སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཁྲོད་བོད་ལྗོངས་ཀྱི་རྟ་པས་ཟངས་ཀྱི་རྟགས་མ་བླངས་པ།
སྤེལ་དུས། 2017-09-08   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་པ་པོ།  ཆོས་སྒྲོན།

པར་འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་རྟ་པ་སྐལ་བཟང་ཕུན་ཚོགས་ཀྱིས་རྟ་རྩལ་འགྲན་ཚན་གསུམ་གྱི་ཚོགས་པའི་འགྲན་བསྡུར་ནང་འགྲན་བསྡུར་བྱེད་བཞིན་ཡོད་པ།
        ཟླ་9ཚེས་5ཉིན་ནས་ཚེས་7ཉིན་བར། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྟ་རྩལ་འགྲན་ཚན་གསུམ་གྱི་ཚོགས་པའི་འགྲན་བསྡུར་དང་མི་སྒེར་གྱི་འགྲན་བསྡུར་སྤེལ་བ་རེད། འགྲན་བསྡུར་ནང་བོད་རང་སྐྱོང་ལྗོངས་ཀྱི་རྟ་པ་སྤེན་པ་ཚེ་རིང་དང་། སྐལ་བཟང་ཕུན་ཚོགས། བསྟན་འཛིན་ཕུན་ཚོགས། བསྟན་འཛིན་བློ་ལྡན་གསུམ་གྱིས་ཉིན་གསུམ་རིང་འགྲན་བསྡུར་བྱས་མཐར། འགྲན་ཚན་དེའི་ཚོགས་པའི་འགྲན་བསྡུར་གྱི་ཨང་གསུམ་པ་བླངས་ནས་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འཐུས་མི་ཚོགས་པར་ཡང་བསྐྱར་ཟངས་ཀྱི་རྟགས་མ་ཞིག་བསྣན་པ་རེད། གཞན་ཡང་སྤེན་པ་ཚེ་རིང་ལ་འགྲན་ཚན་དེའི་མི་སྒེར་གྱི་འགྲན་བསྡུར་ཁྲོད་ཨང་བཞི་པ་ཐོབ་པ་རེད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716