སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྤྲིན་པའི་གསེབ་ཀྱི་གངས་རིའི་མཛེས་ལྗོངས།
སྤེལ་དུས། 2017-10-12   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་པ་པོ།  ཆོས་སྒྲོན།

སྟོད་གངས་རི།
          འཛམ་གླིང་ཡང་རྩེ་མདོ་དབུས་མཐོ་སྒང་དུ། བརྗིད་ཆགས་ཀྱི་རི་རྒྱུད་ཀྲོང་ངེར་འགྱིང་ཞིང་། བྱང་དུ་གདང་ལ་རི་བོ་དང་། ཤར་དུ་འཕྲེད་རྒྱུག་རི་བོ། ནུབ་བྱང་དུ་ཁུ་ནུ་རི་བོ། ལྷོ་རུ་ཧི་མ་ལ་ཡ། གངས་ཏི་སེ། གཉན་ཆེན་ཐང་ལྷ་སོགས་མཐོ་སྒང་གི་དབུས་ནས་འཕྲེད་དུ་ཆགས་ཡོད་ཅིང་། དེ་ཡང་འཛམ་གླིང་ཐོག་གི་མཐོ་ཚད་ཨང་དང་པོ་ཡིན་པའི་རི་བོ་ཇོ་མོ་གླང་མ་ནི་ཧི་མ་ལ་ཡའི་རི་རྒྱུད་དུ་ཀྲུང་གོ་དང་བལ་ཡུལ་གྱི་ས་མཚམས་སུ་ཆགས་ཡོད་པ་དང་། དེ་ནི་བརྗིད་ཅིང་ཆགས་ལ་རི་བོ་ཁྲི་ཁྲག་ལས་ཨང་དང་པོ་ཡིན་པ་རེད། 
          བོད་ལྗོངས་ཀྱི་རི་བོ་ནི་གངས་རིའི་ལྗོངས་ཀྱི་རང་བྱུང་མཛེས་ལྗོངས་དངོས་ཡིན་ཞིང་། དེས་མི་རྣམས་བབ་ཆགས་དང་ངང་རྒྱུད་རིང་བ། ཁོག་རྒྱ་ཆེ་བ་དང་བློ་རིག་བཀྲ་བ་བཅས་སྐྱོང་ཡོད་ལ། མི་རྣམས་ལ་བདེ་སྐྱིད་དང་སྤྲོ་བ་སྟེར་བས། གངས་རིར་དགའ་ཞེན་ཆེ་བའི་མི་ཞིག་གི་ངོས་ནས་བརྗོད་ན། གནས་འདི་ནི་བདེ་བ་ཅན་གྱི་ཞིང་ཁམས་ཞིག་ཡིན་པས། མི་བགྲང་གིས་མི་ལང་བ་ཞིག་རང་མོས་ངང་གནས་མཇལ་དང་ལྟ་སྐོར་ཕེབས་ཀྱི་ཡོད་པ་རེད།
གྲོ་མོ་རྫོང་གི་ཇོ་མོ་ལྷ་རི།
གཉའ་ལམ་རྫོང་གི་ཤི་ཤ་སྦང་མ།

གམ་པ་རྫོང་གི་གྲོང་སྒང་སྒང་སྙིང་རི།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716