སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་པར་རིས་བདམས་བཀོད།
སྤེལ་དུས། 2017-01-11   ཡོང་ཁུངས། ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  སྐལ་བཟང་གྲགས་པ།
  ཟླ་1ཚེས་10ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཚོགས་ར་ཡིན་པ།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ཚོགས་འདུའི་བར་གསེང་དུ་སྤེལ་རེས་གནང་བ།
  ཟླ་1ཚེས་10ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མི་ཚོགས་པ་ཁག་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་གནང་ཞིང་། འདི་ནི་ལྷ་སའི་འཐུས་མི་ཚོགས་པའི་འཐུས་མི་མཐོང་དགའ་ཡིས་ལྷ་ས་གྲོང་ཁྱེར་གྱི་གློག་སྒུལ་འཁོར་རིགས་བཅོས་སྐྱོང་གནད་དོན་ཐད་རང་ཉིད་ཀྱི་གྲོས་འགོ་བཏོན་པའི་གནས་ཚུལ་ཡིན་པ།

ལས་རེས་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་བཀོད་འདོམས་བྱེད་བཞིན་ཡོད་པ།
  ཟླ་1ཚེས་10ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་རིགས་ཁོངས་ཁག་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་ཤིང་། འདི་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། གུང་གཞོན་སྡེ་ཚོགས་གཞོན་ནུ་མཉམ་འབྲེལ་ལས་རིགས། སྤྱི་ཁྱབ་བཟོ་ཚོགས། ལུས་རྩལ་ལས་རིགས་བཅས་ཀྱི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ནན་ཏན་ངང་གྲོས་བསྡུར་གནང་བའི་གནས་ཚུལ་ཡིན་པ།

འདི་ནི་ཚོགས་འདུར་ཞུགས་མཁན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་བའི་གནས་ཚུལ་ཡིན་པ།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་གཟིགས་བཞིན་ཡོད་པ།
  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཚོགས་རར་ལས་དོན་མི་སྣས་ཚོགས་ཞུགས་འཐུས་མི་ཚོར་ཚོགས་འདུའི་ཡིག་ཆ་སྤྲོད་པའི་གནས་ཚུལ་ཡིན་པ།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་རར་ཕེབས་བཞིན་ཡོད་པ།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716