སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལི་ཁེ་ཆང་གིས་དབྱི་སི་རལ་གྱི་ཙུང་ལི་ནི་ཐ་ཉི་ཡ་ཧུ་དང་མཇལ་མོལ་གནང་བ།
སྤེལ་དུས། 2017-03-22   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  སྐྱིད་པོས་བསྒྱུར།

          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་༢༠ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་དབྱི་སི་རལ་གྱི་ཙུང་ལི་ནི་ཐ་ཉི་ཡ་ཧུ་དང་མཇལ་མོལ་གནང་ཡོད་པ་རེད།

          ལི་ཁེ་ཆང་གིས། ཀྲུང་གོ་དང་དབྱི་སི་རལ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༢༥སོང་རིང་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་ཆེན་པོ་བྱུང་བ་དང་ཁྱབ་ཁོངས་ཁག་ནང་གི་མཉམ་ལས་ལ་གྲུབ་འབྲས་གཡུར་ཏུ་ཟ་བ་ཐོབ་ཡོད། ཀྲུང་གོའི་ཕྱོགས་ནས་དབྱི་སི་རལ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་རྒྱུ་མུ་མཐུད་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་རོགས་པའི་འབྲེལ་བ་གསར་སྐྲུན་བྱེད་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་འདུག
          ལི་ཁེ་ཆང་གིས། ང་ཚོས་དབྱི་སི་རལ་ཕྱོགས་དང་གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་ཡག་པོ་བྱེད་པ་དང་ཀྲུང་གོ་དང་དབྱི་སི་རལ་གྱི་རང་མོས་ཉོ་ཚོང་ཁུལ་འཛུགས་རྒྱུའི་ཐད་དུས་ཚོད་དམ་འཛིན་གྱིས་གྲོས་མོལ་བྱས་ནས་དབྱེ་འབྱེད་གྲོས་མོལ་གང་མགྱོགས་མཇུག་འགྲིལ་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད་པ་དང་དུས་མཚུངས་སུ་ཀྲུང་གོ་དང་མཚོ་ཁུག་དཔལ་འབྱོར་མཉམ་ལས་ལྷན་ཚོགས་ཀྱི་རང་མོས་ཉོ་ཚོང་དབྱེ་འབྱེད་གྲོས་མོལ་བྱེད་རྒྱུ་མགྱོགས་སུ་གཏོང་བ། ཀྲུང་གོ་དང་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་བཏང་ནས་འཛམ་གླིང་ལ་རང་མོས་ཉོ་ཚོང་སྲུང་སྐྱོབ་བྱེད་པའི་བརྡ་འཕྲིན་གསལ་པོ་ཞིག་གཏོང་རྒྱུ། གཙོ་གནད་ཐོག་ཀྲུང་གོ་དང་དབྱི་སི་རལ་གྱི་གསར་སྐྲུན་ཁྱབ་ཁོངས་ཀྱི་མཉམ་ལས་དམ་འཛིན་བྱས་ནས་སྦགས་བཙོག་མེད་ལ་མགྱོགས་ཤིང་སྟབས་བདེ་བའི་ལམ་བུ་གཏོད་འདོད་ཡོད་ཅེས་བསྟན་འདུག
          ལི་ཁེ་ཆང་གིས། དབྱི་སི་རལ་དང་ཕ་ལི་སི་ཐན་ཕྱོགས་གཉིས་པོའི་ཐུན་མོང་གི་གྲོགས་པོ་ཡིན་པའི་ཆ་ནས་ཀྲུང་གོའི་ཕྱོགས་ཀྱིས་སྒེར་སེམས་མི་བཅངས་པར་དབྱི་སི་རལ་དང་ཕ་ལི་སི་ཐན་བར་ཞི་བདེ་མཉམ་གནས་མངོན་འགྱུར་སྔ་ཙམ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག
          ནི་ཐ་ཉི་ཡ་ཧུས། དབྱི་སི་རལ་མི་དམངས་ནས་ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་རིང་དབྱི་སི་རལ་མི་དམངས་ལ་རོགས་སྐྱོར་བྱས་པ་དུས་ནམ་ཡང་བརྗེད་མི་སྲིད། དབྱི་སི་རལ་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་དེང་དུས་འཛམ་གླིང་གི་ཚན་རྩལ་གོང་འཕེལ་འགྲོ་ཚུལ་དང་འཚམས་ཐུབ་པ་བྱེད་པ་དང་གསར་སྐྲུན་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མ་འོངས་མཉམ་དུ་གཏོད་འདོད་བྱེད་ཀྱི་ཡོད། དབྱི་སི་རལ་གྱིས་དབྱི་སི་རལ་དང་ཀྲུང་གོའི་རང་མོས་ཉོ་ཚོང་ཆོད་ཡིག་གི་དབྱེ་འབྱེད་གྲོས་མོལ་མགྱོགས་སུ་གཏོང་བ་དང་ཕྱོགས་གསུམ་པོའི་ཁྲོམ་རྭའི་མཉམ་ལས་ཧུར་ཐག་སྤེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དབྱི་སི་རལ་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ནས་དབྱི་སི་རལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་དགའ་བསུ་ཞུ་གི་ཡོད་པ་དང་དབྱི་སི་རལ་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་དབུས་ཤར་ཞི་བདེའི་འཕེལ་རིམ་ནང་འདོན་སྤེལ་བྱས་པའི་དགེ་མཚན་ལྡན་པའི་ནུས་པར་བསྔགས་བརྗོད་ཞུ་གི་ཡོད་ཅེས་བསྟན་འདུག
          མཇལ་མོལ་འགོ་མ་ཚུགས་གོང་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ནི་ཐ་ཉི་ཡ་ཧུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་གནང་ཡོད་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལོ་ཧྥུ་ཧོ་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད།
          མཇལ་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་ཙུང་ལིས་ཀྲུང་གོ་དང་དབྱི་སི་རལ་གྱི་དཔལ་འབྱོར་དང་ཚན་རྩལ། ཚོང་དོན། དམངས་སྤྱོད་མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་གནང་བར་དཔང་པོ་གནང་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716