སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།
སྤེལ་དུས། 2017-03-31   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོ།


          ཟླ་3ཚེས་29ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཅང་ཐའེ་ཤང་དུ་ཕེབས་ནས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཤིང་། འདི་ནི་ཞིས་ཅིན་ཕིང་གིས་སློབ་ཕྲུག་ཚོ་དང་མཉམ་དུ་ལྕང་མ་འདེབས་བཞིན་པའི་གནས་ཚུལ་ཡིན་པ།

          ཚེས་29ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་སྐབས་ཤིང་འཛུགས་ནགས་བཟོ་བྱས་ཏེ་བཏབ་པ་ནི་སྔོ་ལྗང་གི་ལྕང་སོན་རེད་ལ། མེས་རྒྱལ་གྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པའི་ཆེད་དུའང་ཡིན། སྤྱི་ཚོགས་ཧྲིལ་པོ་སྒྲིག་འཛུགས་དང་ལྷག་པར་དུ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ་བརྒྱུད་རང་བྱུང་ཁམས་དང་འབྲེལ་འདྲིས་དང་། རང་བྱུང་ཁམས་ཤེས་རྟོགས། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱས་ནས་རང་བྱུང་ཁམས་ལ་དགའ་ཞེན་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་སྣོད་བཅུད་འདུ་ཤེས་སྐྱེད་སྲིང་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཚོར་ཐུབ་པ་དང་མྱོང་ཚོར་ཐུབ་པ། ཤིང་འཛུགས་ནགས་བཟོ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོབ་པའི་བྱ་གཞག་ཅིག་ཡིན་པ་ཤེས་པ་བྱས་ཏེ་ལོ་དང་ལོ་བརྒྱུད་དེ་ཤིང་འཛུགས་བྱེད་པ་དང་མི་རབས་ནས་མི་རབས་བསྟུད་ནས་ཤིང་འཛུགས་བྱས་ཏེ་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་དགོས་ཞེས་ནན་བཤད་གནང་བ་རེད།

          སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་རླངས་འཁོར་ནང་བཞུགས་ཏེ་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཅང་ཐའེ་ཤང་གི་ཤིང་འཛུགས་སར་ཕེབས་ནས་རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ་རེད།

          སྐོར་ལམ་ལྔ་པའི་འགྲམ་གྱི་མུའུ་200ལྷག་ཙམ་ཡོད་པའི་ཤིང་འཛུགས་ས་དེ་ནི་པེ་ཅིང་གྲོང་ཁྱེར་གྱི་སྔོ་འགྱུར་ས་བཅད་ཁུལ་དང་པོ་དེ་རེད། ས་ཆ་དེ་དེ་སྔ་ཅང་ཐའེ་ཤང་ཡུང་ཅ་གྲོང་ཚོའི་ས་ཆ་ཡིན་པ་དང་2015ལོའི་ཟླ་བཅུ་པར་པེ་ཅིང་གི་རྒྱལ་སའི་ནུས་པ་གོ་རིམ་ལྡན་པའི་ངང་ཞི་ལྷོད་དུ་གཏོང་རྒྱུའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ཡུང་ཅ་གྲོང་ཚོ་ཧྲིལ་པོ་སྤོས་རྗེས་ས་ཆ་དེ་ཤིང་འཛུགས་ནགས་བཟོ་བྱ་ཡུལ་དུ་གཏན་འཁེལ་བྱས་པ་རེད།

          སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་ལྕང་མ་འཛུགས་མཁན་ལས་བྱེད་པ་དང་མང་ཚོགས་ཚོས་སྤྲོ་སེམས་འཁོལ་བའི་ངང་ཐལ་མོ་བརྡབས་ནས་འཚམས་འདྲི་ཞུས། ཞིས་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་ཞུས་རྗེས་སྦྱག་མ་བསྣམས་ཏེ་པེ་ཅིང་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ལས་ཅུས་ཀྱི་འགན་འཁུར་བློ་མཐུན་དང་དེ་བཞིན་རྒྱལ་སའི་ལས་བྱེད་པ་དང་མང་ཚོགས། དང་བླངས་པ། ལོ་ཆུང་གདོང་ལེན་རུ་མི་བཅས་དང་མཉམ་དུ་ལྕང་མ་བཏབ་གནང་བ་རེད།

རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བྱས་རྗེས་ཅན་ལ་བདག་དགོས་མེད་ཅེས་པའི་བསམ་བློའི་འཁྱེར་སོའི་ཐོག་ནས་རི་ཆུ་ནགས་ཞིང་མཚེའུ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་གཞི་གཅིག་ཅན་གྱི་འཛུགས་སྐྲུན་གོམ་སྟབས་མགྱོགས་སུ་གཏོང་བ། སྔོ་འགྱུར་རྒྱ་ཁྱོན་ཆེ་རུ་གཏོང་བ། ནགས་ཚལ་གྱི་སྤུས་ཚད་མཐོ་རུ་གཏོང་བ། སྣོད་བཅུད་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཐུན་མོང་ཐོག་མེས་རྒྱལ་གྱི་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་ཡག་པོ་དང་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

          ཞིས་ཅིན་ཕིང་གིས་འོས་འགན་ཤིང་འཛུགས་ནགས་བཟོའི་ནང་ཞུགས་རྒྱུ་དེ་ནི་སྤྱི་དམངས་ཚང་མའི་ཁྲིམས་གཏན་གྱི་འོས་འགན་ཞིག་རེད། མི་རབས་སྔ་མས་ཤིང་བཙུགས་པ་དེ་མི་རབས་ཕྱི་་མར་ཕན་པ་ཐོབ་ཀྱི་ཡོད། ང་ཚོ་ཚང་མ་ནི་ཕན་པ་ཐོབ་མཁན་ཞིག་ཡིན་པས། དེ་བས་ཤིང་འཛུགས་མཁན་ཞིག་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་ཉམས་ལེན་འབད་སྒྲུབ་བྱེད་པ་དང་ཆབས་ཅིག་འོས་འགན་ཤིང་འཛུགས་ཀྱི་འགན་འཁྲིའི་བྱེད་ཐབས་གསར་གཏོད་བྱས་ཏེ་མི་དམངས་མང་ཚོགས་དེ་བས་ལེགས་པ་དང་དེ་བས་སྟབས་བདེའི་སྒོ་ནས་རང་རྒྱལ་གྱི་སྔོ་འགྱུར་བྱེད་སྒོའི་ནང་ཞུགས་ཐུབ་པ་དང་། མི་དམངས་མང་ཚོགས་ལ་དེ་བས་ལེགས་པའི་སྣོད་བཅུད་ཐོན་རྫས་མཁོ་འདོན་བྱེད་པ། མི་དམངས་མང་ཚོགས་ཚོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། (པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)

ཞིས་ཅིན་ཕིང་གིས་སོམ་དཀར་དང་། ཤིས་ཕུའུ་ཧའེ་ཐང་། ཁམ་སྡོང་སོགས་བཏབ་གནང་ཞིང་། ལྕང་སོན་རེ་རེ་བཏབ་མ་ཐག་ལོ་ཆུང་གདོང་ལེན་རུ་མི་དང་མཉམ་དུ་ཆུ་ཟོམ་ནང་ཆུ་བསྣམས་ནས་བསྐྱོན་གྱིན་ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་། ཞིས་ཅིན་ཕིང་གིས་ཕྲུ་གུ་ཚོར་རང་རྒྱལ་དུ་དྭངས་གསལ་དུས་ཚིགས་ཀྱི་སྔ་ནུབ་ཏུ་ལྕང་མ་འདེབས་སྲོལ་ཡོད། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཚང་མས་ཤིང་འཛུགས་ཀྱི་སྣོད་བཅུད་འདུ་ཤེས་བཙུགས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་ངོས་འཛིན་དང་མཉམ་ཤུགས་ཆགས་པ་བྱེད་དགོས། ལོ་ལྟར་སློབ་ཕྲུག་ཚོ་དང་མཉམ་དུ་ལྕང་མ་འདེབས་སྐབས་སེམས་ཧ་ཅང་སྐྱིད་པོ་འདུག་ཅེས་གསུངས་པ་དང་སློབ་ཕྲུག་ཚོས་ཆུང་དུས་ནས་ཁོར་ཡུག་སྲུང་སྐྱོང་དང་སྔོ་ལྗང་ལ་དགའ་ཞེན་དང་སྲུང་སྐྱོང་བྱེད་པའི་འདུ་ཤེས་བཙུགས་ཏེ་གཅིག་ནས་གནས་ལུགས་རྟོགས་ཐུབ་པ་དང་གཉིས་ནས་གནས་ལུགས་ལག་ལེན་བྱེད་མཁན་ཞིག་བྱས་ཏེ་ངལ་རྩོལ་གྱི་འདུ་ཤེས་དང་ངལ་རྩོལ་གྱི་ནུས་པ་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མེས་རྒྱལ་དེ་བས་སྔོ་ལྗང་ལྡན་པ་དང་ང་ཚོ་མཉམ་དུ་འཚོ་བ་སྐྱེལ་སའི་འཛམ་གླིང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

          ཤིང་འཛུགས་ནགས་བཟོ་བྱ་ཡུལ་དུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཤིང་། འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་མཁན་འགོ་ཁྲིད་བློ་མཐུན་ཚོས་ཚང་མ་དང་མཉམ་དུ་ལྕང་སོན་སྐྱོར་བ་དང་། ས་སྐྱོར་རྒྱག་པ། ཆུ་རྒྱག་པ་བཅས་གནང་བ་དང་འབྲེལ་ད་དུང་སྐབས་འགར་ཚང་མ་དང་ཤིང་འཛུགས་ནགས་བཟོ་དང་། ཁོར་ཡུག་མཛེས་བཟོ། སྣོད་བཅུད་སྲུང་སྐྱོང་བཅས་ཀྱི་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།

          ཤིང་འཛུགས་བར་གསེང་དུ། ཞིས་ཅིན་ཕིང་གིས་དེར་ཡོད་ལས་བྱེད་པ་དང་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་ཐེབས་པ་དང་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་བླང་བྱ་དང་བསྡུར་ན་རང་རྒྱལ་གྱི་སྔོ་འགྱུར་རྒྱ་ཁྱོན་ད་དུང་མི་འདང་བ་དང་ཡག་པོ་མེད་པས་ང་ཚོས་མུ་མཐུད་འབད་བརྩོན་བྱེད་དགོས།

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716