སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཟིན་པའི་རང་རྒྱལ་གྱི་གྲོང་ཁྱེར་དབར་གྱི་ཤུགས་འགྲེམས་མེ་འཁོར་ཐོག་མ་ཚོད་གཏོང་འགོ་ཚུགས་པ།
སྤེལ་དུས། 2017-06-15   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ལྷ་དབང་གིས་བསྒྱུར།

འདི་ནི་CRH6Fརྟགས་ཅན་གྱི་གྲོང་ཁྱེར་དབར་གྱི་ཤུགས་འགྲེམས་མེ་འཁོར་རྩིས་སྤྲོད་རྩིས་ལེན་བྱ་ཡུལ་ཡིན་པ།
          ཤིན་ཧྭ་གསར་འགྱུར་ཁང་ཆིང་ཏའོ་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་འཁོར་རིགས་ཆིང་ཏའོ་ཕྱོགས་བཞི་མེ་འཁོར་ཨ་མ་དང་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཟིན་པའི་གྲོང་ཁྱེར་དབར་གྱི་ཤུགས་འགྲེམས་མེ་འཁོར་CRH6Fཉེ་ཆར་ཀྲེ་ཅང་ཉིང་པོ་ནས་ཡུས་ཡའོ་བར་གྱི་གྲོང་ཁྱེར་དབར་གྱི་ལྕགས་ལམ་ཐོག་ཚོད་ལྟའི་ངང་གཏོང་འགོ་ཚུགས་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། CRH6Fནི་རང་རྒྱལ་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཟིན་པའི་གྲོང་ཁྱེར་དབར་གྱི་ཤུགས་འགྲེམས་མེ་འཁོར་ཐོག་མ་དེ་ཡིན་པ་དང་། དེར་མྱུར་བགྲོད་ཤུགས་འགྲེམས་མེ་འཁོར་དང་ས་འོག་ལྕགས་ལམ་མེ་འཁོར་གཉིས་ཀའི་ལེགས་ཆ་ལྡན་པ་མ་ཟད“གཏོང་མྱུར་ལ་བཀག་མགྱོགས་པ་དང་། འཛུལ་དོན་མྱུར་བ། སྡོད་ས་སྐྱིད་པ”སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པས་གྲོང་ཁྱེར་དབར་གྱི་ལྕགས་ལམ་སྤྱི་སྤྱོད་ཅན་གྱི་གཉེར་སྐྱོང་བྱ་རྒྱུར་ཧ་ཅང་འཚམ་པོ་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716