སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག
སྤེལ་དུས། 2017-04-21   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  སྐར་འོད།
མི་དམངས་ཀྱི་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས་བདེ་ཐང་གི་བོད་ལྗོངས་འཛུགས་སྐྱོང་མགྱོགས་པོ་བྱེད་པ་དང་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ།
བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་དང་། ཆེ་དགྲ་ལྷས་གསུང་བཤད་གནང་བ། ཏིང་ཡེ་ཤན་ཕེབས་པ།
ཟླ་4ཚེས་19དང་20ཉིན། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
ཟླ་4ཚེས་19དང་20ཉིན། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཚོགས་ར་ཡིན་པ།
          ཚེས་19དང་20ཉིན། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཚོགས་ཆེན་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་། ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཚོགས་ཆེན་གྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཁར། མི་དམངས་ཀྱི་བདེ་ཐང་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ་བདེ་ཐང་གི་བོད་ལྗོངས་འཛུགས་སྐྱོང་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བ་དང་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་པ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་བཀོད་སྒྲིག་གནང་བ།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནོར་བུ་དོན་གྲུབ་དང་། བསྟན་ཁོ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས་བཅས་ཕེབས་ཡོད་པ་རེད།
          ཝུའུ་དབྱིང་ཅེས་མཛུད་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཕྲོད་བསྟེན་དང་བདེ་ཐང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་བདེ་ཐང་གི་ཀྲུང་གོ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རིམ་སྤོར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་རང་རེའི་ཏང་གིས་འགོ་ཁྲིད་གནང་བའི་འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་དང་གཞི་རྩའི་ཉམས་མྱོང་ཕྱོགས་སྡོམ་གནང་བ་དང་། དུས་བབ་གསར་པའི་འོག་རང་རྒྱལ་གྱི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་ཁ་གསལ་བཏོན་གནང་བ། བདེ་ཐང་གི་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་། མཛུབ་ཁྲིད་དགོངས་པ། དམིགས་ཚད་ལས་འགན། བྱེད་ཐབས་གལ་ཆེན་བཅས་རྒྱས་བཤད་གཏིང་ཟབ་གནང་ཞིང་། དེ་ནི་འཕྲོད་བསྟེན་དང་བདེ་ཐང་གི་འཕེལ་རྒྱས་འདུ་ཤེས་ལ་མཆོང་སྐྱོང་གལ་ཆེན་བྱུང་བ་ཞིག་དང་། རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བསམ་པའི་བང་མཛོད་དང་ཕུན་སུམ་ཚོགས་པའི་འཕེལ་རྒྱས་ཤིག དུས་བབ་གསར་པའི་འོག་བདེ་ཐང་གི་ཀྲུང་གོ་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་བཅས་རེད། ང་ཚོས་སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་དང་བྱ་སྤྱོད་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་གཅིག་གྱུར་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་བྱས་ནས་བདེ་ཐང་བོད་ལྗོངས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རང་ལྗོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
          ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོར་ཁས་ལེན་གང་ལེགས་གནང་བ་དང་། བདེ་ཐང་གི་བོད་ལྗོངས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གནང་ཞིང་། ཁོང་གིས་བདེ་ཐང་གི་བོད་ལྗོངས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་ནི་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་འཇུས་དགོངས་པ་གལ་ཆེན་ལག་བསྟར་དང་། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་བྱེད་པའི་ངོས་ནས་བརྗོད་ན་དམིགས་བསལ་དང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། ང་ཚོས་ངེས་པར་དུ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་གཅིག་འདོམས་སྐུལ་འདེད་གཏོང་བའི་མཐོ་ཚད་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་མཐོ་ཚད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགན་འཁུར་བའི་མཐོ་ཚད་བཅས་ཀྱིས་བདེ་ཐང་གི་བོད་ལྗོངས་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། མང་ཚོགས་ཀྱི་དགོས་མཁོར་དམིགས་པ་དང་གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས། གནད་སྨིན་ཤུགས་འདོན་དང་ཞན་ཆ་གསབ་པ་བཅས་བྱས་ནས་འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། བདེ་ཐང་ལ་བརྟེན་ནས་བརྟན་ལྷིང་འགན་ལེན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བདེ་ཐང་ལ་བརྟེན་ནས་དམངས་ཚོར་ཕན་འདོགས་པ་དང་མི་སེམས་གཅིག་ཏུ་བསྒྲིལ་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོར་གཞུང་དྲང་གི་དགོས་མཁོ་སྐོང་ཐུབ་པ་དང་བརྒྱུད་རིམ་རིམ་པ་བསྟར་ཆགས་ཀྱི་སྔོན་འགོག་དང་། སྨན་བཅོས། དྲག་སྐྱེད། བདེ་ཐང་སྐུལ་འདེད་སོགས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཞབས་འདེགས་ལོངས་སུ་སྤྱོད་ཐུབ་པ་དང་། མི་དམངས་མང་ཚོགས་ཚོར་གཟུགས་གཞི་སྔར་བས་བདེ་ཐང་གི་སྒོ་ནས་མིག་སྔའི་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་ཐུབ་བ་བྱེད་དགོས།
          ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། རང་ལྗོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་སྤྱིའི་བླང་བྱ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་། ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཚོགས་ཆེན། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གནས་བབ་ཐོག་བཞག་ནས“གཞི་རིམ་གྱིས་གཙོ་གནད་དང་། སྒྱུར་བཅོས་གསར་གཏོད་ཀྱིས་སྒུལ་ཤུགས། སྔོན་འགོག་གཙོ་བོར་བྱེད་པ། ཀྲུང་ལུགས་དང་ཕྱི་ལུགས་གཉིས་གལ་ཆེ་མཉམ་འཛིན་བཅས་ཀྱིས་སྲིད་ཇུས་ཚང་མའི་ནང་བདེ་ཐང་མཉམ་འདྲེས་ཐུབ་པར་བྱས་ཏེ་མི་དམངས་ཚོས་མཉམ་དུ་སྐྲུན་པ་དང་མཉམ་དུ་ལོངས་སྤྱོད་བྱེད་པའི”ལས་ཀའི་བྱེད་ཕྱོགས་ལྟར། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་རང་བཞིན་ལ་གཡོ་འགུལ་གཏན་ནས་མི་གཏོང་བ་མཐའ་འཁྱོངས་དང་། སྲིད་གཞུང་དང་ཁྲོམ་རའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག ནུས་ཤུགས་ཡོད་རྒུས་བདེ་ཐང་གི་འཚོ་བ་ཁྱབ་གདལ་གཏོང་བ་དང་། བདེ་ཐང་ཞབས་ཞུ་ལེགས་སུ་གཏོང་བ། བདེ་ཐང་འགན་སྲུང་འཐུས་སྒོ་ཚང་དུ་གཏོང་བ། བདེ་ཐང་གི་ཁོར་ཡུག་འཛུགས་སྐྱོང་། བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཁར། བདེ་ཐང་གི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མུ་མཐུད་མཐོ་རུ་བཏང་སྟེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པ། ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་ཞིག་རྩོམ་པ་བཅས་ཀྱི་ཆེད་དུ་བདེ་ཐང་གི་རྨང་གཞི་བརྟན་པོ་ཞིག་འདིང་དགོས།
          གཅིག་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། བདེ་ཐང་ཁྱབ་ཁོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། གཞི་རྩའི་སྨན་བཅོས་ཞབས་ཞུའི་སྤྱི་ཕན་རང་བཞིན་ལ་སྲུང་སྐྱོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཛུགས་པ། ལྷག་པར་དུ་གྲོང་གསེབ་ཀྱི་འཕྲོད་བསྟེན་ཁང་ཚད་གཞི་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁུལ། མི་ཚོགས་བཅས་ཀྱི་གཞི་རྩའི་འཕྲོད་བསྟེན་དང་བདེ་ཐང་གི་ཞབས་ཞུའི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་དགོས།
          གཉིས་ནས་ནད་ཡམས་ཚབས་ཆེན་གྱི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། སྔོན་འགོག་གཙོ་བོར་བྱེད་པའི་བྱེད་ཕྱོགས་དོན་འཁྱོལ་བྱས་ནས་ནད་ཡམས་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ཏེ་དམིགས་བསལ་རང་བཞིན་ལྡན་པའི་ངང་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་ནས་ནད་ཡམས་ཀྱི་སྨན་བཅོས་བདེ་ཐང་དོ་དམ་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ས་མཐོའི་རང་བཞིན་གྱི་ནད་ཡམས་ལ་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོན་ཚུད་ནས་ཐེ་ཇུས་དང་སྔོན་འགོག་བྱེད་དགོས།
          གསུམ་ནས་བདེ་ཐང་དབུལ་སྐྱོར་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བདེ་ཐང་གནད་སྨིན་དབུལ་སྐྱོར་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ“ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག”གི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། རང་སྐྱོང་ལྗོངས་རིམ་པའི་སྨན་ཁང་དང་གྲོང་ཁྱེར་དང་ས་ཁུལ་རིམ་པའི་སྨན་ཁང་གིས་རྫོང་དབུལ་པོའི་སྨན་ཁང་ལ་གཅིག་གཏད་གཅིག་རོགས་སྐྱོར་བྱེད་དགོས།
          བཞི་ནས་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་གི་ཞབས་ཞུར་ཤུགས་སྣོན་དང་ལོ་ཆུང་བྱིས་པའི་བདེ་ཐང་ལ་མཐོང་ཆེན་བྱས་ཏེ་གཞོན་ནུ་ལོ་ཆུང་གི་གཟུགས་གཞིར་རྗེས་འདེད་ཞིབ་འཇུག་དང་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་ཏེ་ལུགས་མཐུན་གྱི་ལུས་རྩལ་རྣམ་གྲངས་འཛུགས་དགོས། སློབ་གྲྭའི་ལུས་རྩལ་སློབ་ཚན་ཚད་ལྡན་དང་ཚད་གཞི་ཅན་དུ་འགྱུར་བར་སྣང་ཆེན་བྱས་ཏེ་དོན་དངོས་ལ་གཞི་འཛུགས་པ་དང་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས“སློབ་གྲྭ་རེ་ལ་སྤུས་རྟགས་གཅིག”ཆགས་པར་བྱེད་དགོས། ལུས་རྩལ་དགེ་རྒན་གྱི་དཔུང་ཁག་ཆེད་ལས་ཅན་གྱི་འཛུགས་སྐྲུན་ལ་སྣང་ཆེན་བྱེད་པ་དང་སློབ་གྲྭའི་ལུས་རྩལ་གྱི་ཚད་ལྡན་དང་ཚད་གཞི་ཅན་གྱི་སློབ་གསོའི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་གནད་དོན་ཤེས་ཚེ་དེ་མ་ཉིད་དུ་ཡོ་བསྲང་བྱེད་པར་ཁྲིད་སྟོན་བྱེད་དགོས། མ་བུའི་བདེ་ཐང་ཆུ་ཚད་མཐོར་གཏོང་དང་། རྒན་རྒོན་མི་འབོར་གྱི་བདེ་ཐང་ལ་སྲུང་སྐྱོང་། དབང་པོ་སྐྱོན་ཅན་དང་ཕྱོགས་མིའི་མི་འབོར་གྱི་བདེ་ཐང་ལ་མཐོང་ཆེན་བཅས་བྱེད་དགོས།
          ལྔ་ནས་མི་དམངས་ཀྱི་བདེ་ཐང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་བདེ་ཐང་སློབ་གསོ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་བཏང་ཐོག་མང་ཚོགས་ལ་ཡང་དག་པའི་བདེ་ཐང་ལྟ་བ་འཆང་རྒྱུའི་ཁྲིད་སྟོན་བྱེད་དགོས། མང་ཚོགས་ཀྱིས་ཚན་རིག་ལ་ཡིད་ཆེས་དང་སྨན་པར་ཡིད་ཆེས་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་ནད་གཞི་ཕོག་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།
          དྲུག་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ་རྩལ་འགྲན་ལུས་རྩལ་དང་མང་ཚོགས་རང་བཞིན་གྱི་ལུས་རྩལ་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། སློབ་གསོ་དང་། འཕྲོད་བསྟེན། ལུས་རྩལ་བཅས་སྡེ་ཚན་གྱིས་འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་མཐུན་སྦྱོར་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་རང་བཞིན་གྱི་ལུས་སྦྱོང་བྱེད་སྒོ་དང་ལུས་རྩལ་རྣམ་གྲངས་རྒྱ་ཁྱབ་ངང་སྤེལ་བར་སྐུལ་འདེད་བཏང་ནས་ལུས་རྩལ་ལ་དགའ་བའི་མང་ཚོགས་ཀྱི་སྤྲོ་སེམས་འཕེལ་བར་བྱེད་དགོས། མང་ཚོགས་ལུས་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱས་ཏེ་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ལུས་རྩལ་ལ་དོ་སྣང་དེ་བས་ཆེ་བ་བྱེད་དུ་བཅུག་དགོས། ཐོན་ཁུངས་མཉམ་སྤྱོད་མཐའ་འཁྱོངས་ཀྱིས་ད་ཡོད་ཀྱི་ལུས་རྩལ་སྒྲིག་བཀོད་བེད་སྤྱོད་ཡག་པོ་བྱས་ནས་མང་ཚོགས་ལུས་སྦྱོང་བྱེད་སྒོར་ཞུགས་པར་རྒྱབ་སྐྱོར་དང་སྟབས་བདེ་སྐྲུན་དགོས།
          བདུན་ནས་ལྗང་མདོག་བདེ་འཇགས་ཀྱི་བདེ་ཐང་གི་ཁོར་ཡུག་གཏོད་པ་དང་། “བདེ་ཐང་ཆེ་མོའི”འདུ་ཤེས་བརྟན་པོ་འཆང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་གཅེས་འཕྲོད་བསྟེན་ལུས་རྩལ་རྒྱ་ཁྱབ་སྤེལ་བ་བཅས་བྱས་ནས་སྤྱི་པའི་བདེ་འཇགས་དོ་དམ་དང་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།
          བརྒྱད་ནས་ཕྱོགས་ཡོངས་ནས་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྨན་བཅོས་སྒྱུར་བཅོས་ཀྱི་ལྟེ་བའི་འདུ་ཤེས་དང་། གཞི་རྩའི་རྩ་དོན། ལག་བསྟར་ཐབས་ལམ་བཅས་མཐའ་འཁྱོངས་བྱེད་པ། གོམ་སྟབས་བརྟན་པོ་དང་གཟབ་ནན་བརྟན་བརླིང་གིས་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་དང་སྨན་རྫས་སོགས་སྒྱུར་བཅོས་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། གཞུང་བཙུགས་སྨན་ཁང་གི་སྤྱི་པའི་རང་བཞིན་མཐའ་འཁྱོངས། རིམ་དབྱེའི་སྨན་བཅོས་དང་དེང་དུས་ཀྱི་སྨན་ཁང་དོ་དམ་ལམ་ལུགས་རིམ་བཞིན་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཅིག་གྱུར་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཛུགས་པ་བཅས་བྱས་ནས་ལྷུག་ཏུ་གཏོང་ཐུབ་ན་ལྷུག་ཏུ་གཏོང་བ་དང་། ལེགས་སུ་གཏོང་ཐུབ་ན་ལེགས་སུ་གཏོང་བ། འགན་ལེན་ཐུབ་ན་འགན་ལེན་བཅས་བྱས་ནས་སྒྱུར་བཅོས་ཇི་ཙམ་བྱས་ཚེ་དེ་ཙམ་གྱིས་ཡག་པ་དང་། སྒྱུར་བཅོས་ཇི་ཙམ་བྱས་ཚེ་དེ་ཙམ་གྱིས་དོན་དངོས་དང་འཚམ་པ། སྒྱུར་བཅོས་ཇི་ཙམ་བྱས་ཚེ་དེ་ཙམ་གྱིས་ལས་བྱེད་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་དགོས།
          དགུ་ནས་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་རྒྱུན་འཛིན་འཕེལ་རྒྱས་གཏོང་དགོས། བོད་ལུགས་གསོ་རིག་སྨན་རྫས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་བཏང་སྟེ་རིམ་ཁག་བོད་ལུགས་གསོ་རིག་སྨན་རྫས་དོ་དམ་དང་སྨན་བཅོས་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འཕེལ་རྒྱས་ལ་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་ཆགས་པར་བྱས་ཏེ་བོད་ལུགས་གསོ་རིག་སྨན་རྫས་ཞིབ་བཟོའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།
          ཝུའུ་དབྱིང་ཅེས་བླང་བྱ་བཏོན་དོན། ཤེས་ལྡན་མི་སྣ་གསོ་སྐྱོང་ཡག་པོ་དང་། བདེ་སྤྱོད་ཡག་པོ། སྐུལ་སྤེལ་ཡག་པོ་བཅས་བྱེད་པ་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ཀྱི་རྨང་གཞིའི་འདུ་འགོད་གཅིག་ཏུ་བརྩིས་ནས་སྐུལ་སྤེལ་སྲིད་ཇུས་ཁག་འཐུས་ཚང་དང་དོན་འཁྱོལ་ཡག་པོ་དང་ཤེས་ལྡན་མི་སྣ་བེད་སྤྱོད་གདེང་འཇོག་བྱ་ཐབས་གསར་གཏོད་བྱས་ནས་རྒྱ་ཆེའི་སྨན་དོན་མི་སྣར་ལས་གནས་ནས་བདེ་སྐྱིད་ཐོབ་པ་དང་། བྱ་གཞག་ནང་གྲུབ་འབྲས་ཐོབ་པ། སྤྱི་ཚོགས་ལ་གཟི་བརྗིད་ལྡན་པ་བཅས་ཡོང་བ་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ་དང་། “སྨན་པ་དཀོན་པའི”གནད་དོན་ཐག་གཅོད་བྱེད་པ་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་མཐའ་འཁྱོངས་བྱེད་པ། གནད་གཏན་འཁེལ་གྱི་སློབ་བསྡུ་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་སྟོབས་ཆེར་གཏོང་དགོས། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས“1+7”གྱི་སྨན་ཁང་དང་རྫོང(ཆུས)74ཡི་སྨན་བཅོས་འཕྲོད་བསྟེན་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་མི་སྣར་སྐུལ་མ་གཏོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱ་ཆེའི་སྨན་བཅོས་འཕྲོད་བསྟེན་མི་སྣའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་བས་སྐུལ་སློང་བྱེད་དགོས། སྨན་པའི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྣང་ཆེན་བྱས་ཏེ་རྒྱ་ཆེའི་སྨན་དོན་ལས་དོན་མི་སྣས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་འགུལ་ངང་དར་སྤེལ་དང་ལག་ལེན་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་ནས་ནད་བཅོས་སྲོག་སྐྱོབ་ཀྱི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”“ལམ་གཉིས་ཀྱི་སྙིང་སྟོབས”བཅས་དར་སྤེལ་ཤུགས་ཆེན་གཏོང་དགོས། རྒྱ་ཆེའི་སྨན་དོན་ལས་དོན་པས་རང་ཉིད་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་ཡག་པོ་རྒྱག་དགོས།
          ཝུའུ་དབྱིང་ཅེས་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གནས་བབ་ཐོག་འཇོག་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་ནས་ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་དང་ཏང་སྲིད་ཀྱི་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་དགོས། སྡེ་ཚན་མཉམ་འགུལ་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་རྣམ་ཅན་དང་རྒྱུན་གཏན་ཅན་ཀྱི་ལྟ་བཤེར་དཔྱད་ཞིབ་ལམ་སྲོལ་འཛུགས་དགོས། སྲིད་ཇུས་འགན་ལེན་དང་། མ་དངུལ་འགན་ལེན། རྨང་གཞི་འགན་ལེན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་རང་ལྗོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་དང་གསར་འགྱུར་སྨྱན་སྦྱོར་གྱིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྔོན་ཐོན་དཔེ་མཚོན་བཏོད་ནས“བདེ་ཐང་ཆེ་མོའི”འདུ་ཤེས་མི་སེམས་ལ་ཟུག་པར་བྱས་ཏེ་བདེ་ཐང་གི་བོད་ལྗོངས་འཛུགས་སྐྲུན་ལ་ཕན་པའི་རྣམ་པ་བཟང་པོ་སྐྲུན་དགོས།
          ཆེ་དགྲ་ལྷས་ནན་བཤད་གནང་དོན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་ལྗོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ལས་དོན་ཡག་པོ་བསྒྲུབས་ཏེ་གཞི་རིམ་གཙོ་བོར་བྱེད་པ་མཐའ་འཁྱོངས་ཀྱིས་གཞི་རིམ་སྨན་བཅོས་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བར་ཤུགས་རྒྱག་པ་དང་། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་མཐའ་འཁྱོངས་ཀྱིས་སྨན་དང་སྨན་བཅོས་ཀྱི་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བར་ཤུགས་རྒྱག་པ། སྔོན་འགོག་གཙོ་བོར་བྱེད་པ་མཐའ་འཁྱོངས་ཀྱིས་འགོ་ནད་ཚབས་ཆེན་གྱི་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་ལ་ཤུགས་རྒྱག་པ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་འཇོག་མཐའ་འཁྱོངས་ཀྱིས་བོད་ལུགས་གསོ་རིག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། སྲིད་ཇུས་ཚང་མར་བདེ་ཐང་ཁྱབ་པ་མཐའ་འཁྱོངས་ཀྱིས་བདེ་འཇགས་ཀྱི་ཁོར་ཡུག་སྐྲུན་པར་ཤུགས་རྒྱག་པ། མི་དམངས་ཀྱིས་མཉམ་འཛུགས་མཉམ་སྤྱོད་བྱེད་པ་མཐའ་འཁྱོངས་ཀྱིས་འཕྲོད་བསྟེན་དང་བདེ་ཐང་གི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་རྒྱག་དགོས།
          ཚོགས་འདུའི་ཐོག《བདེ་ཐང་གི་བོད་ལྗོངས་སྐྲུན་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར(བསམ་འཆར་བསྡུ་ལེན་མ་ཟིན)》དང《 བདེ་ཐང་གི་བོད་ལྗོངས་ཀྱི་2030ལོའི་འཆར་འགོད་རྩ་གནད(བསམ་འཆར་བསྡུ་ལེན་མ་ཟིན)》ལ་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་པ་རེད།
          རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས་མཇུག་འགྲིལ་ཚོགས་འདུའི་ཐོག་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716