སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་ཐང་ག་ཁག་60ཙམ་ཧྲན་ཏུང་ཅི་ནན་དུ་འགྲེམས་སྟོན་བྱས་ཏེ་ཧྲན་ཏུང་དང་བོད་ཀྱི་རིག་གནས་སྤེལ་རེས་བྱས་པ།
སྤེལ་དུས། 2017-09-13   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་སྒྲིག་པ།  རྡོ་རྗེ།
  
          ཚེས་11ཉིན་ཅི་ནན་དུ་འའགྲེམས་སྟོན་བྱས་པའི"གཞིས་རྩེའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན"ཐོག་ཏུ་རང་ལོ་25རུ་སོན་པའི་བོད་རིགས་ན་གཞོན་ལྷགས་པ་བསྟན་འཛིན་ལགས་ཀྱིས་ཕྱག་ཏུ་ལྕང་མ་ལས་བཟོ་པའི་སོལ་པིར་ཐོགས་ནས། རིས་མོའི་གཞི་གདན་བཀོད་དེ། རགས་བྲིས་ཐོག་ནས་ཚོན་གཏོང་བཞིན་པ་ནི་འགྲེམས་སྟོན་བྱེད་ས་དངོས་སུ་ཐང་ག་འབྲི་རིམ་ངོམས་སྟོན་བྱས་པ་རེད། 
          ཞིང་པ་དཀྱུས་མའི་ཁྱིམ་དུ་སྐྱེས་པའི་ལྷག་པ་བསྟན་འཛིན་ལགས་ནི་རང་ལོ་15ནས་ཐང་ག་འབྲི་སྦྱོང་བྱེད་འགོ་བརྩམས་པ་ནས་ད་བར་དུ་ཐང་ག་400ལྷག་ཙམ་འབྲི་མྱོང་བ་རེད། ཁོང་གིས། ཐང་ག་འབྲི་རིམ་ནི་ཞིབ་ཚགས་པ་དང་། ཚོན་མདངས་རྣམ་པར་བཀྲ་བ། འབྲི་བྱ་གཙོ་བོ་སངས་རྒྱས་ཀྱི་སྐུ་དང་མཛད་རྣམ་དང་། ཆོས་ལུགས་རིག་གནས་དང་། འཚོ་བ་དང་གོམས་སྲོལ། བོད་ཀྱི་གསོ་རིག་དང་སྨན་རྫས། གནམ་དཔྱད་སྐར་རྩིས་སོགས་ཚུད་ཡོད་ལུགས་ངོ་སྤྲོད་གནང་བྱུང་། 
          ཐང་ག་འབྲི་ལུགས་ལ་རྒྱ་རིགས་དང་། བོད་རིགས། རྒྱ་གར། བལ་ཡུལ་སོགས་ས་ཁུལ་མང་པོའི་སྒྱུ་རྩལ་འདྲེས་ཤིང་། ཁྱད་ཆོས་དང་མཛེས་དཔྱད་ཀྱི་རིན་ཐང་ཤིན་ཏུ་ཆེ་བ་དང་། ལོ་ངོ་སྟོང་ཕྲག་འགའི་རིང་ལ་བོད་ཀྱི་རི་མོ་འབྲི་བའི་སྒྱུ་རྩལ་རྩེར་སོན་ཤུལ་འཛིན་བྱས་པས། ད་ལྟ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཏུ་བཙུད་ཡོད། 
          ཐང་ག་ནི་ཤོག་བུའི་ཐོག་ཏུ་འབྲི་བ་དང་མི་འདྲ་བར། གཞི་གདན་རས་ལ་བྱས་ནས་བྲིས་པ་རེད། ཐང་ག་ཆ་ཚང་གི་བཀོད་པ་དང་། ཆ་ཚད། ཐིག་གདབ་པ། ཚོན་སོགས་པ་ཚང་མར་ཚད་གཞི་ནན་པོ་ཡོད། ལྷགས་པ་བསྟན་འཛིན་ལགས་ཀྱིས་གསར་འགོད་པར། ཐང་ག་འབྲི་བྱེད་ཀྱི་ཚོན་ནི་བོད་ཁུལ་གྱི་གཏེར་རྒྱུ་དང་རྩི་ཤིང་སྡེབ་སྦྱོར་ཞིབ་ཚགས་བྱས་ནས་གྲུབ་པ་ཡིན་ཞིང་། རང་བྱུང་དང་སངས་རྒྱས་ཀྱི་མཛད་འཕྲིན་གོང་དུ་བཀུར་བ་མཚོན་པ་ཡིན་ལུགས་ངོ་སྤྲོད་གནང་བྱུང་། 
          ཉིན་དེར་འགྲེམས་སྟོན་བྱས་པའི་ཐང་ག་60ལྷག་ཙམ་ཡོད་པ་ཚང་མ་ཉེ་ལོའི་རིང་གི་རི་མོའི་ལས་རིགས་ཁྲོད་ཀྱི་པིར་རྩལ་པ་ཕུལ་དུ་བྱུང་བའི་བརྩམས་ཆོས་ཡིན་ཞིང་། བོད་ཀྱི་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་ཤུལ་འཛིན་བྱས་པ་ཡིན་པས། མི་མང་པོའི་ཡིད་དབང་བཀུག་ནས་ཆེད་མངགས་གཟིགས་པར་ཕེབས་ཡོད་པ་རེད། ཅི་ནན་གྱི་གྲོང་མི་ལི་གོ་ཧྲེང་གིས་གཟིགས་སྐོར་གནང་བའི་རྗེས་གསར་འགོད་པར། ཐང་ག་རེ་རེ་བཞིན་གྱི་ཚོན་དང་། དབྱེ་རིམ། འབུར་གཟུགས་གི་ཚོར་བ། མི་སྣའི་ཉམས་འགྱུར་ལ་སོགས་པ་ཚང་མ་ཧ་ལས་རུང་བ་རེད་ཅེས་ཟེར། 
     གཞིས་རྩེའི་ཐང་གའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ། གཞིས་རྩེ་དངོས་མང་གཤོམ་སྟོན་ཁང་གི་འགོ་འཛིན་པ་སངས་ཚེ་རིང་ལགས་ཀྱིས། བོད་ཀྱི་སྲོལ་རྒྱུན་ཐང་གར་བལ་བྲིས་དང་། བྱིའུ་སྒང་པ། ཀརྨ་སྒར་བྲིས། སྨན་ཐང་པ། མཁྱེན་ལུགས་སོགས་ཁག་5ཡོད་པའི་ཁྲོད་ནས། ཕྱི་མ་3པོའི་འབྲི་ཉམས་ལ་ཀྲུང་ཧྭ་དབུས་རྒྱུད་ཤུགས་རྐྱེན་ཆེ་ཙམ་ཐེབས་པ་དེ་ནི་རྒྱ་བོད་རིག་གནས་སྤེལ་རེས་བྱས་ནས་འདྲེས་མར་གྱུར་པའི་མཚོན་རྟགས་ཡིན་པ་ངོ་སྤྲོད་གནང་བྱུང་། 
      པ་སངས་ཚེ་རིང་ལགས་ཀྱིས། གཞིས་རྩེའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་”ནི་བོད་དང་ཧྲན་ཏུང་ས་ཁུལ་གཉིས་པོ་རིག་གནས་སྒྱུ་རྩལ་སྤེལ་རེས་ཇེ་ཟབ་ཏུ་བཏང་ནས་རྩེར་སོན་གྱི་མཚོན་བྱེད་གྲས་སུ་འགྱུར་བར་བྱེད་པ་ཡིན་པས། མ་འོངས་པར། གཞིས་རྩེའི་ཐང་ག་འབྲི་རྩལ་གཏོད་ལུགས་ཧྲན་ཏུང་སོགས་པའི་ཤར་ཕྱོགས་ཞིང་ཆེན་ཁག་གི་རི་མོ་འབྲི་བའི་དགེ་མཚན་ལ་དཔེ་བལྟས་ཏེ། དཀྱེལ་ཆེའི་ངང་ཚུལ་ཆེ་རུ་གཏོང་བ་དང་། ཐང་གའི“ཚོང་ར”གཏོང་དགོས་ཚུལ་གསུངས་བྱུང་། 
      དུས་མཉམ་དུ་སྤེལ་བའི་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅོ་ལྔ་པའི་“ཧྲན་ཏུང་གི་བྱེད་སྒོའི་གཟའ་འཁོར་”གྱི་དབུ་ཚུགས་མཛད་སྒོར་ཞུགས་པའི་ཧྲན་ཏུང་ཞིང་ཆེན་གྱི་དབུ་འཛིན་སྐུ་གཞོན་ཅི་ཞང་ཆི་ཡིས་ཀྱང་། ཧྲན་ཏུང་དང་བོད་ལྗོངས་ས་ཁུལ་གཉིས་པོ་མུ་མཐུད་མཉམ་ལས་གང་ནུས་བྱས་ནས། བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཤུལ་འཛིན་སྲུང་སྐྱོང་བྱེད་ཐབས་རྒྱུན་མ་ཆད་པར་འཚོལ་ཞིབ་བྱེད་པ་དང་། དུས་མཚུངས་དཔལ་འབྱོར་དང་། སྤྱི་ཚོགས་སོགས་པའི་ཕྱོགས་གང་ཅིར་སྤེལ་རེས་ཆད་མེད་བྱས་ནས། ཕྱོགས་གཉིས་པོའི་དཔལ་འབྱོར་གོང་འཕེལ་ཡོང་བར་བྱེད་དགོས་ཚུལ་བསྟན་པ་རེད། 

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716