སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གྲོང་གསེབ་ཏུ་མེ་ཏོག་རབ་ཏུ་བཞད་ནས་ཡུལ་སྐོར་ཡོང་འབབ་རག་པ།
སྤེལ་དུས། 2017-10-12   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།

          སྨན་གླིང་རྫོང་ཆབ་ནག་ཤང་ཉ་ལུང་གྲོང་ཚོ་ནི་རྒྱ་ཆེའི་ཡུལ་སྐོར་བ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་མཛེས་ལྗོངས་ཁུལ་ལ་བསྐྱོད་སའི་ལམ་བུར་ཡོད། འདི་ལོ་ནས་བཟུང་། གྲོང་ཚོ་དེས་འགྲིམ་འགྲུལ་གྱི་ལེགས་ཆར་བརྟེན་ནས་མེ་ཏོག་འདེབས་འཛུགས་ལས་རིགས་གོང་འཕེལ་ཤུགས་ཆེན་བཏང་བ་དང་། ཟླ་ཤས་རིང་གསོ་སྤེལ་ཞིབ་ཚགས་བྱས་པས་བརྗིད་ཉམས་དོད་པའི་ཉ་ལུང་མེ་ཏོག་སྐྱེད་ཚལ་ཞིག་གྲུབ་ཡོད། དེའི་རྒྱ་ཁྱོན་ལ་མུའུ་351ཟིན་པ་དང་མིག་སྔར་སྐལ་བཟང་མེ་ཏོག་སོགས་མེ་ཏོག་སྣ་ཁ་10ལྷག་ཙམ་བཏབ་ཡོད་ཅིང་། ཟླ་6པ་ནས་10པའི་བར་མེ་ཏོག་སྣ་ཚོགས་ཕན་ཚུན་འགྲན་པ་ལྟར་རྣམ་པར་བཞད་ནས་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པ་ཅིག་ཅར་ཕྲོགས་ཤིང་། འདི་ནི་ཡུལ་སྐོར་བས་ཉ་ལུང་དུ་བཞད་པའི་མེ་ཏོག་སྣ་ཚོགས་ཀྱི་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716