ་གལ་ཆེན》 ཞེས་པའི་པར་རིས་འགྲེམས་སྟོན་དེ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་མཇུག་འགྲིལ་ཅིང་། ད་ཐེངས་ཀྱི་འགྲེམས་སྟོན་ཐོག་བརྩམས་ཆོས་90ལྷག་འགྲེམ་སྟོན་བྱས་པར་མ་ཟད། ཚང་མ་ཉེ་ལམ་དུས་སྐབས་ཤིག་རིང་བཞེངས་སྐྲུན་དང་གསར་བཟོ་བྱས་ཏེ་ལེགས་གྲུབ་བྱུང་བའི་སྐད་གྲགས་ཆེ་བའི་བརྩམས་ཆོས་ཁག་གཅིག་ཡིན།
ལྷ་གྲུ་ལྔ་བའི་སྟེང་ནས་སའི་གོ་ལར་བལྟ་བ།
          དབྱང་ལི་ཝེས་ལྷ་གྲུ་ཨང་ལྔ་པའི་སྟེང་པར་བླངས་པའི་སའི་གོ་ལའི་དང་། སྟོབས་གསོག་བྱེད་བཞིན་པའི་ལྷ་གྲུ་རྟགས་ཅན་ཨང་དང་པོའི་ཟོག་འདྲེན་འཕུར་གྲུ་དང་། འཛུགས་སྐྲུན་བྱེད་བཞིན་པའི་“ ཀྲུང་གོའི་བུམ་པ་” …… པར་ལེན་པའི་པར་མིག་ཁྲོད་ཀྱི་རྒྱལ་ཁབ་ཆེན་པོའི་མཚོན་ཆ་གལ་ཆེན་དག་ནི་བརྗིད་ཉམས་ཆེ་བའི་མཐོང་རྒྱའི་ཁྲོད་ཀྱི་རྔམ་བརྗིད་ཡིན་ཞིང་། དེ་དག་ལ་བལྟས་པ་ཙམ་གྱིས་ཀྱང་ཧང་སངས་བར་བྱེད། 
          དེ་བས་ཀྱང་མཚོན་ཆ་གལ་ཆེན་འདི་དག་གིས་མངོན་པའི་སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཀྱིས་ངོ་མཚར་བ་དང་ཧ་ལས་སུ་འཇུག  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གྲུ་གཟིངས་དང་། གནམ་གྲུ་ལྟ་བུའི་བཟོ་སྐྲུན་ལས་རིགས་འདིའི་“ རྒྱལ་སྤྱིར་འགྲོ་རྒྱུག་དངུལ་ལོ”གང་ཡིན་རུང་།  ཡང་ན་ནམ་མཁར་གཅིག་གིས་ཆོད་པའི་ཀྲུང་གོའི་མཁའ་འགྲུལ་ལས་རིགས་སོགས་གང་ཡིན་རུང་། མི་རབས་དུ་མའི་སེམས་ཤུགས་འདུས་ཤིང་ཀྲུང་གོའི་མྱུར་ཚད་དང་ཀྲུང་གོའི་སྤུས་ཚད་མཚོན་པའི་རྒྱལ་ཁབ་ཀྱི་སྟེགས་བུ་བཀོལ་ནས་བཟོས་པའི་རྒྱལ་ཁབ་ཀྱི་སྤུས་རྟགས་རིམ་བཞིན་འཚར་ལོངས་བྱུང་བ་དང་རྒྱ་ཆེར་འགྲོ་བཞིན་ཡོད།
ལྷ་གྲུ་ཨང་དང་པོའི་ཟོག་འདྲེན་འཕུར་གྲུ།
          རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལྟར་ན། ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ2013-2016ནང་། རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད་7.2% ཟིན་ཞིང་། དེ་དུས་མཚུངས་ཀྱི་འཛམ་གླིང་གི་2.5% དང་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་གྱི་4 % ཟིན་པའི་ཆ་སྙོམས་འཕར་ཚད་ཀྱི་ཆུ་ཚད་ལས་མཐོ་བ་ཡོད།  རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཞིབ་སྤེལ་ཐད་བཏང་བའི་མ་དངུལ་མགྱོགས་པོར་འཕར་སྣོན་བྱུང་། 2016 ལོར་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས་ཀྱི་འགྲོ་གྲོན་གཏོང་སྒོ་སྒོར་དུང་ཕྱུར་15500 དེ་ཡིན་ཞིང་། དེ2012 ལོ་50.5% འཕར་སྣོན་བྱུང་བ་དང་། རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་གི་བསྡུར་ཚད་ནི2.08%> ཡིན་ཏེ། བརྒྱ་ཆའི0.17མཐོ་རུ་སོང་ཡོད།  མཚོན་རྟགས་རང་བཞིན་གྱི་དོན་སྙིང་ལྡན་པའི་ཚན་རྩལ་གྱི་གྲུབ་འབྲས་གལ་ཆེན་ཁག་ཅིག་ཐོན་ཏེ་མི་ཞུགས་འཇིག་རྟེན་འཕུར་གྲུ་དང་། ཟླ་བའི་འཚོལ་ཞིབ་ལས་གྲྭ།  ཚད་རྡུལ་འཕྲིན་སྐྱེལ།  འཕྲོ་གློག་རྒྱང་ཤེལ།  མི་ཞུགས་མཚོར་འཛུལ། རིམ་འདས་རྩིས་རྒྱག་འཕྲུལ་འཁོར་སོགས་བར་བརྒལ་གལ་ཆེན་མངོན་འགྱུར་བྱུང་སྟེ་ངལ་རྩོལ་ཐོན་སྐྱེད་ཚད་བརྟན་པོའི་ངང་ཇེ་མཐོར་འགྲོ་བར་སྐུལ་ཁྲིད་བྱས་ཡོད།
ལྟད་མོ་བས་དྲན་རྟེན་གྱི་པར་རྒྱག་བཞིན་པ།
          གལ་ཏེ་གཞི་གྲངས་ནི་སྤྱི་མཚན་ཞིག་དང་བྲོ་བ་མེད་པར་སུན་སྣང་ཆེ་བ་ཞིག་ཡིན་ན། ང་ཚོའི་མཐའ་འཁོར་དུ་བྱུང་བའི་འགྱུར་ལྡོག་ཆེ་མ་ཆུང་གསུམ་ནི་བྱེ་བྲག་དང་གསོན་ཉམས་ལྡན་པ་ཞིག་ཡིན་ཏེ། ཇི་ལྟར་རྒྱུག་ན་དེ་ལྟར་མགྱོགས་པའི་མྱུར་བགྲོད་ལྕགས་ལམ་དང་། བཤེར་མ་བྱས་པ་ཙམ་གྱིས་སྤྲད་ཚར་བའི་སྤོ་འགུལ་དངུལ་སྤྲོད།  གོམ་གང་ཡང་སྤོ་མི་དགོས་པར་གོ་ལ་ཡོངས་ཀྱི་དངོས་པོ་ཉོ་ཐུབ་པའི་དྲ་ཐོག་གི་ཉོ་སྒྲུབ་ལྟ་བུ་ཡིན་ཞིང་། དེ་དག་ནི་ཚན་རྩལ་བཀོལ་སྤྱོད་དེ་འཆར་ཡན་ནས་དངོས་ཡོད་དུ་བསྐྱོད་དེ་སྤྱི་ཚོགས་དཔལ་འབྱོར་བྱ་ལྟར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་། དངོས་པོའི་བྱེ་བྲག་ལ་ཁེ་ཕན་གྱི་ཚོར་བ་ཐོབ་པ་གང་ལེགས་བྱེད་ཀྱི་ཡོད།
ལྟད་མོ་བས་སྐད་ཆ་བཞག་པ།
          འགྲེམས་སྟོན་བྱ་ཡུལ་དུ་ལྟད་མོ་བས་རང་ཉིད་དགའ་བའི་ཐབས་ལམ་གྱིས་དྲན་རྟེན་པར་རྒྱག་པ་དང་། ཡང་སྐད་འཇོག་དེབ་ཆུང་དུ་མེས་རྒྱལ་ལ་བཅངས་པའི་སྨོན་འདུན་འབྲི་བཞིན་ཡོད། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་ཕུགས་འདུན་འགྲུབ་རྒྱུའི་ལམ་དུ། ང་ཚོ་མི་སུ་དང་སུ་ཡིན་ཡང་ཚང་མ་ཕུགས་འདུན་མངོན་འགྱུར་གྱི་བྱ་གཞག་ནང་དུ་ཞུགས་དགོས།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716