སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“ལྔ་གཅིག”རིང་གི་བྲག་གསུམ་མཚོའི་རྐང་འཁོར་འགྲན་རྩེད་ཀྱིས་སྐུ་ཉིད་བསུ།
སྤེལ་དུས། 2017-05-03   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན་གྱིས་བསྒྱུར།

 ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བྲག་གསུམ་མཚོ་ནི་བོད་ལྗོངས་ཉིང་ཁྲིའི་བྲག་ཆུའི་རྒྱུ་ཁུལ་གྱི་ངམ་གཟར་གྲོག་རོང་ནང་ཡོད། བོད་བརྒྱུད་ནང་བསྟན་ལས་རྙིང་མ་བས་འདི་བརྒྱུད་ནི་བླ་མཚོ་དང་བླ་རི་གཉན་པའི་ཁུལ་དུ་བརྩི་བ་ཡིན་ཞིང་། བྲག་གསུམ་མཚོའི་མཚོ་ངོས་ཀྱི་ཆ་སྙོམས་མཐོ་ཚད་ནི་རྨིད 3600ཡིན་པ་དང་། མཚེའུ་ཡི་རྒྱ་ཁྱོན་ལ་མུའུ་སྟོང་ཕྲག6ཙམ་ཡོད། བྲག་གསུམ་མཚོ་ནི1994ལོར་རྒྱལ་ཁབ་ཀྱི་ཡུལ་གོམས་གཤིས་ལུགས་ཀྱི་གྲགས་ཅན་གནས་མཆོག་གི་མིང་ཐོར་ཚུད་པ་དང་དུས་མཚུངས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་འཛམ་གླིང་གི་གྲགས་ཅན་ལྗོངས་རྒྱུའི་ཁུལ་གྲས་སུ་བདམས། སྤྱི་ལོ 2000ལོར་རྒྱལ་ཁབ་ཀྱི AAAAརིམ་པའི་ཡུལ་ལྗོངས་ཁུལ་དུ་བདམས། 2001ལོར་རྒྱལ་ཁབ་ནགས་ལས་པུའུ་ནས་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གྱི་མཚན་སྙན་གསོལ། པར་རིས་ནི་རི་ཐང་རྐང་འཁོར་འགྲན་བསྡུར་གྱི་འགོ་འཛུགས་ས་ཚིགས་ཡིན།
   
     ལྗོངས་ཕྱི་ནང་གི་རྐང་འཁོར་འགྲན་གཏོང་ལ་དགའ་ཞེན་ཆེ་བའི་མི་སྣ་སྔར་བས་མང་བ་མཉམ་ཞུགས་བྱེད་པ་དང་བསྟུན།“བྲག་གསུམ་མཚོའི་མཚོ་བསྐོར་རི་བགྲོད་རྐང་འཁོར་མགྱོགས་འགྲན”ནི་བོད་ལྗོངས་ཀྱི་ངེས་པ་དོན་གྱི་རིག་གནས་དང་ལུས་རྩལ་ཟུང་འབྲེལ་བྱས་པའི་རྐང་འཁོར་འགྲན་བསྡུར་གྱི་ལས་གཞི་ཞིག་ཡིན་ཞིང་། བོད་ལྗོངས་ཀྱི་རྐང་འཁོར་དང་འབྲེལ་བའི་ལུས་རྩལ་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་བླ་ལྷག་བཏང་ཡོད་ལ། དེ་ཉིད་ནི་ལོ་རེར་རྐང་འཁོར་འགྲན་ཞུགས་པ་ཚོའི་ངལ་རྩོལ་དུས་ཆེན་ཉིན་གྱི་བྲག་གསུམ་མཚོའི་མི་ཚུལ་དང་མཛེས་ལྗོངས་ལ་ལོངས་སུ་སྤྱོད་རྒྱུའི་དགའ་སྟོན་ཆེན་པོ་ཞིག་ཏུ་གྱུར་ཡོད། བྲག་གསུམ་མཚོའི་མཚོ་བསྐོར་རྐང་འཁོར་མགྱོགས་འགྲན་ནི་བོད་ལྗོངས་ཀྱི་ཆེས་ཆེད་ལས་ཀྱི་རང་བཞིན་དང་ལྡན་པའི་རི་བགྲོད་རྐང་འཁོར་གྱི་འགྲན་བསྡུར་དེ་ཉིད་ཡིན་ཞེས་བརྗོད་ཆོག་ཅིང་། པར་རིས་ནི་རྒྱལ་ཁབ་ཕྱི་ནང་གི་འགྲན་ཞུགས་པ་ཚོས་མཉམ་པར་སྒྲོན་པའི་རྣམ་པ་ཡིན།
 
པར་རིས་ནི་མི་རིགས་ཀྱི་ཆས་གོས་སྤྲས་པའི་དམན་ཤར་ཚོས་འགྲན་རའི་མཐའ་སྣེ་ནས་འགྲན་ཞུགས་པ་ཚོར་སྣེ་ལེན་བྱེད་པ།
 
པར་རིས་ནི་འགྲན་བསྡུར་ལ་ཞུགས་པའི་ཨ་རིའི་བུ་མོ་ཇེན་ཉི་ཡིན།
 
པར་རིས་ནི་འཇར་མན་གྱི་འགྲན་ཞུགས་པས་གསར་འགོད་པའི་བཅར་འདྲིར་ལན་བསྐྱོན་བཞིན་པ།
 
པར་རིས་ནི་ཨང་ཀི1131ཅན་གྱི་འགྲན་ཞུགས་པའི་རྐང་འཁོར་གྱི་འཁོར་འགྱིག་བརྡོལ་ཀྱང་མདུན་སྐྱོད་བྱེད་བཞིན་པ།
 
               འགྲན་ཞུགས་པའི་ཉམས་བཟང་།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716