སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཐུགས་འཕྲད་གནང་བ།
སྤེལ་དུས། 2017-06-16   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  སྐྱིད་པོས་བསྒྱུར།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་གིས་སྤྱི་ཚེས་༡༤ཉིན་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དབྱིན་ཧྥན་ཏི་ནོ་དང་ཐུགས་འཕྲད་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས། ལུས་རྩལ་རྒྱལ་ཁབ་ཆེན་པོ་དང་ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱི་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་གལ་ཆེའི་གྲུབ་ཆའི་ཆ་ཤས་ཡིན། ཀྲུང་གོའི་སྲིད་གཞུང་ནས་རྐང་རྩེད་སྤོ་ལོའི་ལུས་རྩལ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་ནུས་ཡོད་དང་རྒྱུན་མཐུད་རང་བཞིན་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོའི་དེང་རབས་རྐང་རྩེད་སྤོ་ལོ་ཁྱབ་གདལ་གཏོང་ཚད་དང་རྩལ་འགྲན་ཆུ་ཚད་རྐང་རྩེད་སྤོ་ལོའི་སྟོབས་ཆེའི་རྒྱལ་ཁབ་དང་བསྡུར་ན་ཧེ་པག་ད་དུང་ཧ་ཅང་ཆེན་པོ་ཡོད། རྐང་རྩེད་སྤོ་ལོའི་ལུས་རྩལ་གྱི་དོན་སྙིང་དེ་འགྲན་བསྡུར་ཙམ་མ་ཟད་མི་དམངས་ཀྱི་གཟུགས་གཞི་ཐང་དུ་གཏོང་བ་དང་མི་རྣམས་ཀྱི་རྒྱལ་གཅེས་རིང་ལུགས་དང་མཉམ་སྡེབ་རིང་ལུགས། དཔའ་ངར་ཆེར་སྐྱེད་བཅས་ཀྱི་སྙིང་སྟོབས་གསོ་སྤེལ་བྱེད་རྒྱུར་རག་ལུས་ཡོད། ཉེ་ལམ་ལོ་ཤས་རིང་ང་ཚོས་སྟོབས་ཤུགས་གཅིག་འདུས་བྱས་ནས་རྐང་རྩེད་སྤོ་ལོའི་སྒྱུར་བཅོས་དང་གོང་འཕེལ་གྱི་སྤྱི་ཡོངས་ཇུས་གཞི་བཟོས་པ་དང་སྒྱུར་བཅོས་ལ་སྐུལ་འདེད་མཐའ་གཅིག་ཏུ་བཏང་ཡོད། ང་ཚོས་སྤྱི་ཚོགས་ཧྲིལ་པོའི་རྐང་རྩེད་སྤོ་ལོའི་རིག་གནས་དར་སྤེལ་གཏོང་བཞིན་ཡོད་པ་དང་རྐང་རྩེད་སྤོ་ལོའི་དོ་དམ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། འཛམ་གླིང་རྐང་རྩེད་སྤོ་ལོ་གོང་འཕེལ་གཏོང་བའི་ཆོས་ཉིད་དང་མཐུན་པ་དང་ཀྲུང་གོའི་རྒྱལ་ཚུལ་དང་མཐུན་པ། ཆེད་ལས་དང་ལས་ཆོད་མཐོ་བ་བཅས་ཀྱི་སྒྲིག་འཛུགས་དོ་དམ་མ་ལག་བཙུགས་ནས་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོ་གོང་འཕེལ་ཤུགས་ཆེན་གཏོང་གི་ཡོད་པ་དང་རྐང་རྩེད་སྤོ་ལོའི་ཐང་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་སྤྱིའི་སྤེལ་རེས་དང་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་བ། ཏན་ཏན་ཏིག་ཏིག་གིས་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོའི་རྐང་རྩེད་སྤོ་ལོའི་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་གི་ཡོད་ལ་ཡར་ངོའི་ཟླ་བཞིན་འཕེལ་བའི་རྐང་རྩེད་སྤོ་ལོའི་རིག་གནས་དེ་ཀྲུང་གོའི་མི་དམངས་ཀྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་དྲང་ནུས་ལ་འགྱུར་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག
          ཞི་ཅིན་ཕིང་གིས་དབྱིན་ཧྥན་ཏི་ནོས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས་རྗེས་རྐང་རྩེད་སྤོ་ལོའི་བྱ་་གཞག་གོང་འཕེལ་གཏོང་རྒྱུའི་ཐད་འབད་བརྩོན་གནང་བ་དང་ཀྲུང་གོའི་རྐང་རྩེད་སྤོ་ལོའི་བྱ་གཞག་ལ་དོ་ཁུར་གནང་བར་བསྔགས་བརྗོད་གནང་ཡོད་པ་དང་ཀྲུང་གོའི་ཕྱོགས་ནས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུུ་དང་འཛམ་གླིང་རྐང་རྩེད་སྤོ་་ལོའི་ལུས་རྩལ་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་འདོད་ཡོད། ཀྲུང་གོ་དང་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་ལས་ལ་མདུན་ལམ་ཡངས་ཤིང་རྒྱ་ཆེན་པོ་ལྡན་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716