སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དམངས་གཉེར་ཁེ་ལས་གནད་སྨིན་དབུལ་སྐྱོར་ལ་ཞུགས་པ་སྟེ།“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་སྐྱོར”བྱས་ནས་འཛམ་གླིང་གི་དབུལ་སེལ་ཐད་ཀྲུང་གོའི་ཇུས་གཞི་ཕུལ་བ།
སྤེལ་དུས། 2017-10-12   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ་། རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཉིན་མོ་འཆར་ཉེར་ཡོད་པའི་སྐབས་འདིར། ཚེས་10ཉིན་གྱི་སྔ་དྲོར། “ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་ལ་རོགས་སྐྱོར”ཞེས་པའི་གནད་འཁེལ་དབུལ་སྐྱོར་བྱེད་སྒོའི་གླེང་སྟེགས་པེ་ཅིང་དུ་འཚོགས་པ་དང་། གླེང་སྟེགས་དེ་ནི2017ལོའི་དབུལ་སྐྱོར་ཉིན་མོའི་གླེང་སྟེགས་སྒྲིག་འཛུགས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་རྒྱལ་ཡོངས་ཀྱི་“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་སྐྱོར”གྱི་གནད་འཁེལ་དབུལ་སྐྱོར་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་སྒྲུབ་འགན་གནང་པ་རེད་འདུག

          གླེང་སྟེགས་སྟེང་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་བྱ་དགའ་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོའི་སྐོར་བཏོན་པའི་གལ་ཆེའི་མཆན་བཀོད་མཛུབ་སྟོན་དང་ཞིབ་ཕྲའི་བླང་བྱ་བརྒྱུད་སྒྲོག་གནང་པ་དང་། རྒྱལ་ཡོངས་ཀྱི“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་ལ་རོགས་སྐྱོར”གྱི་གནད་འཁེལ་དབུལ་སྐྱོར་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་ལ་རོགས་སྐྱོར”གྱི་གནད་འཁེལ་དབུལ་སྐྱོར་བྱེད་སྒོའི་སྔོན་ཐོན་དམངས་གཉེར་ཁེ་ལས་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་བརྡ་ཁྱབ་སྒྲོག་སྦྱངས་གནང་བ་མ་ཟད། ཧོང་ཏ་ཚོགས་པ་སོགས་དམངས་གཉེར་ཁེ་ལས116 ལ་གཟེངས་བསྟོད་རྟགས་མ་དང་དཔང་ཡིག་སྤྲད་པ་རེད།
          ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་གཉེར་ཁེ་ལས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཁྲོད་ཀྱི་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་ཚད་མེད་གནང་ཡོད་དེ། 2015 ལོ་ནས་བཟུང་། “ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་སྐྱོར”བྱེད་པ་དེ་རིམ་པ་ཁག་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་དབུལ་སྐྱོར་གཞུང་ལས་ཁང་།  གཟི་བརྗིད་མཐུན་ཚོགས་བཅས་ཀྱིས་སྐུལ་སློང་རྒྱ་ཁྱབ་བྱས་པ་དང་དམངས་གཉེར་ཁེ་ལས་ཀྱིས་ཧུར་ཐག་ངང་ཞུགས་པའི་འོག  གནད་སྨིན་དབུལ་སྐྱོར་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་གང་ལེགས་གནང་པ་དང་། དབུལ་ཕོངས་ས་ཁུལ་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གནང་ནས་དབུལ་སྐྱོར་གཟི་བརྗིད་དང་དབུལ་སྒྲོལ་གཟི་བརྗིད་ལྡན་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད་། འདི་ལོའི་ཟླ9 པའི་ཟླ་མཇུག་བར།“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་ལ་རོགས་སྐྱོར”གྱི་གནད་འཁེལ་དབུལ་སྐྱོར་བྱེད་སྒོའི་རྩིས་ཐོའི་དོ་དམ་ཁྲོད་ཚུད་པའི་དམངས་གཉེར་ཁེ་ལས་ཁྱོན་བསྡོམས་ཁྲི3.53ཡོད་པ་དང་།  གྲོང་ཚོ་ཁྲི3.87( དེའི་ནང་ཡིག་ཚགས་བྱང་བུ་བཟོས་པའི་གྲོང་ཚོ་དབུལ་པོ་ཁྲི2.57)ཀྱི་ཡིག་ཚགས་བྱང་བུ་བཟོས་པའི་མི་འབོར་དབུལ་པོ་ཁྲི558.31ལ་གནད་སྨིན་རོགས་སྐྱོར་གནང་པ་དང་། ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར466.28བཏང་པ། སྤྱི་ཕན་མ་དངུལ་སྒོར་དུང་ཕྱུར106.3བཏང་པ།མི་གྲངས་ཁྲི49.8ལ་ལས་ཞུགས་བཀོད་སྒྲིག་གནང་པ།མི་གྲངས་ཁྲི53.5ལ་རྩལ་ནུས་གསོ་སྦྱོང་གནང་ཡོད་པ་རེད།
          “ ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་ལ་རོགས་སྐྱོར་” ནི་དམངས་གཉེར་ཁེ་ལས་ཀྱིས་དུས་སྐབས་གསར་པའི་ནང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པའི་བྱ་སྤྱོད་དངོས་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་ཁས་ལེན་གང་ལེགས་གནང་པ་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཁྱོན་ཡོངས་ནས་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད། བྱ་སྤྱོད་དེར་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ངོས་ནས་དུས་རབས་ཀྱི་རིན་ཐང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ལ། རང་རྒྱལ་གྱིས་སྟོབས་ཤུགས་གཅིག་བསྡུས་སྒོས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་ལེགས་ཆ་དང་ཆབ་སྲིད་ཀྱི་ལེགས་ཆ་མངོན་ཡོད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་བསྐྲུན་པའི་མཐོ་ཚད་ནས་འཛམ་གླིང་གི་དབུལ་སེལ་བྱ་གཞག་ཐད་ཀྲུང་གོའི་བློ་གྲོས་ངོམས་ཡོད་ཅིང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད་པ་རེད། དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་ལས་ཁུངས་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་དང་། གྲོང་གསེབ་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་འཚམ་པའི་ཐོན་སྐྱེད་འབྲེལ་བཙུགས་པ། མི་སེམས་དགེ་བར་ཕྱོགས་པ་དང་ཕན་ཚུན་རོགས་རམ་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཞིག་གཏོད་ནས་སྤྱི་ཚོགས་ཀྱི་ཚོགས་པ་ཕན་ཚུན་བར་རྒྱུས་ལོན་ཇེ་ཟབ་ཏུ་ཕྱིན་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་ཡོད་པ་རེད། བྱེད་སྒོ་དེ་ནི་དམངས་གཉེར་ཁེ་ལས་དབུལ་ཐར་འགག་སྒྲོལ་ནང་ཞུགས་པའི་རྣམ་པ་གཙོ་བོ་དང་ལས་སྟེགས་གཙོ་བོར་ཆགས་ཡོད་ཅིང་། གནད་སྨིན་དབུལ་སྐྱོར་དང་གནད་འཁེལ་དབུལ་སྒྲོལ་གྱི་གཙོ་ཤུགས་དམག་དང་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད་པ། རྒྱལ་ཡོངས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་བྱེད་སྒོ་ཆེན་མོ་བཅུའི་སྣེ་ཁྲིད་དམག་དང་ཚོང་རྟགས་གྲགས་ཅན་དུ་གྱུར་ནས་དབུལ་ཐར་འགག་སྒྲོལ་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་རེད།
པར་འདི་ནི་གཟེངས་བསྟོད་ཐོབ་པའི་ཁེ་ལས་ཀྱི་འཐུས་མིས་གཏམ་བཤད་གནང་བཞིན་པ་རེད།
          གླེང་སྟེགས་སྟེང་། “ ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་སྐྱོར” གྱི་བྱེད་སྒོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བྱེད་སྒོར“ལག་བསྟར་དོན་འཁྱོལ་ཡོང་པ་དམ་འཛིན། ཕན་འབྲས་ཐོན་པ་དམ་འཛིན”དང" དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་དུ་ཕྱོགས་པའི” གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་པར་དམ་པོར་དམིགས་ནས།  དབུལ་ཕོངས་ཚབས་ཆེན་ཡིན་པའི་ས་ཁུལ་དང་མང་ཚོགས་གཙོ་གནད་དུ་བཟུང་སྟེ།  ཧུར་ཐག་སྒོས་རོགས་སྐྱོར་གྱི་དངོས་ཕན་ཆེ་རུ་གཏོང་བ་དང་དབུལ་སྒྲོལ་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་པ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཐད་ནུས་པ་བླ་ལྷག་འདོན་དགོས་པ་དང་། བྱེད་སྒོའི་ནང་ཞུགས་མཁན་ཁེ་ལས་ལ་སྲིད་ཇུས་དང་། དངུལ་རྩ།  དྲིལ་སྒྲོག  བསྟོད་བསྔགས་སོགས་རྒྱབ་སྐྱོར་ཞབས་ཞུ་གནང་པ་བརྒྱུད། བྱེད་སྒོས་ལོ་རྒྱུས་ཀྱི་དུས་རིམ་གསར་པར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་འབྱུང་པར་ལེགས་སྐྱེས་གསར་པ་དེ་ལས་ལྷག་པ་འབུལ་དགོས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་བྱུང་།
        ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་མཉམ་ལས་སྟེགས་བུ་འཛུགས་པ་དང་། བྱེད་སྒོའི་རྣམ་གྲངས་མཛོད་འཛུགས་པ། དཔེ་སྟོན་ཁེ་ལས་གཏོད་པ་སོགས་ཀྱི་བྱ་ཐབས་བཏོན་པ་བརྒྱུད་ཁྱོན་ཡོངས་ནས་བཀོད་སྒྲིག་སྐུལ་འདེད་གནང་བ་དང་། མིག་སྔར་རོགས་སྐྱོར་བྱས་ཟིན་པའི་ཁེ་ལས600 ཙམ་ཡོད་པ་དང་། དངུལ་བུན་གྲངས་ཚད་སྒོར་དུང་ཕྱུར་356ལ་སླེབས་པ། སྐུལ་ཁྲིད་དང་རོགས་སྐྱོར་བྱས་པའི་དབུལ་ཕོངས་མི་འབོར་ཧ་ལམ་ཁྲི་31ལ་སླེབས་ཡོད། རིམ་པ་རྗེས་མར་མུ་མཐུད་དུ་མཉམ་ལས་གཏིང་ཟབ་སྤེལ་བ་དང་། རོགས་སྐྱོར་ལ་ཕྱོགས་པ། རྣམ་པ་གསར་གཏོད་བྱེད་པ། དྲིལ་སྒྲོག་དང་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས་སྔར་ལས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716