སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
༼རྒྱུད་གཅིག་ལམ་གཅིག༽གི་པར་རིས་འགྲེམ་སྟོན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུར་འགོ་ཚུགས་པ།
སྤེལ་དུས། 2017-05-11   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  སྒྲོལ་ཚེ།

          སྤྱི་ཚེས་༨ ཉིན། ༼རྒྱུད་གཅིག་ལམ་གཅིག ༽གི་པར་རིས་འགྲེམ་སྟོན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་འགོ་ཚུགས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་མང་པོ་དང་རྒྱལ་ཁབ་ཁག་གི་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཕྱི་འབྲེལ་དཔོན་མང་པོས་ཐུགས་ཁུར་གནང་ཡོད།
          མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་བཞུགས་ཀྲུང་གོའི་སྐུ་ཚབ་ལུའུ་ཅེ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུང་སྐབས། མིག་སྔར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་༡༠༠ ལྷག་གིས་ ༼ རྒྱུད་གཅིག་ལམ་གཅིག་༽ ལ་ཧུར་ཐག་གིས་རྒྱབ་སྐྱོར་གནང་ཡོད་པ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་༤༠ ལྷག་གིས་ཀྲུང་གོའི་བར་གྱི་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་ཡོད།
          དཔལ་འབྱོར་བར་ཁྱམས་ཀྱི་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ལ། ཉོ་ཚོང་མ་འཇོག་ཆེས་ཆེར་འཕར་ཡོད་པ་དང་། གལ་ཆེའི་ལས་གཞིའི་མཉམ་ལས་ལག་བསྟར་བྱེད་བཞིན་ཡོད། ༼རྒྱུད་གཅིག་ལམ་གཅིག་༽ ནི་ཀྲུང་གོ་ཁོ་ནའི་རྐྱང་དཀྲོལ་རོལ་དབྱངས་ཤིག་མ་ཡིན་པར། དེ་ནི་རྒྱལ་ཁབ་སོ་སོ་མཉམ་དུ་ཞུགས་པའི་༼མཉམ་སྒྲོག་རོལ་དབྱངས་༽ཤིག་ཡིན་ཞེས་གསུངས་ཡོད་པ་རེད།


 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716