སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
པཎ་ཆེན་རིན་པོ་ཆེ་བཀྲ་ཤིས་ལྷུན་པོ་དགོན་དུ་སྤྱི་ཕན་དགེ་སྒྲུབ་ཀྱི་ཞལ་འདེབས་མཛད་སྒོར་ཞུགས།
སྤེལ་དུས། 2017-08-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་སྔོན།  བཀྲ་ཤིས་ལྷུན་པོ་དགོན་དུ་བོད་སྐྱོར་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་། པེ་ཅིང་ཐུན་རིན་ཀྲང་ཞའོ་ལིའུ་མིག་ནད་ཚན་ཁག་སྤྱི་ཕན་ཐེབས་རྩ་ཚོགས་པའི“གཞིས་རྩེའི་སྤྱི་ཕན་འགྲུལ་བཞུད”ཅེས་པའི་ཞལ་འདེབས་མཛད་སྒོ་གཟབ་རྒྱས་ངང་སྤེལ་ཅིང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། བོད་སྐྱོར་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་ལས་འཛིན་འགོ་གཙོ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཛད་སྒོར་ཞུགས།
“གཞིས་རྩེའི་སྤྱི་ཕན་འགྲུལ་བཞུད”ཀྱི་ཞལ་འདེབས་མཛད་སྒོའི་ཡུལ་དངོས།
“གཞིས་རྩེའི་སྤྱི་ཕན་འགྲུལ་བཞུད”ཀྱི་ཞལ་འདེབས་མཛད་སྒོའི་ཡུལ་དངོས།
“གཞིས་རྩེའི་སྤྱི་ཕན་འགྲུལ་བཞུད”ཀྱི་ཞལ་འདེབས་མཛད་སྒོའི་ཡུལ་དངོས།
སྐལ་བཟང་ཚེ་རིང་གིས་གསུང་བཤད་གནང་བ།
          མཛད་སྒོའི་ཐོག་བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་སྐལ་བཟང་ཚེ་རིང་གིས། “གཞིས་རྩེའི་སྤྱི་ཕན་འགྲུལ་བཞུད” ནི་པེ་ཅིང་ཐུན་རིན་གྱི་ཀྲང་ཞའོ་ལིའུ་མིག་ནད་ཚན་ཁག་གི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཐོག་དང་པོར་བོད་དུ་ཕེབས་ནས་གཅེས་སེམས་སྤྱི་ཕན་བྱེད་སྒོ་སྤེལ་བ་ཡིན་ཞིང་། དེའི་ནང་དོན་དུ། སྐྱ་གྲིབ་ཕོག་མཁན་ལ་རིན་མེད་ཀྱིས་བསྐྱར་མཐོང་གཤག་བཅོས་དང་། མང་ཚོགས་ལ་མིག་ནད་ཚན་ཁག་གི་འོས་འགན་སྨན་བཅོས་བློ་འདྲི་ཆེད་དང་། གཞོན་ནུ་ལོ་ཆུང་རྣམས་ལ་མིག་ལ་གཅེས་སྤྲས་བྱེད་པའི་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་སྤེལ་ཆེད་བཀྲས་ལྷུན་དགོན་གྱི་དགེ་འདུན་རྣམས་ལ་མིག་སྲུང་སྒྲོན་སྟེགས་ཞལ་འདེབས་ཕུལ་བ་དང་། རྒྱ་ཆེའི་མང་ཚོགས་ལ་ཉི་མའི་མིག་ཤེལ་དང་རྒྱུ་སྤུས་འབུར་གསལ་གྱི་མིག་ཤེལ་སོགས་ཞལ་འདེབས་ཕུལ་བར་རྒྱ་ཆེའི་དམངས་ཚོགས་ཀྱིས་དགའ་བསུ་ཆེན་པོ་འཐོབ་ཡོད་ཅེས་བསྟོད་བསྔགས་བྱས། 
          ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། ཞལ་འདེབས་འབུལ་བའི་མཛད་སྒོའི་སྔ་ཉིན་དུ། པེ་ཅིང་ཐུན་རིན་ཀྲང་ཞའོ་ལིའུ་མིག་ནད་ཚན་ཁག་གི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་གཅེས་སེམས་ཚོགས་པའི་མཁས་པ་རྣམས་ཀྱིས་ས་མཐོའི་རྫ་དུག་དང་ལམ་བར་གྱི་ངལ་དུབ་ལ་མ་འཛེམ་པར་གཞིས་རྩེའི་སྐྱ་གྲིབ་ཕོག་པའི་ནད་པ32 ལ་རིན་མེད་ཀྱིས་མིག་འབྱེད་གཤགས་བཅོས་ལག་བསྟར་བྱ་དགོས། 
          མཛད་སྒོ་ཚོགས་པའི་ཉིན་དེར། གཤག་བཅོས་དང་ལེན་བྱས་པའི་རྒན་རྒོན་སྐྱ་གྲིབ་ཕོག་པའི་ནད་པ་32 ལྷག་གིས་ཁོ་ཚོའི་བཀའ་དྲིན་གྱི་བསམ་པ་རྣམ་དག་འཁྱེར་ནས་ཞལ་འདེབས་མཛད་སྒོའི་ཡུལ་དངོས་སུ་ཡོང་སྟེ། པཎ་ཆེན་རིན་པོ་ཆེ་དང་། འགོ་ཁྲིད། ཆེད་མཁས་པ་རྣམས་དང་མཉམ་གཅིག་ཏུ་ནད་གསོའི་དུས་སྐབས་བསུ་བ་བྱས་ཏེ་བསྐྱར་མཐོང་གི་དགའ་སྣང་ལོངས་སྤྱོད་བྱས། 
 པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སེམས་ཆུང་སྒོས་སྐུ་ངོ་མས་ནད་པ་རེ་རེའི་མིག་བཏུམས་པའི་སེང་རས་ཕྱེས་པར་མ་ཟད། ཁོ་ཚོར་མིག་སྲུང་མིག་ཤེལ་སྦྱིན།
          དེའི་རྗེས་སུ། པཎ་ཆེན་དང་དེ་མིན་གྱི་མཛད་སྒོར་ཞུགས་པའི་འགོ་ཁྲིད་ཚོས་གཞིས་རྩེ་གྲོང་ཁྱེར་གྱི་སློབ་མའི་འཐུས་ཚབ་པར་མིག་གཅེས་ཚན་རིག་ཁྱབ་གདལ་གྱི་དཔེ་དེབ་སྤྲད་པ་དང་། པེ་ཅིང་ཐུན་རིན་ཀྲང་ཞའོ་ལིའུ་མིག་ནད་ཚན་ཁག་གི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་དང་། པེ་ཅིང་ཐུན་རིན་སྨན་ཁང་གི་མིག་ནད་ཚན་ཁག་གི་ཀྲུའུ་རེན་དང་སློབ་དཔོན་ཆེན་མོ་ཝེ་ཝིན་པིན་གྱིས་བཀྲས་ལྷུན་དགོན་གྱི་འཐུས་མི་རྒྱལ་རྩེ་· སྙན་གྲགས་ལ་ཐུན་རིན་མིག་སྲུང་སྒྲོན་སྟེག་གནང་བ་རེད། 
          ས་བབ་མཐོ་བ་དང་། སྨུག་ཕྱིའི་འོད་ཟེར་གྱི་ཤུགས་ཆེ་བ་སོགས་ཀྱི་དབང་གིས། བོད་དུ་སྐྱ་གྲིབ་ཀྱི་ནད་ཕོག་ཚད་དེ་རྒྱལ་ཡོངས་ཀྱི་ཆེས་མཐོ་ཤོས་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གིས་སྐྱ་གྲིབ་ཕོག་མཁན་ལ་རིན་མེད་ཀྱིས་བསྐྱར་མཐོང་གཤགས་བཅོས་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ཤིང་། བོད་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ཕྱོགས་མང་པོའི་ཐད་ནས་སྤྱི་ཚོགས་ཀྱི་མ་དངུལ་གྲབས་གསོག་བྱས་ཏེ“འོད་ཟེར་གྱི་རྣམ་གྲངས” བརྒྱུད་དེ་དུས་ཡུན་རིང་བོར་རྒྱ་ཆེའི་སྐྱ་གྲིབ་ནད་པར་རིན་མེད་ཀྱིས་སྨན་བཅོས་བྱས་པ་རེད། 
          སྐལ་བཟང་ཚེ་རིང་གིས་བཤད་རྒྱུར། ད་ཐེངས་ཀྱི“ གཞིས་རྩེའི་སྤྱི་ཕན་འགྲུལ་བཞུད་” ཀྱི་བྱེད་སྒོས་སྐྱ་གྲིབ་ཕོག་པའི་ནད་པ་ཚོར་དངོས་པོའི་ཐོག་གི་སྦྱིན་འབུལ་དང་སྨན་བཅོས་ཐད་ཀྱི་རོགས་རམ་ཁོ་ན་མ་ཡིན་པར།  དེ་བས་ཀྱང་བསམ་པའི་ཐོག་ནས་བསླབ་བྱ་དང་སྐུལ་ལྕག་བཏང་བ་རེད། ཐེངས་འདིའི་བྱེད་སྒོ་དེ་འགོ་འཛུགས་ས་ཞིག་བྱས་ཏེ། རྗེས་ཕྱོགས་པེ་ཅིང་ཐུན་རིན་ཀྲང་ཞའོ་ལིའུ་མིག་ནད་ཚན་ཁག་གི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་ལྷན་དུ་སྤྱི་ཕན་གྱི་བྱ་འགུལ་དེ་བས་མང་པོ་སྤེལ་ཏེ། བོད་ཀྱི་སྨན་བཅོས་ལས་ཁུངས་ལ་སློབ་སྦྱོང་དང་བསམ་བློ་བརྗེ་རེས་ཀྱི་གོ་སྐབས་དེ་བས་མང་པོ་མཁོ་འདོན་བྱ་ཆེད། ཁོ་ཚོའི་ཕུལ་དུ་བྱུང་བའི་སྨན་བཅོས་ཀྱི་ལག་རྩལ་དང་སྔོན་ཐོན་གྱི་སྨན་བཅོས་ཀྱི་འདུ་ཤེས་བཀོལ་སྤྱོད་བྱས་ཏེ་བོད་ལྗོངས་ཀྱི་སྐྱ་གྲིབ་ཕོག་པའི་ནད་པ་དེ་བས་མང་པོར་བདེ་སྐྱིད་བསྐྲུན་དགོས་ཞེས་བཤད།  
          ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་མིག་ནད་ཚན་ཁག་གི་སྨན་བཅོས་ཁྱབ་ཁོངས་སུ་དབང་གྲགས་མཐོན་པོ་ལྡན་པའི་ཐུན་རིན་མིག་ནད་ཚན་ཁག་གི་སྨན་ཁང་ལ་ལོ་ངོ130ཙམ་གྱི་ལོ་རྒྱུས་ཡོད་ཅིང་། པེ་ཅིང་ཐུན་རིན་ཀྲང་ཞའོ་ལིའུ་མིག་ནད་ཚན་ཁག་གི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ནི་པེ་ཅིང་གྲོང་ཁྱེར་གྱི་མིག་ནད་ཚན་ཁག་གི་ཆེད་དོན་ཐེབས་རྩ་ལྷན་ཚོགས་ཨང་དང་པོ་དེ་ཡིན།
པཎ་ཆེན་རིན་པོ་ཆེ་མཆོག“གཞིས་རྩེའི་སྤྱི་ཕན་འགྲུལ་བཞུད”ཀྱི་ཞལ་འདེབས་མཛད་སྒོར་ཞུགས་པ།

པཎ་ཆེན་རིན་པོ་ཆེ་མཆོག་གིས་ནད་པའི་མིག་འཐུམ་སེང་རས་ལེན་བཞིན་པ།

པཎ་ཆེན་རིན་པོ་ཆེ་མཆོག་གིས་ནད་པའི་མིག་འཐུམ་སེང་རས་ལེན་བཞིན་པ།

ནད་པའི་ལག་གཉིས་ཐལ་མོ་སྦྱར་ནས་དཀོན་མཆོག་ལ་གསོལ་འདེབས་བཞིན་པ།

པཎ་ཆེན་རིན་པོ་ཆེ་མཆོག་གིས་སློབ་མ་ཚོར་མིག་གཅེས་ཚན་རིག་ཁྱབ་གདལ་དཔེ་དེབ་གནང་བཞིན་པ།

སློབ་དཔོན་ཆེན་མོ་ཝེ་ཝིན་པིན་གྱིས་བཀྲས་ལྷུན་དགོན་གྱི་འཐུས་མི་རྒྱལ་རྩེ་· སྙན་གྲགས་ལ་ཐུན་རིན་མིག་སྲུང་སྒྲོན་སྟེག་གནང་བ།

པཎ་ཆེན་རིན་པོ་ཆེ་མཆོག་གིས་ཤིས་ཚིག་གསུང་བ།
པཎ་ཆེན་རིན་པོ་ཆེ་མཆོག་ཞལ་འདེབས་མཛད་སྒོ་སྟེ་ཞུགས་པའི་ལས་བྱེད་མི་སྣའི་ལྷན་བཞུགས་འདྲ་པར། 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716