སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལེགས་ཆར་བརྟེན་ནས་འཕེལ་རྒྱས་ཡོང་བར་བྱས་པ།
སྤེལ་དུས། 2017-06-14   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།

འདི་ནི་མཉམ་ལས་ཁང་གི་ལས་དོན་པས“ཡར་ལྷ་ཤམ་པོའི”ཞོ་སྙོལ་བཞིན་པའི་གནས་ཚུལ་ཡིན་པ།
          2009ལོར། ཟླ་བ་གཡུ་སྒྲོན་གྱིས་རང་སའི་འོ་མའི་ཐོན་ཁུངས་འབེལ་བའི་ལེགས་ཆར་བརྟེན་ནས“ཡར་ལྷ་ཤམ་པོ”ཞོ་སྙོལ་བའི་བཟོ་གྲྭ་གཉེར་བ་མ་ཟད། 2012ལོར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེ་ས་དམངས་ཕན་ཞིང་འབྲོག་ཐོན་ཟོག་བརྒྱུད་འཚོང་མཉམ་ལས་ཁང་ཡང་བཙུགས་པ་རེད། ད་ཆར་མཉམ་ལས་ཁང་དེར་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་550ཟིན་པར་ལོའི་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་350ལྷག་ཟིན་པ་དང་། “ཡར་ལྷ་ཤམ་པོའི”ཞོ་དེ་སྣེ་གདོང་ཆུས་ཀྱི་སློབ་གྲྭ་ཁག་གཅིག་གི་གཏན་འཇགས་མཁོ་སྤྲོད་ཐོན་ཟོག་ཏུ་གྱུར་ཡོད་པ་རེད། མཉམ་ལས་ཁང་དེར་2014ལོར་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་དང་རྒྱལ་ཡོངས་ཀྱི་ཞིང་པ་ལས་སྣོན་དཔེ་སྟོན་ཁང་དུ་བདམས་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716