སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
“བོད་རིགས་ཚོང་རྟགས་”ཀྱི་རྒྱན་གོས་གྱོན་ཆས་ཀྱིས་འཛམ་བུ་གླིང་གི་མིག་དབང་འཕྲོག
སྤེལ་དུས། 2017-09-07   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བྱམས་པས་བསྒྱུར།
 

          ཟླ་9ཚེས་4ཉིན།   སྐབས་དགུ་པའི་ཀྲུང་གོའི་རྒྱལ་སྤྱིའི་ཚོང་རྟགས་སྤུས་དག་དུས་ཆེན་ཀོང་ཤིས་ཀུའེ་ལིན་དུ་གྲོལ།   གོ་ལ་ཧྲིལ་པོའི་ཚོང་རྟགས་སྤུས་དག་ཀྱི་འདུ་ཚོགས་གཟབ་རྒྱས་ཆེ་གྲས་ཏེ།  ཀྲུང་གོའི་རྒྱལ་སྤྱིའི་ཚོང་རྟགས་སྤུས་དག་དུས་ཆེན་རྒྱལ་ཁའི་ངང་སྐབས་8ལ་ཚོགས་གཉེར་ལེགས་འགྲུབ་བྱུང་།  སྐབས་འདིའི་ཀྲུང་གོའི་རྒྱལ་སྤྱིའི་ཚོང་རྟགས་སྤུས་དག་དུས་ཆེན་ཐོག་བོད་ལྗོངས་ཀྱི་སྤུས་དག་འགྲེམས་སྟེགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་ཚོའི་ཡིད་དབང་བཀུགས་ཏེ་འདུ་རབ་བྱེད།  མཇུག་བསྡུ་བའི་མཛད་སྒོའི་སྟེང་ལྷོ་ཁའི་རྩེད་ཐེར་ཨེར་ལ་2017ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཚོང་རྟགས་སྤུས་དག་དུས་ཆེན་གྱི་ཚོང་རྟགས་ཀྱི་གསེར་གྱི་བྱ་དགའ་ཐོབ།   ཐེངས་འདིར་བྱ་དགའ་ཐོབ་པས་“བོད་རིགས་རྟགས་ཅན་”གྱི་གྱོན་ཆས་ཀྱིས་སླར་ཡང་འཛམ་གླིང་ཡོངས་ཀྱི་མིག་དབང་བཀུགས།   དེའི་སྔོན་གླུ་བ་ཨ་ཅག་ཚན་སྡེབ་ཀྱི་ཁོངས་མི་——ཚེ་དབང་ལྷ་མོས་(ཨ་ཅག་ལྷ་མོ་)གསར་སྤེལ་བྱས་པའི་སྤུས་དག་བོད་གོས་AJ-NAMOམེ་སེ་ཏེ་སུ་-པུན་ཁྲི་ཀྲུང་གོའི་རྒྱལ་སྤྱིའི་གྱོན་ཆས་གཟའ་འཁོར་(2017/2018སྟོན་དགུན་རིམ་པ་)སྟེང་འབགྲེམས་སྟོན་བྱས་པ་ལའང་ཀུན་གྱིས་གདེང་འཇོག་བཟང་པོ་ཐོབ།

          རྩེད་ཐེར་ཨེར་ནི་གངས་ལྗོངས་སྣམ་བུའི་ཁྲོད་ཀྱི་མཆོག་གྱུར་ཡིན།   ཐོན་སྐྱེད་ལག་རྩལ་ལ་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ཡུན་རིང་ལྡན་པས་བོད་རིགས་སྲོལ་རྒྱུན་རྒྱན་གོས་ནང་གི་རྩེ་གྲ་ཡིན།   ཉེ་བའི་ལོ་ཤས་རིང་ལྷོ་ཁ་རྩེད་ཐེར་ཨེར་མི་རིགས་ལག་ཤེས་བཟོ་ལས་གསར་སྤེལ་མ་རྐང་ཚད་ཡོད་ཀུང་སིས་རྩེད་ཐེར་ཨེར་གྱོན་ཆས་དང་དཔུང་ཁེབས།  ཞྭ་མོ་སོགས་ཐོན་རྫས་ལས་སྣོན་བྱས་པ་དང་།   སྲོལ་རྒྱུན་གྱི་རྒྱན་རིས་སོར་འཇོག་བྱས་པའི་དུས་མཚུངས་སུ་དེང་རབས་སྲོལ་གསར་གྱི་ཆ་མཉམ་བསྲེས་ཀྱིས་མཛེས་པ་དང་དངོས་སྤྱོད་ཟུང་འབྲེལ་བྱས་པས།   ལོ་ཚོད་རིམ་པ་ཁག་གིས་དགའ་པོ་བྱ་ཡུལ་དུ་གྱུར།   
          སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་བསྟུན།   མི་མང་པོ་ཞིག་བོད་རིགས་ཀྱི་གྱོན་ཆས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པའི་ལས་དོན་ནང་དུ་ཞུགས།   དེའི་ཁྲོད་སློབ་གྲྭ་ནས་མཐར་ཕྱིན་མ་ཐག་པའི་སློབ་མ་དང་གཞས་པ།  མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་མཁན།   རང་མོས་ལས་རིགས་གཉེར་མཁན་སོགས་ཡོད།   མི་མང་པོ་ཞིག་གིས་སྲོལ་རྒྱུན་དང་སྲོལ་གསར་ཟུང་འབྲེལ་གྱི་ལམ་བུ་འཚོལ་བཞིན་ཡོད།   བོད་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་སུ་ཇི་ལྟར་སྲོལ་གསར་མཉམ་འདྲེས་བྱ་དགོས་པ་དང་།  སྲོལ་གསར་བོད་ཀྱི་གོས་རྒྱན་གྱི་རིན་གོང་གཏན་འབེབ་ཇི་ལྟར་བྱ་བ།  བོད་ཆས་ཀྱིས་སྐུ་མགྲོན་ཁྱུ་ཚོགས་གང་འདྲ་ཞིག་དམིགས་པ།  ཚོང་ལམ་དང་ཁྲོམ་རའི་ཟིན་ཚད་ཇི་འདྲ་ཞིག་ཡིན་པ་བཅས་ཀྱི་གནད་དོན་ལ་ཀུན་གྱིས་དོ་སྣང་བྱེད།

          རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་བསྡོམས་རྩིས་ལྟར་ན།   མིག་སྔར་ལྗོངས་ཡོངས་སུ་ཚོང་རྟགས་ཐོ་འགོད་བྱས་པའི་གྱོན་ཆས་སྤུས་དག་ཁྱོན་བསྡོམས་191ཡོད།   དེའི་ཁྲོད་བོད་ཀྱི་སྲོལ་གསར་གྱོན་ཆས་ཚོང་རྟགས་ཁག་གཅིག་ཡོད།   
          བོད་ཀྱི་སྲོལ་གསར་གྱོན་ཆས་དར་མ་ཐག་པ་ཡིན་པས།   བོད་རིགས་གྱོན་ཆས་ལས་རིགས་ཁྲོད་ཀྱི་སྟོབས་ཤུགས་གསར་བ་ཞིག་ཏུ་གྱུར་ཡོད།   སྲོལ་རྒྱུན་གྱི་བོད་ཀྱི་གྱོན་ཆས་དང་བསྡུར་ན་སྲོལ་གསར་གྱོན་ཆས་ཀྱི་རིན་གོང་ཤིན་ཏུ་མཐོ་བོ་རེད།   སྟག་རྩེ་རྫོང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་མཉམ་ལས་ཁང་གི་འགན་འཁུར་བ་ཤི་ལོག་གིས་གསར་འགོད་པར་ངོ་སྤྲོད་བྱ་རྒྱུར།  “བོད་ཀྱི་སྲོལ་གསར་གྱོན་ཆས་ཀྱི་རིན་གོང་གང་རུང་ཡིན་ཡང་སྒོར་1000ལྷག་ཙམ་ལ་སླེབས་ཐུབ།   རྒྱུ་མཚན་དེར་རས་རྒྱུའི་རིན་དངུལ་དང་ལས་སྣོན་རིན་དངུལ་འདུས་ཡོད་ལ།  ཆེས་གལ་ཆེ་བ་ནི་ཇུས་འགོད་ཀྱི་རིན་དངུལ་འདུས་ཡོད།  མི་སེར་དཀྱུས་མའི་རྒྱུན་དུ་གྱོན་པའི་སྲིང་བལ་གྱི་གྱོན་གོས་སྤྱིར་བཏང་སྒོར་བཞི་བརྒྱ་ནས་ལྔ་བརྒྱ་ཙམ་ཡིན།  འོན་ཀྱང་སྲོལ་གསར་ཇུས་འགོད་བྱས་པའི་བོད་ཀྱི་གྱོན་གོས་ཀྱི་རིན་གོང་སྤྱིར་བཏང་གི་གྱོན་གོས་ལས་ལྡབ་གསུམ་ནས་བཞིས་མཐོ་བོ་ཡོད།”
          བོད་ཀྱི་སྲོལ་གསར་གྱོན་ཆས་ཀྱི་རིན་གོང་མཐོ་ནའང་།  ན་གཞོན་རྣམས་ཀྱིས་སྲོལ་གསར་ལ་དོ་སྣང་བྱེད་པའི་བསམ་ཕྱོགས་ལ་ཤུགས་རྐྱེན་ཅུང་ཙམ་ཡང་མེད།  ཟླ་བདུན་པའི་ནང་ལས་གཉེར་བྱས་པ་ནས་ད་ལྟའི་བར་ཚོང་ཁང་ནང་གི་སྐུ་མགྲོན་ནི་རྒྱུན་ཆད་མེད། ཚོང་ཁང་ཁ་ཤས་ཀྱིས་“དྲ་རྒྱ་+”འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་དྲ་ཐོག་ཏུ་ཕྱིར་ཚོང་དང་དྲ་འོག་ཏུ་ཕྱིར་ཚོང་ལམ་གཉིས་ཀ་ཕྱེ་ཡོད་པས།  ད་ལྟའི་ན་གཞོན་རྣམས་ཀྱིས་ཁྱིམ་དུ་རང་ཉིད་ཀྱིས་དགའ་པོ་བྱེད་པའི་བོད་ཀྱི་སྲོལ་གསར་གྱོན་ཆས་ཉོ་ཐུབ།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716