སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གཟི་ཚ་སྡེ་དགུར་ས་ཡོམ་བྱུང་རྗེས་ཀྱི་ཆུ་ཚོད་འགའི་ནང་དུ། ཁྲོན་བོད་མཐོ་སློབ་ཀྱི་གྲོགས་ཚོམས་ནང་གི་སེམས་པ་དྲོན་མོའི་བརྒྱུད་བསྐུར།
སྤེལ་དུས། 2017-08-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ8པའི་ཚེས8ཉིན་གྱི་ཆུ་ཚོད21དང་སྐར་མ19སྐརཆ46སྟེང་། སི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ་གཟི་ཚ་སྡེ་དགུ་རྫོང་གི་གཙང་རྩ་གྲོང་རྡལ་དུ་ས་ཡོམ་ཚད་རིམ་7.0 བྱུང་ཞིང་།  གནོད་འཚེ་ཐེབས་ཁུལ་ཡུལ་དངོས་ཀྱི་རྣམ་པས་རྒྱལ་ཡོངས་མི་དམངས་ཀྱི་སེམས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཟླ་8པའི་ ཚེས་9 ཉིན་ནས་བཟུང་། སི་ཁྲོན་དང་། བོད་ལྗོངས་ཀྱི་མཐོ་རིམ་སློབ་གྲྭའི་སློབ་གྲོགས་ཚོའི་གྲོགས་ཚོམས་སུ་“བརྒྱུད་བསྐུར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གྲོགས་སུ་ཞིག་གིས་བོད་སྐད་ཤེས་པའི་སློབ་གྲོགས་ངོ་ཤེས་ཡོད་ཚེ་འབྲེལ་གཏུག་གནང་རོགས། གཟི་ཚ་སྡེ་དགུར་ས་ཡོམ་བྱུང་བའི་དབང་གིས། ཉིན་འདི་འགའི་ནང་དུ་ཧྭ་ཤིས་སྨན་ཁང་གི་མྱུར་སྐྱོབ་ཚན་ཁག་ཏུ་དང་བླངས་པ་སྐོར་གཅིག་དགོས  ”ཞེས་པའི་གནས་ཚུལ་ཞིག་སྤེལ་བཞིན་ཡོད་ཅིང་། ཚེས་དགུའི་དགོང་མོའི་བར་དུ། སྐད་འཕྲིན་གྱི་གྲོགས་ཚོམས་སོགས་སྤྱི་ཚོགས་ཀྱི་འབྲེལ་བའི་སྤྱི་སྟེགས་སུ་ཁྲོན་བོད་མཐོ་རིམ་སློབ་གྲྭའི་སློབ་གྲོགས་རྣམས་ཀྱིས་བརྒྱུད་སྤེལ་བྱས་པའི་གནས་ཚུལ་འདི་སྤེལ་གྲངས་བརྒྱ་ལས་བརྒལ་ཡོད། གསར་འགོད་པས་ཞིབ་དཔྱད་བྱས་པ་བརྒྱུད། ཆ་འཕྲིན་འདི་ནི་སི་ཁྲོན་སློབ་ཆེན་ཧྭ་ཤིས་ནད་ཐོག་གསོ་རིག་སློབ་གླིང་གི“ཞིན་ལིན་ཧྥེང”གཞོན་ནུ་དང་བླངས་ཞབས་ཞུའི་རུ་ཁག་གིས་སྤེལ་བ་ཡིན་ཞིང་། མིག་སྔའི་བར་དུ་མཁོ་བསྟུན་དང་བླངས་རུ་ཁག་ཚོགས་པ་རྩ་འཛུགས་བྱས་ཚར་ཏེ་ཡོམ་འགོག་གེགས་སེལ་གྱི་འཕྲལ་བསྟུན་སྨན་བཅོས་བྱེད་འགོ་ཚུགས་པའི་སྨན་བཅོས་ཀྱི་ལས་དོན་དུ་ཞུགས་ཟིན།
          ཁྲོན་བོད་མཐོ་སློབ་ཀྱི་སློབ་གྲོགས་བར་བརྒྱུད་བསྐུར་བྱས་པའི་འཕྲལ་བསྟུན་བོད་སྐད་དང་བླངས་པ་བསྡུ་བའི་ཆ་འཕྲིན།  ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། ས་ཡོམ་བྱུང་རྗེས་ཀྱི་དུས་ཡུན་ཐོག་མའི་ནང་།“ཞིན་ལིན་ཧྥེང” ཚོགས་པས“སི་ཁྲོན་སློབ་ཆེན་ཧྭ་ཤིས་ནད་ཐོག་གསོ་རིག་སློབ་གླིང་གི་གནོད་འཚེ་འཕྲལ་བསྟུན་སྔོན་ཇུས”ལག་བསྟར་བྱས་ཏེ་མགྱོགས་མྱུར་སྒོས་སྨན་ཁང་ལ་རམ་འདེགས་བྱས་ནས་འཕྲལ་བསྟུན་དང་བླངས་རུ་ཁག་བཙུགས།  ཚེས9 ཉིན་གྱི་སྔ་དྲོ་ཆུ་ཚོད་བརྒྱད་པའི་སྟེང་། སི་ཁྲོན་སློབ་ཆེན་ཧྭ་ཤིས་ནད་ཐོག་གསོ་རིག་སློབ་གླིང་གི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་འོག  ཐོག་དང་པོའི་འཕྲལ་བསྟུན་དང་བླངས་རུ་ཁག་མི་བཅུ་གསུམ་ལྷག་ཧྭ་ཤིས་སྨན་ཁང་གི་མྱུར་སྐྱོབ་ཚན་ཁག་ཏུ་མགྱོགས་པོར་ཡོང་སྟེ་ས་ཡོམ་གྱི་གནོད་འཚེར་རོགས་སྐྱོབ་བྱེད་པའི་དངོས་རྫས་གྲ་སྒྲིག་བྱས་ཏེ། གཟི་ཚ་སྡེ་དགུའི་ས་ཡོམ་གེགས་ཁུལ་ནས་བརྒྱུད་འདྲེན་བྱས་པའི་རྨས་མར་ངང་སྒུག་བྱས།

          སི་ཁྲོན་སློབ་ཆེན་ཧྭ་ཤིས་ནད་ཐོག་གསོ་རིག་སློབ་གླིང་གི་“ ཞིན་ལིན་ཧྥེང་”གཞོན་ནུ་དང་བླངས་པའི་ཞབས་ཞུ་རུ་ཁག“ ཞིན་ལིན་ཧྥེང་”དང་བླངས་ཞབས་ཞུ་རུ་ཁག་གི་ཁོངས་མི་ཧུའུ་ཡོན་ཡོན་གྱིས་གསར་འགོད་པར་བཤད་རྒྱུར། སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་སྟེང་། “8.8ས་ཡོམ་འཕྲལ་བསྟུན་དང་བླངས་པའི་དོ་དམ་ཚོགས་ཆུང”དངོས་སུ་བཙུགས་ཟིན་པ་དང་། སྐབས་དེར་མི་སྣའི་མི་འདང་བའི་དབང་གིས་འཕྲལ་བསྟུན་དང་བླངས་པ་བསྡུ་ལེན་བྱ་བའི་མགོ་བརྩམས་ཤིང་། བསམ་ཡུལ་ལས་འདས་པ་ཞིག་ལ། ལས་མི་བསྡུ་བའི་བརྡ་ཐོ་སྤེལ་རྗེས་ཀྱི་ཆུ་ཚོད་གཉིས་ཀྱི་རྗེས་སུ་དང་བླངས་པ259ལྷག་གིས་མིང་ཐོ་བཀོད་པ་འབྱོར། སྨན་བཅོས་རོགས་རམ་གྱི་ལས་དོན་སྤུས་ཚད་མཐོ་བ་དང་ལེགས་པོར་བསྒྲུབ་ཆེད།དང་བླངས་པའི་ཞབས་ཞུ་རུ་ཁག་གིས་ཧྭ་ཤིས་ནད་ཐོག་གསོ་རིག་སློབ་གླིང་གི་གསོ་རིག་སློབ་མའི་དང་བླངས་པ100ལེགས་འདེམས་བྱས་པར་མ་ཟད་ལས་སྔོན་གསོ་སྦྱོང་བྱས་ཞེས་བཤད། ཡང་ཧུའུ་ཡོན་ཡོན་གྱིས་བཤད་རྒྱུར། “ གྲ་སྒྲིག་ཚོགས་འདུའི་ཁྲོད་ང་ཚོས་དང་བླངས་པའི་དཔུང་ཁག་ནང་བོད་སྐད་ཤེས་པའི་སློབ་གྲོགས་གཉིས་མ་གཏོགས་མེད་པ་ཤེས་པ་དང་། ས་ཡོམ་བྱུང་ཡུལ་ནི་རྔ་བ་ཁུལ་བོད་རིགས་མང་ཚོགས་འདུས་སྡོད་ཁུལ་ཡིན་པར་བསམ་བློ་བཏང་སྟེ། ང་ཚོས་སི་ཁྲོན་སློབ་ཆེན་དང་། ལྷོ་ནུབ་མི་རིགས་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་དང་ཁྲེང་ཏུའུ་ས་ཆའི་སྤྱི་ཚོགས་ལས་རིགས་ཁག་ཏུ་བོད་སྐད་བཤད་ཤེས་པའི་དང་བླངས་པ་བསྡུ་ལེན་བྱ་བའི་ཆ་འཕྲིན་སྤེལ་ཅིང་། གནོད་འཚེ་ཐེབས་ཁུལ་དུ་སེམས་པ་གཅིག་ཏུ་སྦྲེལ་བའི་དྲ་གྲོགས་རྣམས་ཀྱི་རྒྱབ་སྐྱོར་འོག མགྱོགས་པོར་བོད་སྐད་ཤེས་པའི་དང་བླངས་པའི་གྲངས་ཀ་ལོངས་ཟིན”ཞེས་བཤད། དང་བླངས་པས་སི་ཁྲོན་སློབ་ཆེན་ཧྭ་ཤིས་སློབ་ཁུལ་དུ་ལས་གནས་སུ་མ་ཞུགས་སྔོན་གྱི་གསོ་སྦྱོང་དང་ལེན་བྱེད་པ།

          ཧུའུ་ཡོན་ཡོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན་། ཚེས་9ཉིན་གྱི་ཕྱི་དྲོར། སློབ་གླིང་བྱ་བའི་པུའུ་ཡིས་སི་ཁྲོན་སློབ་ཆེན་ཧྭ་ཤིས་སློབ་སློབ་ཁུལ་དུ་དང་བླངས་པ་རྣམས་ལ་གཅིག་གྱུར་གསོ་སྦྱོང་བྱ་བའི་རྩ་འཛུགས་བྱས་ཤིང་། ཧྭ་ཤིས་སྨན་ཁང་གི་མྱུར་སྐྱོབ་ཚན་ཁག་གི་ཀའོ་ཡུང་ལི་དང་། སྨན་ཁང་གི་ནད་འགོས་དོ་དམ་ཚན་ཁག་གི་ཁང་ཞ། ཧྭ་ཤིས་སྨན་ཁང་གི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་སློབ་སྦྱོང་བྱ་བའི་པུའུ་ཡི་ལུའོ་ཧའོ་ཅུན་དང་། ལིའུ་ལུའུ། ཅང་ཐེན་ཐེན་སོགས་ཀྱིས་མཛུབ་སྟོན་གནང་སྟེ་དང་བླངས་ལས་མིའི་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་པར་མ་ཟད། ཚང་མས་སྤྲོ་སེམས་འཁོལ་བ་དང་འགན་འཁྲིའི་འདུ་ཤེས་ཆེན་པོ་ཡོད་པའི་ངང་ཡོམ་འགོག་གེགས་སེལ་གྱི་དང་བླངས་བྱ་བའི་ཁྲོད་ཞུགས་པའི་སྐུལ་མ་བཏང་།
ཡོམ་འགོག་གེགས་སེལ་གྱི་སྨན་བཅོས་བྱེད་བཞིན་པའི་དང་བླངས་པ་རྣམས།
          རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།  “ ཞིན་ལིན་ཧྥེང་”ན་གཞོན་དང་བླངས་པའི་ཞབས་ཞུ་རུ་ཁག་གིས2008ལོ་ནས་བཟུང་ས་ཡོམ་གེགས་སེལ་གྱི་འཕྲལ་བསྟུན་དང་བླངས་པའི་ཇུས་གཞི་ལག་ལེན་བསྟར་མགོ་ཚུགས་ཤིང་། 2008ལོའི “ 5 · 12 ” ཝུན་ཁྲོན་ས་ཡོམ་དང་། 2010ལོའི་ཡུལ་ཤུལ“4.14 ” ས་ཡོམ་ནས་2013 ལོའི་གཡག་རྔའི“ 4.20 ” ས་ཡོམ་སོགས་སུ་“ ཞིན་ལིན་ཧྥེང” ཧྭ་ཤིས་སྨན་ཁང་གི་རོགས་སྐྱོབ་སྨན་བཅོས་ནང་ཞུགས།
རོགས་སྐྱོབ་སྨན་བཅོས་བྱ་བའི་ནང་ཞུགས་པའི་དང་བླངས་པ་ཚོ། 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716