སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྦྲང་ནོར་བུ་གསོས་ནས་ཕྱུག་པོའི་ལམ་དུ་སྐྱོད་པ།
སྤེལ་དུས། 2017-06-19   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  བདེ་སྐྱིད་ཀྱིས་བསྒྱུར།

འདི་ནི་ཉི་སྐྱིད་སྦྲང་ནོར་བུ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་སྦྲང་ནོར་བུ་གསོ་མཁན་ཧྲེ་ཅིང་པོས(གཡོན)སྦྲང་ནོར་བུ་གསོ་མཁན་ཞིང་པ་མིག་དམར་ཚེ་རིང་དང་སྦྲང་ནོར་བུ་གསོ་སྟངས་གྲོས་བསྡུར་དང་ཞིབ་འཇུག་བྱེད་བཞིན་པ།
ཉེ་དུས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་སྨོན་གྲོང་གྲོང་ཚོའི་རི་གཤམ་དུ་ཚེར་མའི་མེ་ཏོག་དང་ཧོང་ལེན་མེ་ཏོག་ཁྲ་ཐིང་ངེར་བཞད་པ་དང་ཉི་སྐྱིད་སྦྲང་ནོར་བུ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ཁྲིམས་མིའི་འཐུས་མི་ཉི་མ་བདེ་སྐྱིད་དང་ལས་མི་ཚོས་སྦྲང་ནོར་བུ་གསོས་ནས་སྦྲང་རྩི་གསོག་བཞིན་ཡོད། མཉམ་ལས་ཁང་དེ་2015ལོར་བཙུགས་ཚུན་ཉི་མ་བདེ་སྐྱིད་དང་ཁོང་གི་བཟའ་ཟླ་ཧྲེ་ཅིང་པོས་ཞིང་འབྲོག་པ་100ལྷག་ཙམ་ལ་སྦྲང་ནོར་བུ་གསོ་སྟངས་བསླབ་སྟེ་སྦྲང་ནོར་བུ་གསོ་མཁན་དུད་ཚང་20ཡི་སྣེ་འཁྲིད་པས་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་20ཙམ་བྱུང་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716