སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་ཧྲན་ཤི་ལ་བཅའ་སྡོད་དཔུང་སྡེའི་རྟེན་གཞི་ཞིག་ལ་གཟིགས་ཞིབ་གནང་བ།
སྤེལ་དུས། 2017-06-27   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  སྐྱིད་པོས་བསྒྱུར།

          སྤྱི་ཚེས་༢༢ཉིན། ཧྲན་ཤི་ཞིང་ཆེན་དུ་ལས་དོན་ལ་གཟིགས་ཞིབ་གནང་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཤི་ལ་བཅའ་སྡོད་དཔུང་སྡེའི་རྟེན་གཞི་ཞིག་ལ་གཟིགས་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་དང་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་མཛད་དེ་རྟེན་གཞི་དེ་བཙུགས་ནས་ལོ་ངོ་༥༠འཁོར་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་ལས་སྐྲུན་པ་རྒན་རབས་དང་རྒྱ་ཆེའི་རྟེན་གཞིའི་དཔོན་དམག་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསལ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་ཡོད་པ་དང་ཁོང་གིས། དུས་བབ་གསར་པའི་འོག་གི་ཏང་གི་སྟོབས་ཆེའི་དམག་དཔུང་འཛུགས་སྐྱོང་གི་དམིགས་འབེན་གྱིས་ཁྲིད་སྟོན་བྱས་ནས་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་ཆབ་སྲིད་ཐོག་ནས་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུ་དང་སྒྱུར་བཅོས་ཐོག་ནས་དམག་དཔུང་སྟོབས་ཆེར་གཏོང་རྒྱུ། ཁྲིམས་ལྟར་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུ་བཅས་རྒྱུན་འཁྱོངས་ཀྱིས་རིམ་བཞིན་འཕེན་གཏོང་དང་ཚོད་ལྟའི་ལས་འགན་སྒྲུབ་རྒྱུའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་ནས་རང་རྒྱལ་གྱི་མཁའ་སྐྱོད་བྱ་གཞག་གོང་འཕེལ་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས་ཀྱི་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
          སྔ་དྲོའི་ཆུ་ཚོད་༩པ་ལྷག་ཙམ་ལ་ཞི་ཅིང་ཕིང་རླངས་འཁོར་ལ་ཞུགས་ནས་རྟེན་གཞི་དེའི་དམག་དོན་ལོ་རྒྱུས་ཁང་ནང་ཕེབས་ཡོད་པ་རེད། རྟེན་གཞི་དེ་དུས་རབས་གོང་མའི་ལོ་རབས་༦༠པའི་ནང་བཙུགས་པ་དང་རང་རྒྱལ་གྱི་རང་རྟེན་ཇུས་བཀོད་བྱས་ནས་སྐྲུན་པའི་གཙོ་གནད་རྒྱལ་སྲུང་ལས་གཞིའི་ཚོད་ལྟ་ཁང་དང་པོ་དེ་ཡིན་པ་དང་ལོ་གཅིག་ནང་འཛུགས་སྐྲུན་ཟིན་པ་དང་ལོ་གཉིས་ནང་ཚོད་ལྟ་བྱེད་པ། ཐེངས་དང་པོར་ལེགས་གྲུབ་བྱུང་བ་བཅས་ཀྱི་ཕུལ་བྱུང་གྲུབ་འབྲས་ཐོབ་ཡོད་པ་རེད། ཞི་ཅིང་ཕིང་གིས། ལོ་ངོ་༥༠སོང་རིང་རྟེན་གཞི་དེས་དཀའ་ངལ་ཁྱད་བསད་ཀྱིས་བྱ་གཞག་གསར་གཏོད་དང་དཀའ་ཚེགས་ལས་སྐྲུན་བྱས་ནས་ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ཁག་ཕུལ་དུ་བྱུང་བའི་སྒོ་ནས་ལེགས་གྲུབ་བྱས་པ་དང་རང་རྒྱལ་གྱི་འཐབ་ཇུས་ནུས་པ་དང་རྒྱལ་སྲུང་སྟོབས་ཤུགས་ཆེ་རུ་གཏོང་ཆེད་མངོན་བསལ་དོད་པའི་ལེགས་སྐྱེས་ཕུལ་ཡོད་པས་ཏང་དང་མི་དམངས་ནས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
          ཆུ་ཚོད་༡༠ལྷག་ཙམ་ལ་ཞི་ཅིང་ཕིང་གིས་རྟེན་གཞིའི་རིག་གནས་ལུས་རྩལ་ལྟེ་གནས་སུ་ཕེབས་ནས་རྟེན་གཞིའི་ཐོན་ཤོག་གཞོན་པ་ཡན་གྱི་ལས་བྱེད་པ་དང་ཐུགས་འཕྲད་གནང་སྐབས་གལ་ཆེའི་གསུང་བཤད་གནང་ཡོད་པ་དང་ཁོང་གིས། ཚང་མའི་སེམས་ནང་མཁའ་སྐྱོད་ལ་རྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུག་འདུན་འཆང་བ་དང་འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་བ། ལག་་རྩལ་གསར་སྐྲུན་དང་དོན་དངོས་གསར་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་བར་སྣང་ཁམས་སུ་སྐྱོད་རྒྱུའི་ཀྲུང་གོའི་མཐོ་ཚད་ཟམ་མི་ཆད་པར་གསར་སྐྲུན་བྱེད་དགོས། ནུས་ཤུགས་གང་ཡོད་ཀྱིས་དཔུང་སྡེ་བརྗེ་སྒྱུར་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་དམག་འཐབ་སྟོབས་ཤུགས་གོང་འཕེལ་མགྱོགས་སུ་གཏོང་བ། དམག་ཡོངས་ཀྱི་མཉམ་འབྲེལ་དམག་འཐབ་མ་ལག་ནང་ཞུགས་རྒྱུ་མགྱོགས་སུ་བཏང་ནས་འབོད་མ་ཐག་ཡོང་ཐུབ་པ་དང་ཡོང་ཚེ་དམག་འཐབ་རྒྱག་ཐུབ་པ། དམག་འཐབ་བརྒྱབ་ཚེ་རྒྱལ་ཁ་ལེན་ཐུབ་པ་བཅས་བྱེད་དགོས་ཀྱི་ཡོད་ཅེས་གསུངས་འདུག

          ཞི་ཅིན་ཕིང་གིས། ནུས་ཤུགས་གང་ཡོད་ཀྱིས་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་དང་ཞི་ཅིང་ཕིང་གིས། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་གསར་བརྗེའི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་གསར་སྐྲུན་ཚད་བརྒལ་དང་རི་བོ་མཐོན་པོར་འཛེགས་ཕོད་པའི་བྱ་གཞག་སྒྲུབ་སེམས་རྒྱུན་འཁྱོངས་བྱེད་པ། ནན་གཟབ་ཞིབ་ཕྲ་ཏན་ཏིག་དང་ཡག་ཐོག་ཡག་བརྩེགས་ཀྱི་ལས་ཀའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་ཐོག་གི་རྩེར་སོན་དམག་དཔུང་འཛུགས་སྐྱོང་བྱེད་པ་དང་མཁའ་སྐྱོད་ལ་རྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་༡༩པ་རྒྱལ་ཁའི་ངང་སྐོང་འཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716