སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་སྤྱི་ལ་མི་དབང་བའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་བ།
སྤེལ་དུས། 2017-02-17   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བསོད་ནམས་འཚོས་བསྒྱུར།

                    
  འདི་ནི་དམངས་གཉེར་ཁེ་ལས་མལ་གྲོ་གུང་དཀར་རྫོང་འཛོམས་ཤག་སྲོལ་རྒྱུན་ལས་སྣོན་ཀུང་སིའི་ལས་བཟོ་པས་སྲོལ་རྒྱུན་གྱོན་ཆས་བཟོ་བཞིན་པའི་གནས་ཚུལ་ཡིན་པ།

  ཉེ་བའི་ལོ་འགར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ལ་མི་དབང་བའི་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་མ་དང་རྒྱབ་སྐྱོར་གནང་སྟེ།  བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དེ་སྤྱི་ལ་མི་དབང་བའི་དཔལ་འབྱོར་གོང་དུ་སྤེལ་བའི་སྒུལ་ཤུགས་སུ་བརྩིས་ནས།  སྲིད་གཞུང་གི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། ལྷོད་པ་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྱུར་བཅས་བྱས་པ་བརྒྱུད། ཚོང་རར་ཞུགས་ཆོག་པའི་ལམ་ལུགས་བཅོས་བསྒྱུར་བྱས་ཏེ།  ཚོང་རའི་སྐྱེ་སྟོབས་སྐུལ་སྤེལ་གང་ལེགས་བྱས་པས།  ལྗོངས་ཡོངས་ཀྱི་སྤྱི་ལ་མི་དབང་བའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ།  ད་ཆ། ལྗོངས་ཡོངས་སུ་སྤྱི་ལ་མི་དབང་བའི་དཔལ་འབྱོར་བདག་གཉེར་མཁན་གཙོ་བོ་དུད་ཁྱིམ་ཁྲི18.3དང་ལས་ཞུགས་མི་སྣ་ཁྲི109ཡོད།

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716