སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་ཀྱིས་ཐུམ་འབུའི་ནད་ཀྱི་སྦྱོང་བརྡར་ལས་དོན་སྤེལ་བ།
སྤེལ་དུས། 2017-03-23   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན་གྱིས་བསྒྱུར།

  གཞི་རིམ་སྨན་ལས་མི་སྣའི་ཐུམ་འབུའི་ནད་ཀྱི་བརྟག་དཔྱད་ནུས་པ་གོང་མཐོར་གཏོང་བ་དང་། སྤྱི་ལོ2017ལོའི་ཐུམ་འབུའི་ནད་ཀྱི་ཞིབ་བཤེར་ལས་དོན་སྤུས་ཚད་མཐོན་པོས་ལེགས་འགྲུབ་ཡོང་སླད། ཁ་སང་བོད་རང་སྐྱོང་ལྗོངས་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱིས་བསྡུས་པའི་ལྗོངས་ཡོངས་ཀྱི་ཐུམ་འབུའི་ནད་ཀྱིBརླབས་བརྟག་དཔྱད་ལག་རྩལ་མི་སྣའི་སྦྱོང་བརྡར་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་རེད།   
  ཐུམ་འབུའི་ནད་ནི་ཅིས་ཆུ་ཡུའམ་རིལ་ཕྲའི་ནད་འབུ་ཕྲ་མོ་མིའི་གཟུགས་པོའི་ནང་དུ་འཚོ་གནས་བྱས་པ་ལས་བྱུང་བའི་མི་ཟོག་ཐུན་མོང་གི་འགོས་ནད་ཅིག་ཡིན་ཞིང་། རང་རྒྱལ་དུ་གཙོ་ཆེར་འབུ་ཤུབས་རང་བཞིན་དང་། ལྦུ་བའི་རང་བཞིན་གྱི་ཐུམ་འབུའི་ནད་ཁག་གཉིས་ཡོད། ཐུམ་འབུའི་ནད་འགོས་པའི་ནད་པར་ནད་དེ་འགོས་མ་ཐག་ནད་རྟགས་ཅི་ཡང་མེད་པ་དང་། མིག་སྔར་ཚད་མཐོའི་སྒྲ་རླབས་ནི་ཐུམ་འབུའི་ནད་ཀྱི་འབུ་ཤུབས་རྟོག་བྱེད་ཀྱི་ཐབས་ལམ་ཡག་ཤོས་དེ་ཡིན་པར་ངོས་འཛིན་བྱེད་ཅིང་། དེ་ཉིད་ལ་པར་རིས་ཁ་གསལ་དང་། མཇུག་འབྲས་ཐོན་མྱུར་བ། བདེ་འཇགས་དང་ཞོར་སྐྱོན་མེད་པའི་དགེ་མཚན་མངའ་ཡོད། 
  རང་སྐྱོང་ལྗོངས་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་གཞན་རྟེན་ནད་འབུའི་འགོག་བཅོས་སོའོ་ཡི་སོའོ་ཀྲང་དཀོན་མཆོག་ཆོས་སྒྲོན་ལགས་ནས་ངོ་སྤྲོད་གནང་བར། ད་ཐེངས་ཀྱི་སྦྱོང་བརྡར་འཛིན་གྲྭར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ7དང་། རྫོང(ཁུལ)མི་དམངས་སྨན་ཁང་དང་བོད་ལུགས་སྨན་ཁང74ཡིBརླབས་སྨན་པ་ཁྱོན120ཞུགས་ཤིང་།“ཐེངས་འདིའི་སྦྱོང་བརྡར་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་ཆེན་མོ་བ་རྣམ་རྒྱལ་དགེ་ལེགས་དང་། དགེ་རྒན་ཝེ་ཝུད་ལགས་རྣམ་གཉིས་ཡིན་ཞིང་། ཁོང་གཉིས་མཚོ་སྔོན་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་ནས་ཕེབས་པ་དང་། དགེ་རྒན་རྣམ་གཉིས་ལ་འདིའི་ཐད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ལྷག་པར་དུ་དགེ་རྒན་ཆེན་མོ་བ་རྣམ་རྒྱལ་དགེ་ལེགས་ལགས་ནས་མཚོ་སྔོན་དུ་ཐུམ་འབུའི་ནད་ཀྱི་པར་ལེན་བརྟག་དཔྱད་ལོ20གནང་མྱོང་ཞིང་། གཞུང་ལུགས་ཐོག་ནས་བརྗོད་ཀྱང་རུང་། ལག་ལེན་སྒང་ནས་བཤད་ཀྱང་བླ། ཁོང་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད”ཅེས་གསུངས། གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྦྱོང་བརྡར་འཛིན་གྲྭའི་སྦྱོང་བརྡར་དུས་ཡུན་ཉིན་གཉིས་ཡིན་ཞིང་། སློབ་ཁྲིད་ཀྱི་ནང་དོན་དུ་ཚད་བརྒལ་སྒྲ་རླབས་ཀྱི་རྨང་གཞིའི་ཤེས་བྱ་དང་། མཆིན་པའི་གཤག་བཅོས་ཀྱི་རྨང་གཞི། མཆིན་པའི་ཐུམ་ནད་ཀྱི་སྒྲ་རླབས་བརྟག་དཔྱད་སོགས་ཚུད་ཡོད་འདུག
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716