སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་སི་ཕེན་གྱི་རྒྱལ་པོ་ཧྥེ་ལེ་ཕེ་སྐུ་ཐོག་དྲུག་པ་དང་མཇལ་འཛོམས་གནང་བ།
སྤེལ་དུས། 2017-06-11   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  སངས་སྒྲོན་གྱིས་བསྒྱུར།
 
ཟླ་6ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་སི་ཕེན་གྱི་རྒྱལ་པོ་ཧྥེ་ལེ་ཕེ་སྐུ་ཐོག་དྲུག་པ་དང་མཇལ་འཛོམས་གནང་བ།
               ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་སི་ཕེན་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་སི་ཕེན་རྒྱལ་རྒྱུད་ཀྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་སྐུལ་འདེད་ཧུར་ཐག་བཏང་བར་བསྔགས་བརྗོད་བྱེད་ཀྱི་ཡོད། ང་ཚོས་སི་ཕེན་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་ཆུ་ཚད་སྔར་བས་མཐོ་བའི་ཐོག་སླེབས་པ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་འདོད་ཡོད། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་དམ་ཟབ་བྱས་ནས་ཕན་ཚུན་དབར་གྱི་རྩ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱ་ཡུལ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་དངུལ་རྩ་དང་། གློག་འཕྲིན། བསྐྱར་སྐྱེས་ནུས་རྒྱུ། ཞིང་ལས། སྐྱེ་དངོས་སྨན་དང་སྨན་བཅོས། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དང་དམངས་ཁྲོད་ཀྱི་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་སློབ་གསོ་དང་། ཡུལ་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་ཕན་ཚུན་གྲོས་མོལ་དང་མཉམ་ལས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུ་དེ་སྔར་བས་སྒོ་དབྱེ་དང་། ཁོང་ཡངས། ཀུན་ཕན། དོ་སྙོམས་བཅས་ཀྱི་ཕྱོགས་སུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”བསྐྲུན་པའི་ནང་སི་ཕེན་ཧུར་ཐག་ཞུགས་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀྲུང་གོའི་དབྱི་ཝུའུ་ནས་མ་ཏེ་རི་བར་གྱི་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་ཐུན་མོང་ཐོག་ཡག་པོ་སྤྱོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གཞི་གཅིག་ཅན་དུ་འགྱུར་རྒྱུའི་འཕེལ་རིམ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པས་ཕྱོགས་གཉིས་པོས་ཞི་བདེ་དང་། འབབ་འཕར། སྒྱུར་བཅོས། ཤེས་དཔལ་བཅས་རོགས་ཟླའི་འབྲེལ་བ་ཆེ་གྲས་བཞི་ཧུར་ཐག་གཏོད་དགོས། སི་ཕེན་གྱིས་མུ་མཐུད་ཡོ་རོབ་མནའ་འབྲེལ་ནང་ནུས་པ་ཧུར་ཐག་བཏོན་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
               ཧྥེ་ལེ་ཕེ་སྐུ་ཐོག་དྲུག་པས་སི་ཕེན་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པས་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་དཔལ་འབྱོར་ཚོང་དོན་དང་། ཆབ་སྲིད། རིག་གནས་བཅས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་ཡག་པོ་ཐོབ་ཡོད། སི་ཕེན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་སྲ་བརྟན་དུ་གཏོང་བ་དང་། མཐོ་རིམ་འགྲོ་འོང་བྱེད་ཟབ་ཏུ་གཏོང་བ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་རེད། སི་ཕེན་གྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་རྨང་གཞིའི་སྒྲིག་བཀོད་དང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ནང་ཧུར་ཐག་ཞུགས་འདོད་ཡོད་ཅེས་གསུངས་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716