སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གཡག་གི་རིག་གནས་འགྲེམ་སྟོན་གྱིས་རྒྱལ་སའི་ལྟད་མོ་བ་ཚོའི་མིག་དབང་འཕྲོག
སྤེལ་དུས། 2017-01-06   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཀླུ་མོ་འཚོ་ཡིས་བསྒྱུར།

          ཀྲུང་གོའི་བོད་ལྗོངས་དྲ་འཕྲིན་ལྟར་ན། རྒྱལ་སའི་རིག་རྫས་ཁང་ནས་མིག་སྔར་གཡག་པེ་ཅིན་དུ་བསྐྱོད་པ་དང་། མཐོ་སྒང་གི་གཡག་གི་རིག་གནས་ཞེས་པའི་འགྲེམ་སྟོན་སྤེལ་བཞིན་པའི་སྒང་རེད། བོད་ལྗོངས་ཀྱི་གཡག་གི་རིག་རྫས་ཁང་ནས་ཡོང་བའི་གཅེས་ནོར་འདི་དག ཐོག་དང་པོར་རྒྱལ་སའི་མི་དམངས་ཚོ་དང་ཐུག་འཕྲད་གནང་བའི་གོ་སྐབས་རེག་སོང་། ལྟད་མོ་བ་ཚོས་ནན་ཏན་གྱིས་འགྲེམ་སྟོན་བལྟ་བཞིན་པའི་འདྲ་པར།
མཚོ་བོད་མཐོ་སྒང་ནི་གྲང་ལ་དབྱང་དབུགས་དཀོན་པས། མིའི་རིགས་ལ་མཚོན་ན་ཆ་རྐྱེན་ཧ་ཅང་ཁག་པོ་རེད། ཡིན་ཡང་གཡག་གི་གཞིས་ཁྱིམ་ཡིན། ལྟད་མོ་བ་ཚོས་ནན་ཏན་གྱིས་བལྟ་བཞིན་པའི་འདྲ།

          ད་ལྟའི་བར་དུ་ལོ་ངོ་ཁྲི་ཉིས་བརྒྱ་དང་ལྔ་བཅུ་ནས་སུམ་བརྒྱའི་ཡར་སྔོན་དུ། གཡག་ནི་ཡ་ཨོའི་སྐམ་སར་ཆེན་མོར་འཚོ་གཞིས་བྱས་ཡོད། ས་ཤུན་དང་གནམ་གཤིས་སོགས་ཀྱི་འགྱུར་ལྡོག་གི་རང་བྱུང་ཆ་རྐྱེན་གྱི་སྟབས་ཀྱིས། ལྷོ་ཕྱོགས་སུ་གནས་སྤོར་ནས་མཚོ་བོད་མཐོ་སྒང་དུ་སླེབས། དེ་ནས་མིའི་རིགས་དང་འཆམ་མཐུན་ངང་གནས། གཡག་གི་རྩིད་པའི་འཐག་པའི་སྦྲ་དང་། སྦྲ་ནང་གི་འཚོ་བའི་མཁོ་ཆས་ཐད་ཀྱི་འདྲ་པར།
འཚོ་བའི་ཁྲོད་མེད་དུ་མི་རུང་བས། གཡག་གིས་མཐོ་སྒང་གི་འཚོ་བའི་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། གཡག་གི་རྩིད་པའི་འཐག་པའི་ཁུག་མ།

          ཐེངས་འདིར་གཡག་བརྗོད་གཞི་ཡིན་པའི་རིག་རྫས་ལྔ་བརྒྱ་ལྷག་འགྲེམ་སྟོན་བྱས། དེ་དང་བསྟུན་གཡག་དང་། བོད་ཀྱི་རིག་གནས་དང་འབྲེལ་ཡོད་ཀྱི་རིག་གནས་ཐོན་རྫས་ཀྱང་ཐེངས་འདིར་ཐོག་མར་འགྲེམ་སྟོན་བྱས། དེ་བས་འགྲེམ་སྟོན་རང་ངོས་དང་དེ་ལས་འཕྲོས་པའི་ཐོན་རྫས་དག་གིས། ལྟད་མོ་ཚོའི་མིག་དབང་འཕྲོག་སོང་། གཡག་གི་རྨིག་པའི་ལས་པའི་སྨན་ཁུག་གི་འདྲ་པར། གཙོ་བོར་བོད་སྨན་གསོག་འཇོག་དང་ཁྱེར་སྤྱད་ཡིན།
གཡག་གི་ཀོ་ངོས་སུ་བརྐོས་པའི་ཚེ་དཔག་མེད་ཀྱི་སྐུ།
ཤོག་དེབ་རི་མོ་༼གཡག་གི་རི་མོ༽ ། འབྲི་མཁན། ལོ་རོའུ།
བརྙན་པར་བརྩམས་ཆོས་༼གཡག་གི་མིག༽། ལེན་མཁན།ཡ་ཀོ་པོ།
ལྕགས་རིགས་ཀྱི་གཡག་གི་འདྲ་བཟོ།
ལྕགས་ཀྱི་འབྲོང་གི་རྒྱན་ཆའི་རིགས།

          འགྲེམ་སྟོན་དུས་ཚོད། ༢༠༡༦ལོའི་ཟླ་༡༢་པའི་ཚེས་༡༥ནས་༢༠༡༧ལོའི་ཟླ་༣པའི་ཚེས་༡༥བར། སྒོ་འབྱེད་པའི་དུས་ཚོད། ཞོགས་པའི་དུས་ཚོད་༩ནས་ཕྱི་དྲོའི་དུས་ཚོད་ལྔའི་བར། འགྲེམ་སྟོན་ས་གནས། རྒྱལ་སའི་རིག་རྫས་ཁང་གི་ས་འོག་རིམ་བརྩེགས་དང་པོའི་འགྲེམ་སྟོན་ཁང་A། འགྲེམ་སྟོན་རྣམ་པ། རིན་མི་དགོས་པ།
སྙིང་རྗེ་བའི་གཡག་གི་གཟུགས་ཀྱི་རྩེད་ཆས།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716