སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས“རིག་གནས་དང་རང་བྱུང་ཤུལ་བཞག་ ཉིན་མོའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ།
སྤེལ་དུས། 2017-06-12   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  དབང་འདུས།
གསར་འགྱུར་རྒྱབ་ལྗོངས།
          2006ལོ་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་རེའི་ཟླ་6པའི་གཟའ་འཁོར་གཉིས་པའི་རེས་གཟའ་སྤེན་པའི་ཉིན་ནི་རིག་གནས་ཤུལ་བཞག་ཉིན་མོར་གཏན་འཁེལ་བྱས་པ་དང་། 2016ལོར“རིག་གནས་ཤུལ་བཞག་ཉིན་མོ”དེ“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར”གཏན་འཁེལ་བྱས་པ་རེད། འདི་ལོའི་ཟླ་6ཚེས་10ཉིན་ནི་གཏན་འཁེལ་བྱས་རྗེས་ཀྱི་རྒྱལ་ཡོངས་ཀྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཐོག་མ་དེ་ཡིན་པ་རེད།
འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ལྷ་མོ་རུ་ཁག་གི་འཁྲབ་སྟོན་པས་བོད་ཀྱི་སྲོལ་རྒྱུན་གླུ་གར《བཀྲ་ཤིས་པའི་གཞས་ཆེན》འཁྲབ་པའི་གནས་ཚུལ་ཡིན་པ།
          འདི་ལོའི་ཟླ་6ཚེས་10ཉིན་ནི་རང་རྒྱལ་གྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཐོག་མ་དེ་ཡིན་པས། བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཉེ་བའི་ལོ་ཤས་རིང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་གྱི་གྲུབ་འབྲས་འགྲེམས་སྟོན་གང་ལེགས་བྱེད་པ། རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་བཅས་བྱ་ཆེད། ཟླ་6ཚེས་10ཉིན་ནས་བཟུང་། བོད་ལྗོངས་ཀྱིས་2017ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་སྤེལ་འགོ་ཚུགས་པ་རེད།
          ཚེས་10ཉིན་གྱི་སྔ་དྲོ་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་2017ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་རབ་དང་རིམ་པའི་འགོ་ཚུགས་མཛད་སྒོ་དང་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་ཆེད་དོན་འཁྲབ་སྟོན་བྱས་པ་རེད། འབྲེལ་ཡོད་ཚན་པའི་འགོ་ཁྲིད་ཀྱིས་ཁག་གཉིས་པའི་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་གི“རྒྱུན་འཛིན་པ་ཡག་ཤོས་བཅུ”དང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་གསབ་འདེམས་བྱས་པའི་རིགས་གཅིག་མཁས་ཅན་ལ་ལག་ཁྱེར་སྤྲད་པ་རེད། ཉིན་དེའི་ཕྱི་དྲོ་མངོན་མིན་རིག་གནས་ཤུལ་བཞག་གི་བྱེད་སྒོ་ཁག་སློབ་གྲྭར་སྤེལ་རྒྱུ་དེ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་གཉེར་བ་དང་ས་གནས་ས་ཐོག་ཏུ་རིག་གནས་དང་རང་བྱུང་ཤུལ་བཞག་དྲིལ་བསྒྲགས་དཔྱད་ཡིག་སོགས་སྤྲད་པ་བརྒྱུད་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གིས་ཐག་ཉེ་ས་ནས་རིག་གནས་དང་རང་བྱུང་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱས་པ་རེད།
          ཚེས་10ཉིན་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་མཚོ་སྨད་དམངས་ཁྲོད་ལྷ་མོ་རུ་ཁག་སྒྲིག་འཛུགས་བྱས་ནས་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ལྷ་མོའི་སྐོང་འཁྲབ་བྱེད་སྒོ་སྤེལ་ནས་ལྷ་མོ་བཀྲ་ཤིས་ཞོལ་པ་དང་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ཡ་གྱལ《དྲི་མེད་ཀུན་ལྡན》སོགས་ངོ་མཚར་ཆེ་བའི་ལྷ་མོ་འཁྲབ་པ་རེད། དེ་མིན་ཚེས་10ཉིན་ནས་བཟུང་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བློ་ཐབས་མཁས་པོས་ཕུགས་འདུན་སྐྲུན―བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འགྲེམས་སྟོན་བྱས་ནས་གཅིག་སྡུད་ཐོག་བོད་ལྗོངས་ཀྱི་སྲོལ་རྒྱུན་བསླས་འཐག་དང་། སྤོས། བོད་ཤོག ཤིང་བརྐོས། གཡང་ཊི་བརྐོས་མ་སོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྣམ་གྲངས་འགྲེམས་སྟོན་དང་འགྲེམས་འཚོང་བྱ་རྒྱུ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716