སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཉམ་ལས་གཉིས་ཕན།
སྤེལ་དུས། 2017-06-15   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཆོས་སྒྲོན།

འདི་ནི་ཡར་འབྲོག་གཡུ་མཚོའི་ཆུ་འཐེན་ནུས་གསོག་གློག་ཁང་གི་ཟུར་ཞིག་ཡིན་པ།
          ཡར་འབྲོག་གཡུ་མཚོའི་ཆུ་འཐེན་ནུས་གསོག་གློག་ཁང་ནི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ཁོངས་སུ་གནས་ཤིང་། གློག་ཁང་གི་ས་ངོས་ས་བབ་མཐོ་ཚད་སྨི་3600ཙམ་ཟིན་གྱི་ཡོད་པས་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཆུ་འཐེན་ནུས་གསོག་གློག་ཁང་ཞིག་ཡིན། གློག་ཁང་དེ་ཀྲུང་དབྱང་ཁེ་ལས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་བསྐྲུན་འགན་འཁུར་བ་དང་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་11ཙམ་ལོན་གྱི་ཡོད། གློག་ཁང་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་ལྷ་སའི་གློག་དྲ་ཙམ་མ་ཟད། བོད་དབུས་གློག་དྲའི་བདེ་འཇགས་དང་བློས་འགེལ་ཚད་ལ་འགན་ལེན་བརྟན་པོ་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་པ་དང་ཆབས་ཅིག་མཚོའི་སྣོད་བཅུད་ཁོར་ཡུག་ཀྱང་སྲུང་སྐྱོང་ཡག་པོ་ཐུབ་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716