སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རང་ཞིང་གི་རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་ཡུལ་ཤུལ་དུ་བཙུགས་པ།
སྤེལ་དུས། 2017-04-24   ཡོང་ཁུངས། མཚོ་སྔོན་བོད་ཀྱི་སྲིད་གཞུང་དྲ་བ།   རྩོམ་སྒྲིག་པ།  

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ༤བའི་ཚེས༢༠ཉིན་ལ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་(ཡུལ་ཤུལ)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་བཙུགས་ནས་དངོས་སུ་སྒོ་བྱང་བཀལ། དེ་ནི་རང་ཞིང་གི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་གི་གྲུབ་འབྲས་གལ་ཆེན་ཞིག་རེད་ལ། ཡུལ་ཤུལ་རིག་གནས་སྲུང་སྐྱོང་དང་དར་སྤེལ་དེ་དུས་རིམ་གསར་ཞིག་ལ་སླེབས་པའི་རྟགས་མཚན་ཞིག་ཀྱང་རེད།

  བོད་ཀྱི་རིག་གནས་(ཡུལ་ཤུལ)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་དེ་ནི་རང་རྒྱལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྤྱི་ཡོངས་སྲུང་སྐྱོང་གི་ལག་ལེན་གསར་བ་ཞིག་ཡིན། ༢༠༠༧ལོའི་ཚུན་ལ་རིག་གནས་པུའུ་ཡིས་སྔ་རྗེས་སུ་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་བཅས་བཅུ་བདུན་དུ་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ༢༡གཟུག་འཐུས་ཀྱི་བཀའ་འཁྲོལ་ནས་གཟུགས་འདས་ཤུལ་བཞག་རིག་གནས་དང་དར་སྤེལ་རྒྱུན་འཛིན་ལ་ཁོར་ཡུག་ལེགས་པོ་ཞིག་བཏོན། སྡོམ་རྩིས་ལྟར་ན་ཡུལ་ཤུལ་ཁུལ་དུ་ཀྲུང་གོའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་གཙོ་བོ་༧ཡོད་པ་དང་། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས༢༩། རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ༣། ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཚོ་གྲགས་ཅན་༢བཅས་ཡོད་པ་མ་ཟད། ད་དུང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་ཚུད་པའི་རྣམ་གྲངས༡༡དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རྣམ་གྲངས་ཀྱི་ཚབ་མཚོན་རྒྱུད་འཛིན་པ༢༤བཅས་ཡོད་པ་རེད།

  ད་ལོའི་ཟླ༡པོར། རིག་གནས་པུའུ་ཡིས་བོད་ཀྱི་རིག་གནས་(ཡུལ་ཤུལ)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གཟུག་དོན་ལ་ཆོག་མཆན་བཀོད་རྗེས། ཡུལ་ཤུལ་གྲོང་ཁྱེར་ལྟེ་བ་དང་། ཁྲི་འདུ་དང་། འབྲི་སྟོད། ནང་ཆེན། རྫ་སྟོད། ཆུ་མར་ལེབ་བཅས་རྫོང་ལྔ་གཙོ་བོར་བཟུང་བའི་སྲུང་སྐྱོང་ཁུལ་སྟེ། ཡུལ་ཤུལ་བོད་རིགས་མང་ཚོགས་ཀྱི་གསར་གཏོད་དང་འཛིན་སྐྱོང་སྤེལ་གསུམ་བྱས་པའི་གཟུགས་འདས་དང་གཟུགས་འདས་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ནང་དོན་དང་ཚབ་མཚོན་རང་བཞིན་གྱི་རྒྱུད་འཛིན་པ་དང་རྒྱུད་འཛིན་ཚོགས་པ་བཅས་འདུས་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་གི་ཚོད་ལྟ་ཁུལ་དེ་བཙུགས་པ་རེད། དེ་ནི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དང་གེ་སར་རིག་གནས་སྐྱེ་ཁམས་ཚོད་ལྟ་ཁུལ་བཙུགས་རྗེས་སུ་རིག་གནས་པུའུ་ཡིས་རང་ཞིང་དུ་བཙུགས་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གསུམ་པ་རེད། ད་སྔ་རང་ཞིང་གི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་ཁ་གྲངས་དེ་རྒྱལ་ཡོངས་ཀྱི་དང་པོར་གྱུར་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716