སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་གསོ་རིག་ཤུལ་འཛིན་པས་གསོ་རིག་རིག་གནས་རྒྱུན་འཛིན་དང་དར་སྤེལ་དུ་བཏང་བ།
སྤེལ་དུས། 2017-08-10   ཡོང་ཁུངས། ཀྲུང་གོ་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་གིས་བསྒྱུར།

དགྲ་འདུལ།

བོད་རང་སྐྱོང་ལྗོངས་གསོ་རིག་སློབ་གླིང་།
          བོད་རང་སྐྱོང་ལྗོངས་གསོ་རིག་སློབ་གླིང་གི་དགྲ་འདུལ་ནི་མིང་དུ་གྲགས་པའི་སྨན་པ་ཞིག་ཡིན་པར་མ་ཟད།  ༢༠༡༥ལོ་ནི་དགྲ་འདུལ་གྱིས་གསོ་རིག་བྱ་བ་གཉེར་ནས་མི་ལོ༥༧འགོར་བའི་གནད་སའི་ལོ་ཞིག་ཡིན་པ་དང་།  ཁོང་གིས་དུས་རབས་ཕྱེད་ཀྱི་རིང་དུ་བོད་ཀྱི་གསོ་རིག་འཕེལ་རྒྱས་ནི་དངོས་ཡོད་འཚོ་བ་དང་ལོ་རྒྱུས་ལ་བརྟེན་ནས་བདེན་དཔང་སྙོམས་མེད་བྱས།  དགྲ་འདུལ་ནི་བོད་ལྗོངས་གསོ་རིག་སློབ་གླིང་གི་མཚན་འཛིན་གླིང་གཙོ་དང་སྨན་པ་ཆེན་མོ་ཡིན།  ༢༠༡༤ལོའི་ཟླ༡༡པར།  ཁོང་ཉིད་ལ་རྒྱལ་ཁབ་ཀྱི་སྨན་པ་ཆེན་མོ་ཞེས་པའི་གོ་ཐོབ་སྤྲད་དེ་བོད་ཀྱི་གསོ་བ་རིག་པའི་ཆེད་མཁས་པའི་ཁྲོད་ཆོ་ལོ་འདི་ཉིད་ཐོབ་མཁན་གྱི་མི་སྣ་གཉིས་པར་གྱུར་ཞིང་།  དགྲ་འདུལ་གྱིས་གསོ་རིག་བྱ་བ་གཉེར་ནས་མི་ལོ༥༧འགོར་བ་དང་།  ཁོས་དུས་རབས་ཕྱེད་ཀྱི་རིང་གི་བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་གནས་བབ་ལ་རང་གི་མྱོང་སྟོབས་ཀྱི་བྱུང་བས་བདེན་དཔང་སྙོམས་མེད་བྱས་པར་མ་ཟད། འདས་པའི་ལོ་ཟླའི་ཁྲོད་ཁོ་ཚོ་རྟ་ལ་ཞོན་ནས་ཕྱོགས་བཞིར་སྨན་བཅོས་སུ་བསྐྱོད་ཅིང་རི་མགོ་ནས་རྩྭ་སྨན་སྣ་མང་བཏུས་པར་མ་ཟད།  དེང་སྐབས་ཀྱི་བོད་ཀྱི་གསོ་རིག་སློབ་གླིང་གསར་འཛུགས་གནངས་ཤིང་བོད་སྨན་ལས་སྣོན་བཟོ་གྲྭ་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་བཏང་སྟེ། བོད་ཀྱི་གསོ་རིག་ལ་མཛད་རྗེས་བླ་ན་མེད་པ་ཞིག་བསྐྲུན།
          སྨན་རྩིས་གླིང་ནི་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གི་ཆེས་ཐོག་མའི་རྨང་འདིང་ས་དེ་ཡིན་ལ། དགྲ་འདུལ་དང་བོད་ཀྱི་གསོ་རིག་ལས་ཀྱིས་སྦྲེལ་ས་ཡང་ཡིན་པ་རེད།  སྨན་རྩིས་གླིང་ནི་ད་ལྟའི་བར་དུ་བོད་ཀྱི་གསོ་རིག་གི་འཇོན་མི་མང་བོ་སྐྱེད་བསྲིང་བྱེད་པའི་རྟེན་གཞི་གཙོ་བོར་གྱུར་ལ། གནས་འདི་ནས་བོད་ཀྱི་གསོ་རིག་ལ་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་ཉམས་མྱོང་དང་གཤིས་སྤྱོད་ལྡན་པའི་མཁས་དབང་ཉི་ཟླས་ས་བཀབ་པ་ལྟ་བུ་མང་བོ་བྱོན་པར་མ་ཟད། དགྲ་འདུལ་ནི་དེའི་ཁྲོད་ཀྱི་མི་སྣ་གཅིག་ཡིན། ལོ༨གྱི་སྟེང་ནས་དགྲ་འདུལ་ཕ་ལགས་དང་ལྷན་དུ་འགྲོགས་ནས་བོད་ཀྱི་གསོ་རིག་གི་རྨང་གཞིའི་ཤེས་བྱ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་ནས་སློབ་གཉེར་གནངས།  ༡༩༥༨ལོར་ཕ་ལགས་དང་ལྷན་དུ་སྨན་རྩིས་གླིང་ནས་དགེ་རྒན་ཚབ་མ་བྱས།  ལོ་༡༢ལ་སོན་མ་ཐག་པའི་དགྲ་འདུལ་གྱིས་དེ་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལ་སློབ་གཉེར་གྱི་དབུ་བརྟན་པོར་ཚུགས་པ་དང་། དགྲ་འདུལ་ནི་སྨན་རྩིས་གླིང་གི་ལོ་ན་ཆེས་ཆུང་བའི་སློབ་མ་ཡིན།  
          ཁོས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་སྙིང་བོ་དཔལ་ལྡན་རྒྱུད་བཞི་དང་གནམ་རིག་སྐར་རྩིས་སོགས་ལ་སྦྱངས་པ་མཐར་ཕྱིན་མཛད་པ་དང་། དགྲ་འདུལ་གྱིས་ཁོ་རང་སློབ་མཐར་ཕྱིན་པའི་ཉིན་མོ་དེར།  གསོ་རིག་སློབ་གླིང་གི་དགེ་སློབ་ཡོངས་ཀྱི་མདུན་ནས་གསོ་རིག་དཔལ་ལྡན་རྒྱུད་བཞི་མགོ་ནས་མཇུག་བར་དུ་སྔ་དྲོའི་དུས་ཚོད་སྤྱད་དེ་བློ་རྒྱུགས་ཕུལ་ནས་རིམ་བཞིན་སློབ་མཐར་ཕྱིན་པ་རེད།  ༡༩༨༩ལོའི་ཟླ༩བར།  བོད་ལྗོངས་སློབ་ཆེན་དུ་བོད་ཀྱི་གསོ་རིག་སློབ་གླིང་དངོས་སུ་དབུ་བརྙེས་པ་དང་། ༡༩༩༣ལོར་རྒྱལ་ཁབ་སློབ་གསོ་ཨུ་ལྷན་གྱིས་ཆོག་མཆན་ཐོབ་སྟེ་བོད་ཀྱི་གསོ་རིག་སློབ་གླིང་དངོས་སུ་བཙུགས།  ༢༠༠༡ལོར་རྒྱལ་ཁབ་སློབ་གསོ་ཨུ་ལྷན་གྱིས་ཆོག་མཆན་ཐོབ་སྟེ་བོད་ལྗོངས་བོད་ཀྱི་གསོ་རིག་སློབ་གླིང་ཞེས་པར་མིང་བསྒྱུར། མིག་སྔར་སློབ་གླིང་འདི་རུ་བོད་ཀྱི་གསོ་རིག་ལ་སློབ་གཉེར་བྱེད་པའི་སློབ་མ༢༠༠༠ལྷག་ཡོད་ལ། སློབ་མ་འདི་དག་ནི་བོད་ཀྱི་གསོ་རིག་གི་ཤུལ་ནོར་རྩ་ཆེན་རྒྱུད་འཛིན་དང་དར་སྤེལ་བྱེད་པའི་ཤེས་ལྡན་མི་སྣའི་རུ་དཔུང་ཆེན་པོ་ཞིག་ཡིན། 
          གསོ་རིག་སློབ་གསོ་བཅོས་བསྒྱུར་གཙོ་གནད་དུ་བཟུང་བ་དང་། གཞན་ཡང་དགྲ་འདུལ་གྱིས་བོད་ཀྱི་གསོ་རིག་འཕེལ་རྒྱས་ལ་རང་གི་གོ་མྱོང་ཐོས་གསུམ་དང་བརྩོན་པས་བརྒྱུད་པའི་གྲུབ་འབྲས་ལ་བརྟེན་ནས་བདེན་དཔང་སྙོམས་མེད་བྱས།  དགྲ་འདུལ་གྱིས་བྱ་བའི་དབུ་རྩོམ་སྐབས།  བོད་ལྗོངས་སུ་གཞི་རྒྱ་ཆེ་བའི་བོད་སྨན་བཟོ་གྲྭ་ཞིག་མེད།  བོད་སྨན་ཁང་དུ་བོད་སྨན་ལས་ས་ཆེས་སྟབས་བདེ་གཅིག་ལས་མེད་ལ།  སྒོ་བསྟེན་ཁང་དང་ཞག་སྡོད་ཁང་།  སྨན་བཅོས་ལ་མཁོ་བའི་སྨན་སྣ༣༠༠ལྷག་གི་ལས་སྣོན་བྱ་བ་སྒྲུབ་དགོས། བོད་སྨན་ལ་སྨན་པས་དངོས་སུ་རྩྭ་སྨན་བཏུས། གཞུང་ལུགས་དང་རང་གི་ཉམས་མྱོང་ཕུན་སུམ་ཚོགས་པ་ལ་བརྟེན་ནས་ལས་སྣོན་བྱེད་དགོས།  དབྱར་ཁ་སླེབས་པ་དང་སྨན་པ་ཚོས་ལམ་རྒྱགས་མོད་པོ་ཁྱེར་ནས་རི་མགོར་སྨན་རྩྭ་འཐུ་རུ་ཉིན༢༠ལྷག་ལ་འགྲོ་དགོས།  དགྲ་འདུལ་བྱ་བར་ཞུགས་མ་ཐག་ནས་རི་མགོར་སྨན་རྩྭ་འཐུ་རུ་སོང་། སྨན་རྩྭ་འཐུ་ཡུལ་ནི་རི་མཐོ་ཞིང་ལམ་ཐག་རིང་བའི་གཞི་རིམ་ནས་དབུ་རྩོམ་དགོས། གཡག་ལ་ཁལ་བཀལ་ནས་རི་དང་གཙང་བོ་མང་བོ་བརྒལ་དགོས་པས། ཐེངས་ཤིག་ལ་དགྲ་འདུལ་གྱིས་སྨན་རྩྭ་འཐུ་སྐབས། དྲག་ཆར་ལ་འཕྲད་པས་ཁོ་དང་སྨན་པ་གཞན་ཞིག་ལ་ཉམས་མྱོང་མེད་པས་ཕྱིར་ལོག་སྐབས་ཁེར་རྐྱང་དུ་ལུས་ཏེ་སྦྲ་གུར་དུ་སླེབས་མཁན་རྗེས་མར་གྱུར།  
          ད་སྐབས་བོད་སྨན་ཐོན་སྐྱེད་ཅན་དང་གཞི་རྒྱ་ཅན་དུ་གྱུར། 
          ཨ་ཆེན་དོན་གྲུབ་ནི་རླབས་ཆེན་གྱི་མི་སྣའི་སློབ་སྟོན་ལ་བརྟེན་ནས་མདུན་དུ་བསྐྱོད་མཁན་ཞིག་ཡིན། 
          ཁོ་རང་བོད་སྨན་ཁང་དུ་མ་ཡོང་བའི་སྔོན་དུ། བོད་ཀྱི་གསོ་རིག་སློབ་གླིང་ནི་ངོ་མཚར་ལྐོག་གྱུར་གྱི་སློབ་ཆེན་ཞིག་ཏུ་སྒོམ་མྱོང་བར་མ་ཟད། བདེ་ཆེན་བོད་ཡིག་སློབ་འབྲིང་གི་མཐོ་འབྲིང་དུ་སློབ་གཉེར་བྱེད་སྐབས། རྒན་ལགས་ཀྱིས་ནམ་རྒྱུན། བོད་ཀྱི་གསོ་རིག་སློབ་གླིང་དུ་སློབ་མ་ཚང་མས་གསོ་རིག་གི་གཞུང་ལུགས་གཙོ་བོ་དཔལ་ལྡན་རྒྱུད་བཞི་བློར་བཟུང་ན།  ད་གཟོད་སློབ་མཐར་ཕྱིན་ཐུབ། ཅེས་ལན་མང་གསུངས་མྱོང་།  སྐབས་དེར་རྒན་ལགས་ཀྱིས་ལག་པས་དཔལ་ལྡན་རྒྱུད་བཞི་བློ་འཛིན་དགོས་པའི་དཔེ་ཆའི་མཐུག་ཚད་དེ་རྒྱུན་པར་སྟོན་ལ། དེ་དུས་གསོ་རིག་དཔལ་ལྡན་རྒྱུད་བཞི་མཇལ་མ་མྱོང་ན་ཡང་། རྒན་ལགས་ཀྱིས་གསུངས་པའི་དཔེ་ཆའི་མཐུག་ཚད་དེས་ང་རང་ཧ་ལས་སུ་བཅུག
          ཨ་ཆེན་དོན་གྲུབ་ནི་༢༠༡༦ལོར་བོད་ལྗོངས་བོད་སྨན་གསོ་རིག་སློབ་གླིང་དུ་ཡོང་བའི་སློབ་མ་ཞིག་ཡིན།  མིག་སྔར་ཁོས་བོད་ལྗོངས་བདུད་རྩི་བོད་སྨན་ཚད་ཡོད་སྤྱི་གཉེར་ཁང་དུ་བྱ་བ་གཉེར་བཞིན་ཡོད་ལ།  ཁོའི་ཕྱིར་དྲན་གྱི་ཀློང་ན། རེ་འདོད་ཡི་གེ་འབྲི་བའི་ཉིན་འགའི་ཡར་སྔོན་དུ། ཁོའི་སློབ་ཆེན་ལ་ཡིག་རྒྱུགས་སྤྲད་པའི་གྲུབ་འབྲས་གཟེངས་སུ་མཐོ་ལ། བོད་ཡིག་གི་བསླབ་འབྲས་ཀྱང་རྩེ་གྲས་སུ་ཡོད་པས། མཚོ་སྔོན་དགེ་ཐོན་སློབ་ཆེན། བོད་ལྗོངས་གསོ་རིག་སློབ་གླིང་། ཡུན་ནན་མི་རིགས་སློབ་ཆེན་སོགས་སློབ་གྲྭས་གཏན་འབེབས་བྱས་པའི་སློབ་ཆེན་ཁག་རང་གི་འདོད་པ་ལྟར་འདེམས་ཆོག འོན་ཀྱང་ཨ་ཆེན་དོན་གྲུབ་ཀྱིས་བོད་ཀྱི་རིག་གནས་ཤེས་བྱ་ལ་བརྩོན་པའི་བློ་སྤོབས་མ་ཉམས་པས།  སློབ་ཆེན་འདི་དག་གི་ཁྲོད་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་སོགས་ཁོའི་འདོད་བློ་དང་ཡོངས་སུ་མཐུན་པ་ནི་བོད་ལྗོངས་གསོ་རིག་སློབ་གླིང་ཡིན་པ་རེད། ཁོ་རང་དེ་གའི་མི་ལོ་ལྔར་གསོ་རིག་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པའི་སློབ་མ་ཞིག་ཏུ་གྱུར་བ་དང་བོད་ཀྱི་གསོ་བ་རིག་པའི་རྒྱུད་འཛིན་པ་ཞིག་ཏུའང་དེ་མཚུངས་སུ་གྱུར་ཡོད་པ་རེད།   
          ༢༠༡༦ལོའི་ཟླ༧པར་ལོ་ལྔའི་སློབ་གཉེར་མཇུག་སྒྲིལ་བ་དང་། ཨ་ཆེན་དོན་གྲུབ་གསོ་རིག་སློབ་གླིང་ནས་མཐར་ཕྱིན། ལོ་ལྔའི་རིང་གི་སློབ་སྦྱོང་གི་འཚོ་བ་ལ་ཁོས་ཕྱིར་དྲན་ཞིག་བྱས་དུས། བོད་ཀྱི་གསོ་རིག་སློབ་གླིང་ནི་སློབ་ཆེན་གཞན་དང་བསྡུར་ན་ཆ་རྐྱེན་དེ་འདྲ་མི་ལེགས་ཀྱང་། འོན་ཀྱང་གནས་འདི་ནས་ཨ་ཆེན་དོན་གྲུབ་ལ་གསོ་རིག་གི་གྲུབ་འབྲས་མི་དམན་པ་ཐོབ།  ཁོས་བཤད་རྒྱུར། བོད་ཀྱི་གསོ་རིག་སློབ་གླིང་ནས་ཐེངས་དང་བོར་སློབ་ཁྲིད་བྱེད་པ་ནི་སྨན་པའི་ཀུན་སྤྱོད་ཡིན། སློབ་མར་ཆེས་ལེགས་པའི་རིན་ཐང་གི་ལྟ་བ་ལེགས་པོ་ཚུགས་སུ་བཅུག་སྟེ་དམངས་ལ་ཞབས་ཞུ་སྒྲུབ་པ། སྤྱི་ཚོགས་ལ་ཕན་བདེ་བསྐྲུན་དགོས་པའི་གནས་ལུགས་རྟོགས་སུ་བཅུག  བོད་ཀྱི་གསོ་རིག་གི་འབྲེལ་ཡོད་ཤེས་རིག་ལ་སློབ་སྦྱོང་བྱས་རྗེས། ཨ་ཆེན་དོན་གྲུབ་ཀྱིས་རང་གི་མེས་པོའི་གུ་ཡངས་སྒམ་དཀྱེལ་གྱི་བློ་ཁོག་དང་ངོ་མཚར་བའི་གསོ་བ་རིག་པའི་དགེ་མཚན་རྟོགས་པར་མ་ཟད། ཨ་ཆེན་དོན་གྲུབ་ཀྱིས་བཤད་རྒྱུར། བོད་ཀྱི་གསོ་རིག་སློབ་གླིང་དུ་ང་ཚོས་གསོ་རིག་རིག་གནས་ཀྱི་ཉིང་བཅུད་དང་མ་ལག་མང་བོ་བསླབ་པས། གཞུང་ལུགས་ནས་ལག་ལེན་བརྒྱུད་དེ་འོད་སྟོང་འབར་བའི་གསོ་རིག་གི་ཤེས་བྱ་རེ་རེ་ལ་འབད་བརྩོན་བྱས་པ་ཡིན། ཞེས་སྤོབས་པ་ཆེན་པོས་གསལ་བརྗོད་བྱས། 
          ལོ་སྔོན་མའི་ཟླ༧པར། ཨ་ཆེན་དོན་གྲུབ་སློབ་ཆེན་ནས་མཐར་ཕྱིན་རྗེས་ཁོས་བོད་ལྗོངས་བདུད་རྩི་བོད་སྨན་ཚད་ཡོད་སྤྱི་གཉེར་ཁང་ནས་བྱ་བ་གཉེར་བར་མ་ཟད། ཨ་ཆེན་དོན་གྲུབ་ཀྱི་མི་ཚེའི་རེ་བ་ཉག་གཅིག་ནི་ངོ་མཚར་བའི་བོད་ཀྱི་གསོ་བ་རིག་པ་ལ་བརྟེན་ནས་འགྲོ་བ་མིའི་རིགས་བདེ་ཐང་དང་ཚེ་རིང་ནད་མེད། འཚོ་བ་བདེ་སྐྱིད་ཡོང་བ་དང་། བོད་ཀྱི་གསོ་བ་རིག་པའི་རིག་གནས་སྲིད་ན་དཀོན་པ་འདི་མུ་མཐུད་མཐོ་སྒང་གི་གནས་མལ་འདི་ནས་རྒྱུད་འཛིན་དང་དར་སྤེལ་དུ་གཏོང་རྒྱུ་དེ་ཡིན་པ་རེད། 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716