སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ།
སྤེལ་དུས། 2017-03-30   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ།
ལྷ་ས་གྲོང་ཁྱེར་གྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ནས།
ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ་བཅས་ཕེབས་པ།
ཟླ་3ཚེས་28ཉིན་ལྷ་ས་གྲོང་ཁྱེར་གྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ།
          ས་མཐོའི་དཔྱིད་ཀ་རབ་ཏུ་མཛེས། ཡར་ལངས་ཞིང་བྲན་གླུ་དབྱངས་ལེན། གོང་ཚེས་ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཙེང་དབན་མིང་དང་། ཧོ་ཝུན་ཧའོ་མཛད་སྒོར་ཕེབས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་ཤིས་ཚིག་གསུངས་པ་རེད།
          དེ་ཉིན་གྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཧ་ཅང་བརྗིད་ཉམས་ལྡན་པ་ཞིག་ཡོད་ཅིང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་བྲིས་པའི“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་དྲན་གསོ་གཟབ་རྒྱས་ཞུ”ཞེས་པ་དང་ “3·28བོད་ཀྱི་ཡར་ལངས་ཞིང་བྲན་གྱི་དུས་ཆེན”ཞེས་པའི་འཕྲེད་འགེལ་ཡི་གེ་ཆེན་པོ་དེ་དག་དེ་བས་མངོན་གསལ་དོད་པོ་ཞིག་ཡོད་པ་རེད།
          སྔ་དྲོའི་ཆུ་ཚོད་10པའི་ཐོག“རྒྱལ་དར་བསྒྲེངས་ནས་རྒྱལ་གླུ་ལེན་པའི”མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲ་ཐང་ཆེན་གྱི་མཁའ་དབྱིངས་སུ་གྲགས་པས་དེ་གར་ཡོད་པའི་མི་རྣམས་ཀྱིས་དགའ་སྤྲོ་རབ་ཏུ་འཁོལ་བའི་ངང་རྒྱལ་དར་ལ་ཕྱོགས་ཏེ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་གྱིས་བསྒྲེངས་པར་ཅེ་རེར་བལྟས་པ་རེད།
          པད་མ་དབང་འདུས་ཀྱིས་ཤིས་ཚིག་གསུང་སྐབས་དེ་རིང་ང་ཚོ་འདི་གར་འདུ་འཛོམས་ཀྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་མཉམ་དུ་དྲན་གསོ་ཞུ་རྒྱུ་ཡིན། ལོ་58ཀྱི་གོང་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་བཏང་སྟེ་ཏཱ་ལའི་རུ་ཚོགས་ཀྱི་ཕྱོགས་ཡོངས་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ་དང་། བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཟོས་ཡོད། དུས་དེ་ནས་བཟུང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད། དེ་ནི་འཛམ་གླིང་གི་བྲན་གཡོག་ལམ་ལུགས་མེད་པ་བཟོ་བའི་ལས་འགུལ་གྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་གལ་ཆེན་ཞིག་ཡིན་པ་དང་། བོད་ཙམ་མ་ཟད་ཐ་ན་འཛམ་གླིང་གི་ཤེས་དཔལ་ལོ་རྒྱུས་ཐོག་འོད་སྟོང་རབ་ཏུ་འཕྲོ་བའི་རླབས་ཆེའི་ལེའུ་ཞིག་བརྩམས་ཡོད་ཅེས་གསུངས་པ་རེད།
          པད་མ་དབང་འདུས་ཀྱིས་ལོ་58རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བརྗིད་རླབས་ཆེ་བའི་རླབས་ཆེའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་བསྐྱོད་ནས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་ཡང་རྩེའི་ཐོག་འགྱིང་ངེར་གནས་ཡོད། ལྗོངས་ཡོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པའི་ཆ་ནས་ད་ཆའི་ལྷ་སར་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས་གང་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་རྣམ་པ་ཞིག་མངོན་ཏེ་ལོ་རྒྱུས་ཐོག་གི་སྒྱུར་འཕེལ་བརྟན་གསུམ་གྱི་དུས་སྐབས་ཡག་ཤོས་ཀྱི་གྲས་ཤིག་ཏུ་སླེབས་ཡོད་ཅེས་གསུངས་པ་རེད།
          པད་མ་དབང་འདུས་ཀྱིས་ལོ་58ཀྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་། ལོ་58ཀྱི་འགྱུར་ལྡོག་ཆེན་པོ་ལས་གཞི་རྩའི་དོན་དངོས་ཤིག་གྲུབ་པ་དང་། རླབས་ཆེའི་བདེན་དོན་ཞིག་གསལ་སྟོན་བྱས་ཡོད་པ་སྟེ། དེ་ནི“གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་ལྗོངས་གསར་པ་དེ་བས་ཀྱང་མེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་དུ་བོད་ལ་གཞི་ནས་དར་རྒྱས་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་སྲིད་པ་དེ་ཡིན”ཞེས་གསུངས་པ་རེད།
          པད་མ་དབང་འདུས་ཀྱིས་དེ་རིང་དྲན་གསོ་གཟབ་རྒྱས་ཞུས་པ་དེ་ཐོག་ནས་ང་ཚོར་མྱོང་ཚོར་ཟབ་མོ་ཞིག་བྱུང་བ་སྟེ། ཡོ་རབ་ཀྱི་དུས་རབས་བར་མ་ལས་ཀྱང་བས་མུན་ནག་དང་། གདུག་རྩུབ། ཀླ་ཀློ། རྗེས་ལུས་བཅས་ཡིན་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལོ་རྒྱུས་ཀྱིས་རྦད་དེ་དོར་བ་དེ་ཡིན། ལོག་སྤྱོད་ཕྱོགས་གཏོགས་གང་རུང་ཞིག་གིས་ཀྱང་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་དེང་རབས་དང་། ཤེས་དཔལ། ཡར་ཐོན། བདེ་སྐྱིད་བཅས་ལྡན་པའི་འཚོ་བ་གསར་པ་དོན་གཉེར་བྱེད་པའི་མདུན་སྐྱོད་ཀྱི་གོམ་སྟབས་འགོག་མི་ཐུབ་པ་དང་། “བོད་རང་བཙན”ཡོང་རེ་བྱེད་མཁན་དང་། ལོ་རྒྱུས་ཀྱི་འཁོར་ལོ་ལྡོག་ནས་སྐྱོད་མཁན། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་ཁ་ཕྲལ་གཏོང་མཁན་བཅས་ཀྱི་ལྐོག་གཤོམ་ཚང་མ་ཕམ་ཉེས་ངེས་སུ་འགྲོ་ངེས་རེད་ཅེས་གསུངས་པ་རེད།
          པད་མ་དབང་འདུས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་རུང་ཞིག་ལས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་དང་དེ་བས་ཉེ་བར་བཅར་བ་དང་། ལོ་རྒྱུས་ཐོག་གི་དུས་སྐབས་གང་རུང་ཞིག་ལས་དམིགས་ཚད་དེ་མངོན་འགྱུར་ཡོང་བའི་ཡིད་ཆེས་དང་འཇོན་ཐང་དེ་བས་ཡོད། ཆར་རླུང་ཁྲོད་དུ་རྒྱ་མཚོར་སྐྱོད་སྐབས་གྲུ་ལམ་ཡངས། རླུང་བརྟེན་རླབས་གཤག་དུས་ལ་ཏག་ཏག་འཁེལ། ཞེས་པ་ལྟར་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་དོན་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ཀུན་སེམས་གཅིག་སྒྲིལ། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ། ལུས་ཚུགས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་བྱས་ནས་ནུས་ཤུག་ཡོད་རྒུས་མཐུན་སྒྲིལ་དང་། མཛེས་སྡུག བདེ་ཐང་། བདེ་སྐྱིད་བཅས་ལྡན་པའི་ལྷ་ས་གསར་པ་འཛུགས་སྐྲུན་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
          རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། བོད་དམག་ཁུལ་ཁང་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགོ་ཁྲིད་གཙོ་བོ་བཅས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་གི་འཐུས་མི་3000ལྷག་ཙམ“རྒྱལ་དར་བསྒྲེངས་ནས་རྒྱལ་གླུ་ལེན་པའི”མཛད་སྒོར་ཞུགས་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716