སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཕྱི་རྒྱལ་དུ་བྲོས་འདེད་དངུལ་འདེད་རྒྱུན་མ་ལྷོད་པས་བོད་ཀྱིས་ལས་དོན་ལ་གྲུབ་འབྲས་ལོན་ཡོད་པ།
སྤེལ་དུས། 2017-10-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ་གྱིས་བསྒྱུར།

པར་འདི་ནི་འགྲེལ་བརྗོད་པས་གཟིགས་མོ་བར་ཕྱི་རྒྱལ་དུ་བྲོས་འདེད་དངུལ་འདེད་ཀྱི་ལས་དོན་སྤེལ་བའི་གནས་ཚུལ་་ཝངོ་སྤྲོད་བྱེད་བཞིན་པའི་སྒང་།
          ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་སྤེལ་བ་ལྟར་ན།"རུལ་སུངས་པ་གང་དུ་བྲོས་པ་དང་། ས་ཐག་རིང་པོ་གང་འདྲ་ཞིག་ལ་བྲོས་རུང་དེར་བདའ་འདེད་གཏིང་ལོན་པ་བྱེད་དགོས་ཤིང་། བས་མཐའི་ཡུལ་ཕྱོགས་གང་དུ་ཡོད་རུང་ངེས་པར་དུ་དེ་ཉིད་བྲོས་འདེད་བྱས་ནས་ཁྲིམས་ལ་སྦྱོར་དགོས། ལོ་ངོ5འམ་ལོ་ངོ10 ལོ་ངོ20གང་ཡིན་རུང་བདའ་འདེད་བྱེད་དགོས། ཐ་ན་མི་གཅིག་བྲོས་བྱོལ་དུ་ལྷག་ཡོད་ནའང་བྲོས་འདེད་དངུལ་འདེད་གཏན་ནས་མཚམས་འཇོག་མི་སྲིད།” འདི་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྲོས་འདེད་དངུལ་འདེད་ལས་དོན་ལ་བཏང་བའི་བཀའ་རྒྱ་ཁ་གསལ་ཡིན་ལ། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་བཞག་པའི་དམ་བཅའ་གཟི་བརྗིད་ལྡན་པ་ཞིག་ཀྱང་རེད།
པར་འདི་ནི2015ལོའི་ཟླ3པར་ཀྲུང་དབྱང་གི་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་ལས་ཁང་གི་ཚོགས་འདུ་འཚོགས་ནས“རྙི་རྒྱའི”བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།

          པར་འདི་ནི་ཀྲུང་དབྱང་གི་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་དང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་དོན་ཁང་གིས་ཀྲུང་དབྱང་སྒྲིག་ཨུད་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཕྱི་འབྲེལ་པུའུ།  སྤྱི་བདེ་པུའུ། བདེ་འཇགས་པུའུ། ཁྲིམས་འཛིན་པུའུ། མི་དམངས་དངུལ་ཁང་སོགས་སྡེ་ཚན་བརྒྱད་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྲོས་འདེད་དངུལ་འདེད་ལས་དོན་མ་ལག་ཏུ་བཅུག་པ་རེད། 
          རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྲོས་འདེད་དངུལ་འདེད་ལས་དོན་གཏིང་ཟབ་སྤེལ་བ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་བསྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་སྐུལ་འདེད་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ། ཀུན་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱིན་པའི“ ཧུར་བརྩོན་འབད་འཐབ་ལོ་ལྔ” ཞེས་པའི་གྲུབ་འབྲས་འགྲེམས་སྟོན་ཐོག  “ ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་ཐོག་མཐའ་བར་གསུམ་དུ་ཏང་ནི་རླབས་ཆེན་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ཡིན་པར་ཁག་ཐེག” ཅེས་པའི་བརྗོད་གཞིའི་འགྲེམས་ཁུལ་བཅུ་བར་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་གིས་རུལ་སུངས་ལ་རྒོལ་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་བསྐྲུན་སོགས་ཀྱི་ཐད་ནས་མངོན་གསལ་གྱི་གྲུབ་འབྲས་ལོན་ཡོད་པ་གཙོར་བཟུང་ནས་འགྲེམས་སྟོན་གནང་ཡོད་ཅིང་། ཁྲིམས་འགལ་ལུགས་འགལ་གྱི་ལས་བྱེད་པ་ཁག་ཅིག་གི་ཡིག་དཔང་དང་དངོས་དཔང་ཐེངས་དང་པོར་ཡོངས་བསྒྲགས་འགྲེམས་སྟོན་གནང་པ་བརྒྱུད་གཟིགས་མོ་བ་རྣམས་ཀྱིས་ཏང་ཀྲུང་དབྱང་གིས་རུལ་སུངས་སྒྲིག་འགལ་ཚར་གཅོད་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་དང་ཞུམ་མེད་ཀྱི་སྙིང་སྟོབས་མངོན་པར་མཚོན་ཡོད།
པར་འདི་ནི“ འཇུ་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི” དོགས་ཡོད་ཉེས་ཅན་རིགས་དང་མིང་ཐོ་ཡོངས་བསྒྲགས་བྱེད་སྐབས“ འཇུ་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱ” སྦ་སྐུང་བྱེད་སྲིད་པའི་རྒྱལ་ཁབ་དང་ས་ཁུལ་འགྲེམས་སྟོན་གནང་པ།
          སྲོག་ཤིང་ལ་བརྩི་བཀུར་དང་བཀོད་འདོམས་ལ་ཉན་པ། རུལ་སུངས་ཚར་གཅོད་བྱེད་པ་བཅས་བོད་ཀྱིས་ཧུར་བརྩོན་འབད་འཐབ་ཀྱིས་མདུན་བསྐྱོད་བྱེད་ཀྱི་ཡོད་ཅིང་། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས། བྲོས་འདེད་དངུལ་འདེད་བཅས་ཐད་བོད་ཀྱིས་ཧུར་བརྩོན་རང་འགུལ་སྒོས་ལས་སྒོར་ཞུགས་ཡོད་པ་རེད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བོད་རང་སྐྱོང་ལྗོངས་ཀྱིས་བྲོས་འདེད་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རུལ་སུངས་ལ་ངོ་རྒོལ་མཐུན་སྦྱོར་ཚོགས་ཆུང་བྲོས་འདེད་དངུལ་འདེད་གཞུང་ལས་ཁང་བཙུགས་ཏེ་ལྗོངས་ཡོངས་ཀྱི་བྲོས་འདེད་དངུལ་འདེད་དང་བྲོས་བྱོལ་སྔོན་འགོག་ལས་དོན་ལ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་གནང་པ་དང་། སྒྲིག་ཨུད་དང་རྩ་འཛུགས། ཁྲིམས་ཁང་སོགས་སྡེ་ཚན་དགུ་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྲོས་འདེད་དངུལ་འདེད་ལས་དོན་གྱི་མ་ལག་ནང་བཅུག་ནས་བྲོས་འདེད་དངུལ་འདེད“ རྙི་རྒྱ” བཟོས་ཡོད་པ་རེད།
          ད་ལོའི་ཟླ9པའི་ཚེས26ཉིན།  བོད་རང་སྐྱོང་ལྗོངས་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་བ་དང་བོད་ལྗོངས་ཀྱིས“ཧུར་བརྩོན་འབད་འཐབ་ཀྱི་ལོ་ལྔའི”འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ཏང་གི་འཛུགས་བསྐྲུན་རབ་དང་རིམ་པ་ལས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོའི་ཐོག བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལྟ་ཞིབ་ཐིང་གི་ཐིང་ཀྲང་། རུལ་སུངས་སྔོན་འགོག་ཅུས་ཀྱི་ཅུས་ཀྲང་ལྷག་པ་ཚེ་རིང་གིས་ ལོ་ལྔའི་རིང་བོད་རང་སྐྱོང་ལྗོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་བསྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀ་བསྒྲུབས་ཚུལ་ལ་བརྡ་ཁྱབ་གཏོང་སྐབས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་བོད་ལྗོངས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་པ་དང་། འདི་ལོའི་ཟླ་4 པའི་ཟླ་མཇུག་བར། བོད་ལྗོངས་ཀྱིས་ཀྲུང་དབྱང་བྲོས་འདེད་གཞུང་ལས་ཁང་ལ་ཐོ་འགོད་སྙན་སེང་ཞུ་བྱས་པའི་ཕྱིར་བྲོས་མི་སྣ8ལས7རྗེས་འདེད་ཐུབ་པར་གྱུར་པ་དང་། དེའི་ནང་ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་བྱེད་པ6 ནི་འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱར་ནས་ཟིལ་ཤུགས་ཆེན་པོ་བསླངས་ཡོད་པ་རེད། ཁྲིམས་རྙི་རྒྱ་ཆེ་བས་མི་ངན་འཆོར་ས་མེད།  བོད་ལྗོངས་ཀྱི་གོང་འོག་བློ་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་སླེས་པའི“ རྙི་རྒྱ” འདི་ནི་སྔར་ལས་ཚགས་དམ་དང་ཇེ་ལྟར་བསྡུས་ནས་དེ་ལྟར་དམ་པོར་གྱུར་ཡོད་པ་རེད།
པར་འདི་ནི“ འཇུ་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱ”ལས་ཁག་གཅིག་ཁྲིམས་ལ་སྦྱར་པ་རེད།
པར་འདི་ནི“ འཇུ་བཟུང་བཀའ་རྒྱ་དམར་པོ་བཏང་པ་ལས་ཨང་རྟགས་པོ” དབྱང་ཤིའུ་ཀྲུའུ་འཛིན་བཟུང་ཡི་གེ་རེད།
          བྲོས་འདེད་དངུལ་འདེད་ཀྱི་ལས་དོན་ནི་སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་ལ་འབྲེལ་བ་ཡོད་པའི་དུས་མཚུངས་སུ་བཅའ་ཁྲིམས་ཀྱི་ཟིལ་ཤུགས་དང་ཡང་འབྲེལ་བ་ཡོད་ཅིང་། བློ་སེམས་གཏད་མིན་དང་འབྲེལ་བ་ཡོད་པ་དང་། མི་དམངས་མང་ཚོགས་ཀྱིས་ང་ཚོའི་ཏང་ལ་ཡད་ཆེས་མིན་དང་འབྲེལ་བ་ཡོད་པ་རེད། “རྙི་རྒྱ” བརྟན་པོ་འཛུགས་པ་དང“རྙི་རྒྱའི”ནུས་ཤུགས་འདོན་ཐུབ་དགོས། ཀྲུང་གོས་རྒྱུན་འཁྱོངས་ལྷོད་མེད་ཀྱི་བྱ་སྤྱོད་ལས་ཀུན་ལ་ཕྱི་རྒྱལ་ནི་བཅའ་ཁྲིམས་ཀྱི་ཕྱི་རོལ་མིན་པ་དང་། འཛམ་བུའི་གླིང་ན་རུལ་སུངས་ཉེས་ཅན་སྦས་ཡུལ་གཏན་ནས་མེད་པ། ཀྲུང་གོའི་བྲོས་འདེད་དངུལ་འདེད་ནི་ནམ་ཡང་ལམ་དུ་ཡོད་པ་གསལ་བོར་བཤད་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716