སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཐོ་སྒང་འབྲོག་ལས་ཀྱི་གནའ་དེང་གཤིབ་སྡུར། (གཅིག)ཆེད་ལས་མཁས་པས་འབྲོག་ཁུལ་ལ་ཕུལ་བའི་ལེགས་སྐྱེས།
སྤེལ་དུས། 2017-06-27   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པདྨ་ཚེ་རིང་གིས་བསྒྱུར།
          ད་ལོ་ནི་མཚོ་བོད་མཐོ་སྒང་གི་ཁྱད་ལྡན་སྐྱེ་ཁམས་འབྲོག་ལས་རྣམ་གྲངས་མགོ་བརྩམས་པའི་ལོ་དྲུག་པ་ཡིན་ཞིང་དཔེ་སྟོན་སྡོད་ཁུལ་དུ་ཉིན་ལྟར་བདེ་སྐྱིད་ལྡན་པའི་འཚོ་བའི་རྣམ་པ་ཞིག་ངང་གིས་ཤར་འདུག སྐྱེ་ཁམས་སྲུང་སྐྱོབ་བྱས་ནས་ཐོན་ཚད་ལས་ཆོད་མཐོར་འདེགས་བཏང་སྟེ་འབྲོག་དམངས་ཕྱུག་འགྱུར་བྱེད་པར་མཚོ་བོད་མཐོ་སྒང་སྟེང་དུ་ཡང་སྙིང་ཅི་ཞིག་ལེགས་སྐྱེས་སུ་ཕུལ་བ་ཡིན་ནམ།  
          ལེ་ཚན་འདིར་རྩོམ་སྒྲིག་པས་ལྷན་རྒྱས་ལ་མཚོ་བོད་མཐོ་སྒང་འབྲོག་ལས་དཔེ་སྟོན་སྡོད་ཁུལ་བཞིའི་འགྱུར་ལྡོག་ཆེ་ཕྲ་སྟེ་དཔེར་ན་ས་བྱིའི་གནོད་པ་སེལ་བ་དང་། རྩྭ་འདེབས་པ། ལས་སྣོན་བྱེད་པ། ཚོང་རྟགས་བཟོ་བ་སོགས་མཐོ་སྒང་གི་འབྲོག་ཁུལ་ཇི་ལྟར་དབུལ་ཐར་ཕྱུག་འགྱུར་བྱེད་པའི་ཚུལ་ལ་བལྟ་བར་བྱའོ། །
          སི་ཁྲོན་ཁྱུང་ཆུ་རྫོང་ཨན་ཆུའི་སྡོད་ཁུལ།

           འདི་ནི་སི་ཁྲོན་རྔ་བ་ཁྱུང་ཆུའི་ཨན་ཆུ་སྡོད་ཁུལ་གྱི་བོད་ལུགས་སྲུབ་ཇ་དང་འོ་ཇ་བསྐོལ་ཚུལ་ཡིན། ཇ་འདི་རིགས་སྔོན་གྱི་བྲོ་བ་བླ་ལྷག་ལྡན་ཡང་ལས་ཆོད་དམའ་ལ་འཁོར་ཡུག་ངན་ངོན་ཡིན་པས་ས་གནས་ཀྱི་འབྲོག་པ་རྣམས་ལ་མཚོན་ན་རང་ཁ་རང་གསོ་ཙམ་ཡིན།

           ༢༠༡༢ལོར་རྣམ་གྲངས་རྩ་འཛུགས་དང་ས་གནས་ཀྱི་འབྲོག་པའི་དབར་གྲོས་ཁ་གཅིག་ཏུ་མཐུན་ནས་འོ་ཟས་ལས་སྣོན་བཟོ་གྲྭ་བཙུགས། དེ་བས་མཐོ་སྒང་གི་འབྲོག་ཁུལ་ཉིད་དུ་ཚན་རིག་ཐོན་སྐྱེད་ཅིག་གཞི་ནས་ཡོད་པར་གྱུར་ལ་འདི་ལས་ས་གནས་ཀྱི་འབྲོག་པའི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་མ་ཟད་ད་དུང་ཇེ་ལེགས་སུ་བཏང་ནས་ཐོན་སྐྱེད་དང་ཚོང་ལས་ཟུང་འབྲེལ་སྒོས་ཁྱུང་ཆུ་ཨན་ཆུ་འོ་ཞོའི་ཚོང་རྟགས་བཟོས།
           བོད་ལུགས་སྲོལ་རྒྱུན་གྱི་འོ་ཟས་ལས་སྣོན་ལག་རྩལ་རྨང་གཞི་བྱས་ཏེ་མཐོ་སྒང་གི་ཁྱད་ཆོས་ཀུན་ནས་འཛོམས་པའི་འོ་ཟས་ལས་སྣོན་བྱས།
 
           ཁྱུང་ཆུ་ཨན་ཆུ་སྡོད་ཁུལ་གྱི་འོ་ཟས་ལས་སྣོན་བཟོ་གྲྭས་བྲེལ་བ་ཆེ་ཞིང་སྒྲིག་རིམ་ཡོད་པའི་སྒོ་ནས་འོ་ཞོ་ཐོན་སྐྱེད་བྱེད་བཞིན་པའི་ཚུལ།
           ཀན་སུའུ་ཀན་ལྷོ་བསང་ཁོག་སྡོད་ཁུལ།
           ཚན་རིག་གི་སྡེབ་ཁ་ལྟར་ལས་སྣོན་བྱས་པའི་ཤ་སྐམ་ལ་བྲོ་བ་སྔར་བས་ལྡན།



           ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་ཁུལ་བསང་ཆུ་རྫོང་ནི་ཡུལ་བསྐོར་ལྗོངས་རྒྱུའི་གནས་མཆོག་ཅིག་ཡིན་ལ།  བསང་ཆུ་རྫོང་དུ་ལྟ་སྐོར་དུ་སླེབས་ཚེ་ངེས་པར་དུ་བསང་ཁོག་རྩྭ་ཐང་ལ་ལྟད་མོར་ཆས་ནས་འབྲི་བརྒྱ་མ་གཡང་འཁྱིལ་རྟགས་ཅན་གྱི་ཤ་སྐམ་ཉོ་དགོས།
           མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་ཁུལ་ཧི་ནན་ཀ་ཆེན་སྡོད་ཁུལ།

           ལོ་རེར་ཐེངས་རེ་ཚོགས་བཞིན་པའི་རྔོག་ར་གཡང་དཀར་འགྲན་བསྡུར་ཁྲོད་ལག་རྩལ་པས་གཡང་དཀར་ལུག་ལེགས་ཤོས་ཀྱི་ཤ་ཤེད་ཚད་འཇལ་བ་དེའང་མཛེས་དཔྱོད་ཀྱི་འགྲན་བསྡུར་ཞིག་ཅི་ལ་མིན།


           གཡང་དཀར་ལུག་གསོ་མཁན་དཀོན་ཏོ་ལགས་ཀྱིས་ལོ་འགའི་ནང་བསྟུད་མར་རྔོག་ར་གཡང་དཀར་འགྲན་བསྡུར་ཁྲོད་དུ་ཨང་དང་པོའི་བྱ་དགའ་ཐོབ། ས་གནས་ཀྱི་འབྲོག་པ་རྣམས་ཀྱིས་བཤད་པ་ལྟར་ན་རྔོག་ར་གཡང་དཀར་གཅིག་ལ་དམངས་སྒོར་ཆིག་ཁྲི་ལྔ་སྟོང་ཡས་མས་ཙམ་ཡིན། ཕྱུགས་རྒྱུད་བཟང་བོའི་མན་ངག་ནི་ཚན་རིག་དང་མཐུན་པའི་རྒྱུད་སྤེལ་དུས་འཁོར་ལྟར་གཟན་ཆས་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན་ལ། དེའི་ཁྲོད་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བའི་འཕེལ་རྒྱས་ཀྱི་འདུ་ཤེས་ཀྱང་འདུས་ཡོད།  དཀོན་ཏོ་ཚང་ལ་རྔོག་ར་གཡང་དཀར་༥༠༠ཡོད་ཅིང་ལོ་རེར་ལུག་༡༠༠བཙོང་གིན་ཡོད། ལྷན་རྒྱས་མཁྱེན་དཔྱོད་ཅན་ནས་ཚན་རིག་ལག་རྩལ་གྱིས་འབྲོག་དམངས་རྣམས་ལ་ཁེ་ཕན་ཅི་འདྲའི་མང་པོ་གནང་ཡོད་པ་ནི་དཔྱོད་དང་ཤེས་སོ། ། 
           མཚོ་སྔོན་ཡུལ་ཤུལ་ཤེའུ་སྡོད་ཁུལ།

           མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་ཤེའུ་སྡོད་ཁུལ་དུ་རྩྭ་ར་མུའུ་ཁྲི་༨ཡོད་ཅིང་དེའི་ཁྲོད་དུ་བྱེ་འགྱུར་རྩྭ་རའི་༢༠%ཟིན་གྱི་ཡོད། སྔོན་ཆད་འབྲོག་ཁྱིམ་སྐོར་ཞིག་གིས་ཚོང་པ་རྣམས་ལ་རྩྭ་ར་གླས་ནས་བྱེ་མ་བརྐོ་རུ་བཅུག་པས་རྩྭ་ས་བྱེ་འགྱུར་སྔར་བས་ཐུ་བར་གྱུར།
 
          ད་ལྟ་གཟན་རྩྭའི་གནད་དོན་དུས་ལྟར་ཐག་གཅོད་བྱས་ཡོད་པས་ཆེད་མཁས་པས་ས་བྱི་གསོད་པ་དང་། རྩྭ་འདེབས་པ། ལུད་སྨན་རྒྱག་པ། ལྕགས་ར་བསྐོར་ནས་སྲུང་སྐྱོབ་བྱེད་པ་སོགས་ཐབས་ཤེས་སྣ་ཚོགས་སྤྱད་ནས་འབྲོག་པའི་རྩྭ་ས་སླར་གསོ་བྱས་ཏེ་ཆུ་མོ་དྭངས་ཤིང་རི་བོ་སྔོ་ལྗང་ཅན་དུ་བསྒྱུར་བཞིན་ཡོད།
 
           འབྲོག་པ་རྣམས་ཀྱིས་དེ་སྔོན་བྱེ་མ་བླངས་པའི་གནས་སུ་མཆོད་རྟེན་དཀར་པོ་ཞིག་བརྩིགས་ཏེ་མི་རབས་ཚ་རྒྱུད་ལ་ས་དོག་མོར་སྲུང་སྐྱོབ་བྱེད་དགོས་པའི་བསླབ་བྱ་གནང་ཡོད། 
           ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པས། རྒྱལ་ཁབ་ཀྱིས་སྐྱེ་ཁམས་དང་རྩི་དོག་ལ་སྲུབ་སྐྱོབ་གང་ལེགས་བྱེད་པའི་བླང་བྱ་ལྟར་ཚན་རིག་གི་འབྲས་བུ་འདི་དག་སྔར་བས་སྟོབས་དང་ལྡན་པར་གྱུར་ཏེ་ཕྱོགས་ནས་ཕྱོགས་སུ་ཕན་པ་དང་།  དེ་བཞིན་འབྲོག་པ་སྔར་ལས་མང་པོར་ཞབས་འདེགས་ཞུས་ནས་མཐོ་སྒང་གི་འབྲོག་ལས་དེང་རབས་ཅན་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་ཡོང་བར་གྱུར་ཅིག
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716