སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི“ཚོགས་འདུ་གཉིས”ཚེས༩ཉིན་འགོ་ཚུགས་པ་དང་གྲ་སྒྲིག་ལས་དོན་ཁག་ལེགས་སྒྲུབ་ཟིན་པ།
སྤེལ་དུས། 2017-01-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཀླུ་མོ་འཚོ་ཡིས་བསྒྱུར།

  

  ཀྲུང་གོའི་བོད་ལྗོངས་དྲ་འཕྲིན། ཟླ་༡པའི་ཚེས་༨ཉིན།  གསར་འགོད་པའི་བོད་ལྗོངས་ཀྱི“ཚོགས་འདུ་གཉིས”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱས་པ་ལྟར་ན། བོད་རང་སྐྱོངས་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་ཐེངས་ལྔ་པ་དང་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོངས་ལྗོངས་རྒྱུན་ལས་ཨུ་ཡོན་ཐེངས་ལྔ་པའི་ཚོགས་འདུ་ཟླ་༡པའི་ཚེས༡༠་དང་ཟླ་༡པའི་ཚེས༩ཉིན་འཚོག་པར་བརྩམས་ཏེ། ཚོགས་འདུ་རེ་རེ་ཉིན་༦ལ་འཚོག་དགོས།

  བོད་རང་སྐྱོངས་ལྗོངས་མི་དམངས་འཐུས་མི་ཨུ་ཡོན་ལྷན་ཚོགས་རྒྱུན་ལས་དྲུང་ཡིག་གཞོན་པ་ཝང་ཏེ་ཝུན་གྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་དུ་བོད་རང་སྐྱོངས་ལྗོངས་སྐབས་བཅུ་པའི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པའི་གནས་ཚུལ་ལ་ངོ་སྤྲོད་གནང་སྐབས་གསུང་རྒྱུར། ཚེས་༡༠ཉིན་གྱི་སྔ་དྲོ་ཚོགས་ཆེན་འགོ་བཙུགས་པ་ནས་ཚེས་༡༥ཉིན་མཇུག་སྒྲིལ་པའི་བར་སྡོམ་པའི་ཉི་མ་༦དང་།  ཚང་འཛོམས་གྲོས་ཚོགས་ཐེངས་༥དང་འཐུས་མི་ཚོགས་པ་གྲོས་ཞིབ་ཐེངས་༩་པ།  དེ་མིན་ཀྲུའུ་ཞིའི་ཚོགས་པའི་ཚོགས་འདུ་ཐེངས་༤བཅས་བཀོད་སྒྲིག་བྱ་རྩིས་ཡོད།

  བོད་རང་སྐྱོངས་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་དྲུང་ཡིག་གཞོན་པ་ཝང་ཏེ་ཝུན་གྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་དུ་བོད་རང་སྐྱོངས་ལྗོངས་སྐབས་བཅུ་པའི་འཐུས་ཚོགས་ཐེངས་ལྔ་པའི་གནས་ཚུལ་ལ་ངོ་སྤྲོད་གནང་བཞིན་པ།

  ཚོགས་ཆེན་གྱི་གྲོས་རིམ་གཙོ་བོ།  དོན་ཚན་དང་པོ།  བོད་རང་སྐྱོངས་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་པ་དང་གྲོས་ཞིབ། དོན་ཚན་གཉིས་པ།  བོད་རང་སྐྱོངས་ལྗོངས་༢༠༡༦ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གནང་པའི་གནས་ཚུལ་དང་། ༢༠༡༧ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ཟིན་བྲིས་ཀྱི་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན།  དོན་ཚན་གསུམ་པ།  བོད་རང་སྐྱོངས་ལྗོངས་༢༠༡༦ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གྱི་གནས་ཚུལ་དང་༢༠༡༧ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན།  དོན་ཚན་བཞི་པ།  བོད་རང་སྐྱོངས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུར་གསན་པ་དང་ཞིབ་བཤེར།  དོན་ཚན་ལྔ་པ། བོད་རང་སྐྱོངས་མཐོ་རིམ་ཁྲིམས་ཁང་གི་ལས་དོན་སྙན་ཞུར་གསན་པ་དང་ཞིབ་བཤེར།  དོན་ཚན་དྲུག་པ། བོད་རང་སྐྱོངས་ལྗོངས་མི་དམངས་ཁྲིམས་དཔྱོད་ཁང་གི་ལས་དོན་སྙན་ཞུར་གསན་པ་དང་ཞིབ་བཤེར།  དོན་ཚན་བདུན་པ། བོད་རང་སྐྱོངས་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད《བོད་རང་སྐྱོངས་ལྗོངས་ཁྲིམས་འཛུགས་སྲོལ་ཡིག(འཆར་ཟིན་བཟོ་བཅོས)》གྱི་གྲོས་གཞི་ཞིབ་བཤེར་གྱི་རེ་ཞུར་ཞིབ་བཤེར།  དོན་ཚན་བརྒྱད་པ། འདེམས་བསྐོའི་དོན་ཚན།

 བོད་ལྗོངས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཡུལ་དངོས།

  ཝང་ཏེ་ཝུན་གྱིས་གསུང་རྒྱུར། མིག་སྔར་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་སྟ་གོན་བྱས་ཚར་བ། ཚོགས་ཆེན་གྱི་དུས་རིང་། ང་ཚོས་མུ་མཐུད་ནས་ཚོགས་འདུའི་ཚོགས་སྲོལ་ལེགས་པོ་ཞིག་བསྐྲུན་རྒྱུ་ནི་མངོན་གསལ་གྱི་གོ་གནས་ཞིག་ཏུ་བཞག་ཏེ། ཀྲུང་དབྱང་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཚོགས་སྲོལ་ལེགས་བཅོས་ཀྱི་བླང་བྱ་ཁག་དོན་འཁྱོལ་ནན་མོ་དང་། ཚོགས་འདུའི་བྱེད་སྒོ་སོ་སོ་དངོས་གཉེར་དང་གྲོན་ཆུང་། ལས་ཆོད་ཆེ་བ་བཅས་ཁག་ཐེག་བྱེད་པ།

  བོད་རང་སྐྱོངས་ལྗོངས་ཀྱི་སྲིད་གྲོས་དྲུང་ཡིག་གཞོན་པ་ཁྲིན་ཧེ་ལགས་ཀྱི་ངོ་སྤྲོད་ལྟར་ན། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོངས་ལྗོངས་ཨུ་ཡོན་ཚོགས་འདུ་ཐེངས་ལྔ་པ་ཟླ་༡པའི་ཚེས་༩ནས་ཚེས་༡༤བར་ལྷ་ས་ནས་བསྐོང་བར་བྱེད་པ། ཚོགས་འདུའི་སྟེང་ནན་ཏན་གྱིས་༢༠༡༦ལོར་སྲིད་གྲོས་ཀྱིས་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། ཕྱོགས་ཡོངས་ནས་༢༠༡༧ལོའི་ལས་དོན་ལ་བཀོད་སྒྲིག་མཛད།

  བོད་རང་སྐྱོངས་ལྗོངས་སྲིད་གྲོས་དྲུང་ཡིག་གཞོན་པ་ཁྲིན་ཧེ་ཡིས་སྲིད་གྲོས་སྐབས་བཅུ་པ་ཐེངས་ལྔ་པའི་ཚོགས་འདུའི་གྲ་སྒྲིག་ངོ་སྤྲོད་གནང་པའི་གནས་ཚུལ།

  ཐེངས་འདིའི་ཚོགས་འདུའི་ལས་འགན་གཙོ་བོ་ནི།  སྲིད་གྲོས་སྐབས་བཅུ་པ་བོད་རང་སྐྱོངས་ལྗོངས་ཨུ་ཡོན་ལྷན་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་གསན་པ་དང་ཞིབ་བཤེར།  སྲིད་གྲོས་སྐབས་བཅུ་པ་བོད་རང་སྐྱོངས་ལྗོངས་ཨུ་ཡོན་ལྷན་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚུན་ཆད་ཀྱི་གྲོས་གཞིའི་གནས་ཚུལ་དང་འབྲེལ་བའི་སྙན་ཞུར་གསན་པ་དང་གྲོས་ཞིབ། སྐབས་བཅུ་པའི་བོད་རང་སྐྱོངས་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པའི་གྲོས་ཚོགས་ལ་ཟུར་ཞུགས། སྲིད་གཞུང་ལས་དོན་གྱི་སྙན་ཞུ་དང་འབྲེལ་ཡོད་ཀྱི་སྙན་ཞུ་གཞན་རྣམས་ལ་གསན་པ་དང་སྦྲགས་གྲོས་བསྡུར་བྱེད་པ། ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོངས་ལྗོངས་ཐེངས་དགུ་པའི་ཏང་གི་འཐུས་མི་ཚོགས་ཆེན།  ཀྲུང་དབྱང་དང་རང་སྐྱོངས་ལྗོངས་བཅས་འབྲེལ་ཡོད་ཀྱི་ཚོགས་འདུ་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ།  སྲིད་གྲོས་སྐབས་བཅུ་པ་བོད་རང་སྐྱོངས་ལྗོངས་ཨུ་ཡོན་ལྷན་ཚོགས་ཀྱི་ཐེངས་ལྔ་པའི་གྲོས་ཚོགས་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་འབྲེལ་བའི་ཐག་གཅོད་ལ་གྲོས་འཆམ་ལ་གྲོས་ཞིབ། སྲིད་གྲོས་སྐབས་བཅུ་པ་བོད་རང་སྐྱོངས་ལྗོངས་ཨུ་ཡོན་ལྷན་ཚོགས་ཐེངས་ལྔ་པའི་གྲོས་ཚོགས་གྱིས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚུན་ཆད་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྙན་ཞུ་དང་འབྲེལ་བའི་ཐག་གཅོད་ལ་གྲོས་འཆམ་ལ་གྲོས་ཞིབ།  སྲིད་གྲོས་སྐབས་བཅུ་པ་བོད་རང་སྐྱོངས་ལྗོངས་ཨུ་ཡོན་ལྷན་ཚོགས་གྱིས་བཏོན་པའི་ཨུ་ཡོན་ལྷན་ཚོགས་སྲིད་གྲོས་སྐབས་བཅོ་ལྔ་པའི་ཚོགས་འདུའི་གྲོས་གཞི་ཞིབ་བཤེར་དང་འབྲེལ་བའི་གྲོས་གཞིའི་སྙན་ཞུར་གྲོས་འཆམ་ལ་གྲོས་ཞིབ། སྲིད་གྲོས་སྐབས་བཅུ་པ་བོད་རང་སྐྱོངས་ལྗོངས་ཨུ་ཡོན་ལྷན་ཚོགས་ཐེངས་ལྔ་པའི་ཚོགས་འདུ་ཆབ་སྲིད་ཀྱི་ཐག་གཅོད་ལ་གྲོས་འཆམ་ལ་གྲོས་ཞིབ།  མི་དོན་ལས་དོན།
  གྲ་སྒྲིག་ཚོ་ཆུང་གི་འོག་ཏུ་ཕྱོགས་བསྡུས་མཐུན་སྦྱོར།  ཡིག་ཆ་ཟིན་འགོད། ཚོགས་འདུའི་གསུང་བཤད།  གསར་འགྱུར་གནད་བསྡུས།  རྩ་འཛུགས།  ཁྱབ་བསྒྲགས། གྲོས་གཞི།  ཚོགས་འདུའི་འབྲེལ་གཏུགས། ལོ་ཙཱ།  བདེ་འཇགས་སྲུང་སྐྱོབ།  མཁོ་སྒྲུབ་འགན་སྲུང་། ཚོགས་སྲོལ་དང་གྲོས་ཚོགས་ཀྱི་ཟིན་བྲིས་གནད་བསྡུས་ལྟ་སྐུལ་བཅས་ལས་དོན་ཚོ་ཆུང་༡༢བཀོད་སྒྲིག་བྱས་ཡོད། ཚོ་ཆུང་ཁག་གི་འགོ་འཛིན་ནི་གྲ་སྒྲིག་ཚོ་ཆུང་གི་ལས་མིའི་འགན་འཁུར་བ། མིག་སྔར་བོད་རང་སྐྱོངས་ལྗོངས་སྲིད་གྲོས་སྐབས་བཅུ་པ་ཐེངས་ལྔ་པའི་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་སྤྱི་ཡོངས་ནས་མཇུག་སྒྲིལ་ཡོད།

བོད་ལྗོངས“ཚོགས་འདུ་གཉིས་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་ཐོག་ཏུ་གསར་འགོད་པའི་དྲི་བ་འདོན་པ།  པར་ལེན་པ། ཝང་ཧྲོའུ།

  ཁྲིན་ཧེ་ཡིས་གསར་འགོད་པའི་དྲི་བ་ལ་ལན་གནང་སྐབས་ལོ་རེ་རེའི་སྲོལ་ལྟར། ཚོགས་ཆེན་ཏུ་བལ་པོའི་རྒྱལ་ཁབ་ཀྱི་ལྷ་སར་བཅའ་སྡོད་བྱས་པའི་གཞུང་ཚབ་དོན་གཅོད་ཁང་གི་སྤྱི་ཁྱབ་གཞུང་ཚབ་པ་འགོ་ཚུགས་པའི་ཚོགས་འདུར་ཟུར་ཉན་ཏུ་ཞུགས་པར་གདན་འདྲེན་ཞུ་པའི་སྐོར་ཡང་གསུངས།
  ཁྲིན་ཧེ་ཡིས་གསུང་རྒྱུར།  ཐེངས་འདིའི་ཚོགས་འདུར་“ཚོགས་འདུའི་སྒྲིག་ལམ་དོན་ཚན་བཅུ”གཏན་འཁེལ་བྱས་ཡོད།  ཚོགས་སྲོལ་ལེགས་བཅོས་ཏན་ཏིག་བྱ་བ།  རང་འགན་གཙང་སྒྲུབ་ལེགས་པར་བྱེད་དགོས་པ་དང་ཚོགས་འདུའི་ཟིན་ཐོ་གཟབ་ནན་བྱེད་པ། ཚོགས་འདུའི་ཚོགས་སྲོལ་ལེགས་བཅོས་བྱེད་པ།  ཡིག་ཆའི་རྒྱུ་ཆ་ཉུང་དུ་གཏོང་བ། ཚོགས་རའི་བཀོད་སྒྲིག་སྟབས་བདེ་བཟོ་བ།  གསར་འགྱུར་འགོད་སྤེལ་ལེགས་བཅོས་གཏོང་བ།  གཞུང་དོན་སྣེ་ལེན་སྟབས་བདེ་གཏོང་བ། ཚོང་ལས་བྱེད་སྒོ་གཏན་འགོག་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་བཅས་ནན་བཤད་བྱས་སོ།།

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716