སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རིགས་ཕོ་གསར་བཀྲ་ཤིས་སེང་གེའི་བོད་རྒྱ་སྐད་གཉིས་ཅན་གྱི་གློག་རྡུལ་སྟེགས་བུ་མེ་ལོང་གིས་ཐོན་ལས་དབུལ་སྐྱོར་ལ་རམ་འདེགས་བྱས་ཡོད་པ།
སྤེལ་དུས། 2017-08-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རྒྱལ་མཚན་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉིན་ཤས་གོང་དུ་2017རྒྱ་བོད་སྐད་རིགས་གཉིས་ཀྱི་ཉེར་སྤྱོད་བྱ་རིམ་གསར་སྤེལ་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲོད་པའི་ཚོགས་འདུ་མཇུག་འགྲིལ་བ་རེད། ཚོང་དོན་སྟེགས་བུ་གསུམ་པའི་དབར་“མེ་ལོང་”ཞེས་པར་ཨང་དང་པོའི་བྱ་དགའ་ཐོབ་ཡོད་པ་རེད། འགྲན་བསྡུར་བྱས་ཚར་རྗེས“མེ་ལོང་”ཇུས་འགོད་པའི་གྲས་བཀྲ་ཤིས་སེང་གེ་ཡིས་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འདི་སྐད། ཁོང་གིས་འགྲན་བསྡུར་ཆེ་མོར་ཞུགས་ཐུབ་པར་མ་ཟད་བྱ་དགའ་ཐོབ་པ་ནི་དངོས་གནས་ཧ་ཅང་དགའ་དགོས་པ་ཞིག་དང་སེམས་པ་ཧ་ཅང་སྐྱིད་པ་ཞིག་རེད་ཅེས་བརྗོད་བྱུང་།
པར་རིས་འདི་ནི་བཀྲ་ཤིས་སེང་གེས་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་གཏམ་བཤད་གནང་བཞིན་པའི་ཚུལ་ཡིན། 
          ཆུང་དུས་ནས་ཚོང་གཉེར་ལ་དགའ་བ་དང་། སློབ་ཆེན་གྱི་སྐབས་སུ་ལས་སྐྲུན་གྱི་ཕུགས་འདུན་བཏོད་པ།
          རང་ཉིད་སྐྱེས་ས་ནི་བོད་ལྗོངས་ཆབ་མདོ་རི་བོ་ཆེ་རྫོང་ཟམ་ཁ་ཤང་ལུང་ཁུག་ཏུ་ཡོད་པའི་ས་མ་འབྲོག་གི་གྲོང་ཚོ་ཞིག་ཡིན་པ་དང་། ང་རང་ཆེས་དགའ་བའི་དཔེ་ཆ་ཚང་མ་ནི་ཕལ་ཆེར་ཉོ་ཚོང་ཕྱོགས་ཀྱི་དཔེ་ཆ་དང་འབྲེལ་བ་ཡོད་པ་རེད། ཁྱིམ་ལ་དཔལ་འབྱོར་གྱི་ཡོང་ཁུངས་གང་ཡང་མེད་པ་དང་། སློབ་གྲྭ་ཆེན་མོ་འགྲིམ་རྗེས་འཚོ་བའི་གྲོན་དངུལ་ལ་བརྟེན་། གཅེན་པོ་། ང་རང་གིས་ཀྱང་ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་ཚོང་ཆུང་བ་འགའ། སྔོན་ཆད་རང་ཉིད་ཀྱིས་ཇུས་འགོད་བྱས་པའི་ཟུང་འབྲེལ་བྱས་ནས་བཙོང་མྱོང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རང་གཤིས་Tཤུ་སྟོད་ཐུང་། སྐབས་དེར་ཚོང་ལས་གིས་དངུལ་མང་པོ་བསག་མི་བསམ་ཡུལ་ལས་འདས་སོང་། རྒྱལ་སྟོན་དུས་ཆེན་འདང་ངེས་པེ་ཅིན་ལ་ཡོང་ནས་ལྟ་སྐོར་དང་སློབ་སྦྱོང་ངར་བྱེད་པར་བསྐུལ་མ་ཧ་ཅང་ཆེན་པོ་རེད། བཀྲ་ཤིས་སེང་གེ་ལ་ཕྱིར་དྲན་བྱེད་བཞིན་རང་ཉིད་ཀྱི་ལས་གཏོད་ཀྱི་བསམ་འདུན་དང་། དོན་ངོ་མ་བཤད་ན་དུས་བཞི་ཆེན་པོ་དང་། ང་ལ་ཡོད་གསར་སྤེལ་ཁ་པར་གྱི་བོད་ཡིག་བཀོལ་སྤྱོད་རྒྱུད་ཁོངས་དང་ཡི་གེ་བཏག་ཐབས་ཀྱི་ཕུགས་འདུན་དང་། བོད་རིགས་ས་ཁུལ་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དབང་གིས་སྐད་བརྡ་འཕྲོད་ཀྱི་མི་ཐག་གཅོད་བྱེད་འདོད་ཡོད་ཀྱང་བཀོལ་སྤྱོད་བྱེད་མི་ཐུབ་། དེང་རབས་ཀྱི་འཕྲིན་གཏོང་ཡོ་བྱད་དཀའ་གནད་སེལ་རྒྱུ་དང་། འོན་ཀྱང་དེ་དུས་རྒྱུ་མཚན་ནི་མ་དངུལ་དང་ལག་རྩལ་ཉམས་མྱོང་སོགས་མི་འདང་བའི་དབང་གིས་ཕམ་པ་རེད། ཕམ་པའི་ཁྲོད་ཡར་བརྩོན་དང་མེ་ལུང་ཡོད་པར་མ་ཟད། རང་ཉིད་ཀྱི་བསམ་ཚུལ་ལས་སླ་པོར་འཆོར་དུ་མ་ཟད། ཡང་བསྐྱར་མགོ་རྩོམ་པའི་གོ་སྐབས་རྙེད་བྱུང་བ་རེད། ངས་ལོ་གསུམ་གྱི་སྔོན་ནས་མགོ་བརྩམས་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་པར་གཞི་སྟེ་གློག་རྡུལ་ཚོང་དོན་སྟེགས་བུ་གསར་སྤེལ་དང་། བརྒྱུད་རིམ་ནང་རྒྱུན་ཆད་མེད་པར་ཕམ་ཁ་དང་བར་ཆད་བརྒྱུད་བཞིན་ཡོད་པ་དང་། འོན་ཀྱང་ངས་གསལ་པོ་དྲན་བྱུང་བ་ཞིག་ནི། རྒྱལ་ཁབ་ཀྱི་ཙུང་ལི་ལི་ཁེ་ཆང་མཆོག་གིས་གསུངས་པ་ནང་བཞིན། ལོ་རྒྱུས་ནི་མི་དམངས་མང་ཚོགས་ཀྱིས་གསར་སྐྲུན་བྱས་པ་ཞིག་རེད། མང་ཚོགས་ཀྱི་བསམ་ཚུལ་སྣ་མང་ཕུན་སུམ་ཚོགས་སུ་འགྲོ་བ་དང་མི་དྲན་དགུ་དྲན་ཀྱིས་ཁེངས་ཡོད། དེའི་རྐྱེན་གྱིས་ ‘ དྲ་སྦྲེལ་+’གྱི་འཕེལ་རྒྱས་དང་། འཛད་སྤྱོད་པ་དང་མང་ཚོགས་ཀྱིས་གདམ་དགོས་པ་ཡིན། ང་དང་ངའི་རུ་ཁག་གིས་སྤྱི་ཡོངས་ལ་ཞབས་ཞུ་བཅས་ཀྱི་འདུ་ཤེས་ཡོད་པ་དང་། ཕམ་པའི་ཁྲོད་སློབ་གསོ་ཐེབས་པ་བྱེད་དགོས། འབད་བརྩོན་ལྷོད་མེད་བྱས་པར་བརྟེན་པ་དང་། མེ་ལོང་གློག་རྡུལ་ཚོང་དོན་ལས་སྟེགས་ཐོན་པ་དང་ཁྱབ་སྤེལ་བཏང་ཆོག རང་ཉིད་ཀྱི་བརྩམས་ཆོས་གླེང་བ་དང་། བཀྲ་ཤིས་སེང་གེ་ཡིས་མེ་ལོང་ནི་ནང་གསེས་དོན་ཚན་གཅིག་ཀྱི་བྱེད་སྟངས་སྤྱད་དེ་སྤྲིན་ཚོགས་རྩིས་རྒྱག་དང་། ཚོགས་གདོས་བཅས་ཚོང་ཁང་དང་། ཕྱི་ནས་ཉོས་པ་དང་། ཁུལ་ཆུང་གི་ཆ་འཕྲིན་བརྡ་ཁྱབ་བཅས་གཞི་གཅིག་ཏུ་གྱུར་བའི་གློག་རྡུལ་ཚོང་དོན་ལས་སྟེགས་ཤིག་ཡིན་པ་དང་། དེ་བས་ཀྱང་ནང་གསེས་དོན་ཚན་གཅིག་བོད་རྒྱ་སྐད་རིགས་གཉིས་ཀྱི་གློག་རྡུལ་ཚོང་དོན་སྟེགས་བུ་བསྐྲུན་དགོས། ཡིག་རིགས་བོད་རྒྱ་སྐད་གཉིས་ཡོད་པ་མ་ཟད། དེ་ལ་གཞིགས་ནས་གཏན་འཁེལ་བྱས་པ་དང་། ཉེ་འཁོར་གྱི་ཚོང་ཁང་གིས་ཆ་འཕྲིན་དང་ས་ཁུལ་དང་གྲོང་ཁྱེར་ཚན་པ་བྱས་པའི་ས་ཁོངས་ཅན་གྱི་བརྡ་ཁྱབ་ཆ་འཕྲིན་དང་གོ་རིམ་ལྡན་པའི་ངང་འགྲེམ་སྟོན་བྱས་པ་ཡིན། དུས་མཚུངས་སུ་བོད་རྒྱ་སྐད་ཡིག་གཉིས་ཀྱི་བཤེར་འཚོལ་བྱེད་ནུས་ལྡན་པ་དང་། ད་དུང་སྡེ་ཁུལ་གྱི་བརྡ་ཁྱབ་དང་། ཁྱབ་བསྒྲགས། ཚོང་གཉེར་མཁན་དང་མི་སྒེར་གྱི་ཉེ་འགྲམ་དུ་འདོན་སྤྲོད་དང་དགོས་མཁོའི་ཆ་འཕྲིན་དང་འབྱུང་འགྱུར་གཞིས་ཁུལ་གྱི་ཆ་འཕྲིན་བརྡ་ཁྱབ་ལེ་ཚན་གྱི་ཚབ་བྱེད་དགོས། སྤྱོད་མཁན་དཀྱུས་མའི་ཚོང་པར་འགྱུར་རྒྱུའི་རེ་ཞུ་བྱས་ཆོག་པ་དང་། གློག་རྡུལ་ཚོང་དོན་བྱེད་སྒོ་སྤེལ་དགོས་པ་རེད།
པར་རིས་འདི་ནི་བྱ་དགའ་གནང་བའི་མཛད་སྒོ་ཐོག་གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པའི་མེ་ལོང་གི་གནས་ཚུལ་ཡིན།
          2010ལོར་ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་ལ་“རིག་ལྡན་ཡུལ་སྐོར་”ཡི་གོ་དོན་སྣེ་སྟོན་དང་། བཀྲ་ཤིས་ཀྱིས་ཐ་སྙད་འདི་ཡང་རང་ཉིད་ཀྱི་ཐོན་རྫས་དེ་མེ་ལོང་ནང་དུ་ཡོད་པ་ལ་བརྟེན་ནས་ལག་ཁྱེར་ཁ་པར་གྱི་མཐའ་སྣེ་བེད་སྤྱད་དེ་སྤྲིན་ཚོགས་རྩིས་རྒྱག་དང་། རང་འགུལ་ངང་ཤེས་ཚོར་ཡུལ་སྐོར་ཐོན་ཁུངས་དང་། ཡུལ་སྐོར་དཔལ་འབྱོར། ཡུལ་སྐོར་བྱེད་སྒོ། ཡུལ་སྐོར་བར་སོགས་ཐད་ཀྱི་ཆ་འཕྲིན་དང་། མི་རྣམས་ཀྱིས་དུས་ཐོག་ཏུ་ཆ་འཕྲིན་འདི་དག་ལ་རྒྱུས་ལོན་བྱེད་དུ་འཇུག་དགོས་པ་ཡིན། མ་ཟད་ཆེས་ཡིན་ནའང་ལམ་འགྲོ་བྱུང་བ་ཞིག་ནི། མེ་ལོང་དབུ་བརྙེས་པ་དང་ཏག་ཏག་འཁེལ་བ་ཞིག་ནི་བོད་ལྗོངས་དྲ་བའི་ཆ་འཕྲིན་གཞུང་དོན་ཁང་གིས་མཛུབ་ཁྲིད་དང་བོད་ལྗོངས་སློབ་གྲྭ་ཆེན་མོ། ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། རྒྱ་བོད་སྐད་གཉིས་ཉེར་སྤྱོད་བྱ་རིམ་ཉེར་སྤྱོད་ཚོང་ཁང་གིས་སྒྲུབ་འགན་ཁས་བླངས་བའི་ཁྲེ་ལས་འགྲན་བསྡུར་ཆེ་མོའི་དང་ཐོག་ཚོད་ལྟ་ལ་ཞུགས་པ་ཡིན། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་ནི་དངོས་གནས་བསམ་ཡུལ་ལས་འདས་སོང་། ཕུལ་བྱུང་གི་གྲུབ་འབྲས་ཐོབ་ཐུབ་པ་ན་ང་ཚོར་ལྕག་སྐུལ་ཟབ་མོ་ཐེབས་ནས་སེམས་འགུལ་ཐེབས་སུ་བཅུག་ཡོད་པ་ཡིན།
པར་རིས་འདི་ནི་བཀྲ་ཤིས་སེང་གེས་ཨང་སྒྲིག་ཚོད་ལྟ་བྱེད་བཞིན་པའི་ཚུལ་ཡིན།
          རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་བཏོན་པ་ལས་ཕུགས་འདུན་རྒྱང་རིང་ཇེ་རིང་དུ་བཏང་ཡོད།
          བཀྲ་ཤིས་སེང་གེས་གསར་འགོད་པར་འདི་ལྟར་བརྗོད་བྱུང་སྟེ། ང་རང་ལ་མཚོན་པ་ཡིན་ན་ཏང་དང་རྒྱལ་ཁབ་ཀྱིས་གསོ་སྐྱོང་བྱས་ནས་ཐོན་པའི་གསར་སྐྲུན་པ་ཞིག་ཡིན་པ་དང་། ང་རང་ཉིད་ཀྱིས་དྲ་སྦྲེལ་རྒྱས་པ་དང་གསར་སྤེལ་ཁ་པར་གྱི་APPརྒྱུར་གནད་སྨིན་དབུལ་སྐྱོར་དང་། ཐོན་ལས་ཐོག་ནས་དབུལ་སྐྱོར་མེ་ལོང་དེ་ནང་གསེས་དོན་ཚན་གྱི་APP ཀྱི་རྗེས་སུ་དམ་པོར་སྙེག་པ་དང་གཞི་གྲངས་ཆེན་པོའི་དུས་རབས་ཀྱི་རླབས་རྒྱུན་བཅངས་ནས་གནད་སྨིན་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར་དང་། བློ་རིག་ཡུལ་སྐོར། བློ་རིག་གྲོང་ཁྱེར་གྱི་འདུ་ཤེས་དང་། མར་ཁལ་གཅིག་ལ་ཐོན་ཁུངས་ཡོད་པ་དང་། ཕུགས་བསམ་ཡོད་པའི་མི་ཚོང་གི་གོ་སྐབས་ཞིག་ཏུ་གྱུར་ཡོད། བོད་རིགས་ས་ཁུལ་དུ་རྒྱ་སྐད་མི་གོ་བའི་མང་ཚོགས། དེ་བཞིན་རྒྱ་ཆེའི་འཚོང་འགྲུལ་ལ་བརྟེན་ནས་རིག་ནུས་ལག་ཐོགས་ཁ་པར་(APP)གྱི་དབང་ཆ་དུས་ཐོག་ཏུ་རང་ཉིད་དང་ཐག་ཉེ་ཤོས་ཀྱི་ཁྱད་ལྡན་ཐོན་རྫས་རྙེད་ཐུབ། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་རྫས། གློག་རྡུལ་ཐོན་རྫས་སྒོ་རྩིས་ཚོང་ཁང་། མགྲོན་ཁང་། ཨར་ཁང་། ཟ་ཁང་སོགས་ཉོ་ཚོང་དང་། ཉོ་བ་དང་མངགས་ཉོ་བྱས་པའི་ཐབས་ལམ་ཞིག་ཡིན། རྒྱལ་ཁབ་ཀྱི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་༢༠༡༥ལོའི་རྒྱུན་ལས་ཚོགས་འདུའི་ཐོག་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ལྷུག་གཏོང་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་ལེགས་སུ་གཏོང་བ་དང་། མི་མངས་ལས་འབྱེད་དང་། དམངས་ཀྱི་གསར་གཏོད་དང་། དེ་ནས་‘དྲ་སྦྲེལ་+ ’ དེ་ནི་གཅིག་རྒྱུན་གཅིག་འཛིན་རེད། དེ་དག་སྲིད་ཇུས་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་སྐྱེད་སྲིང་ངེས། ཀྲུང་གོའི་དཔལ་འབྱོར་གྱི་འགུལ་ནུས་གསར་པ་གཏོད་རྒྱུ་ཡིན་པ་རེད། ཀྲུང་གོའི་སླད་ཕྱིན་གྱི་འབབ་འཕར་སྒུལ་ཤུགས་གསར་པར་གྱུར་ཡོད། བཀྲ་ཤིས་སེང་གེ་ཅེས་བཤད། རྒྱལ་ཁབ་ཀྱིས་ཤུགས་ཆེན་སྤེལ་བ། གཉིས་གཏོད་དང་དྲ་སྦྲེལ་+ ’སོགས་འཐབ་ཇུས་དང། ལྷག་པར་དུ་ན་གཞོན་ལས་གཏོད་བྱེད་པའི་སྤྲོ་སེམས་ལ་དགག་ལན་ཚ་དྲག་བྱས་ཏེ་ང་ཚོར་བློ་རིག་འདོན་སྤེལ་དང་རང་ཉིད་མངོན་གསལ་ཏུ་མཚོན་པ་དེ་བྱེད་པའི་སྟེགས་བུ་ཞིག་ཡིན། ངས་ཕ་ཡུལ་ཆབ་མདོ་ནས་ཀུང་སི་གཉེར་བ་དང་དེ་སྒྲུབ་པའི་བརྒྱུད་རིམ་ཁྲོད། རང་ཉིད་ལ་མྱོང་ཚོར་ཟབ་མོ་ཞིག་བྱུང་བ་ཡིན། ལས་ཁུངས་ཁུ་བསྡུ་དང་འབྲེལ་ཡོད་སྲིད་ཇུས་མང་ཚོགས་ལ་སྟབས་བདེ་བྱུང་ཡོད་པ་དཔེར་ན། གཅིག་འཐུས་རྣམ་པའི་ཞབས་ཞུ་ཚོམས་ཆེན་དུས་ཚོད་ཐུང་ངུའི་ནང་ང་ལ་རོགས་རམ་མང་པོ་ལེགས་གྲུབ་ཀྱི་འགྲོ་ལུགས་འགྲིམ་དགོས།
པར་རིས་འདི་ནི་བཀྲ་ཤིས་སེང་གེ་ལ་ཐོབ་པའི་བྱ་དགའི་དཔང་ཡིག་ཡིན།
པར་རིས་འདི་ནི་བཀྲ་ཤིས་སེང་གེ་དགའ་ཚོར་ངང་འགྲན་ཞུགས་པ་རྣམས་ལ་རང་ཉིད་ཀྱི་བརྩམས་ཆོས་ལོངས་སྤྱོད་བྱེད་བཞིན་པ།
          མཐའ་མར་བཀྲ་ཤིས་སེང་གེ་ཡིས་བརྗོད་དོན། ད་ལམ་གྲུབ་འབྲས་དེ་འདྲ་ཐོབ་པའི་འགྲན་བསྡུར་གཙོ་གཉེར་ཕྱོགས་ཀྱིས་ང་ཚོར་མཁོ་འདོན་བྱས་པའི་ལས་སྟེགས་དང་ཁ་འབྲལ་ཐབས་ཡེ་ནས་མེད་པ་དང་། ནང་མིའི་རྒྱབ་སྐྱོར་དང་གྲོགས་པོ་དག་གི་བསྔགས་སྐུལ་དང་མི་སྒེར་གྱི་འབད་བརྩོན་དང་དེ་བས་ཁ་འབྲལ་ཐབས་མེད་པ་ཞིག་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡོད་པར་བརྟེན་ནས་ངའི་ལས་གཏོད་ཀྱི་ཕུགས་འདུན་སྔར་ལས་རྒྱང་རིང་བར་འགྲོ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བརྗོད་བྱུང་བ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716