སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་དང་བཞི་པ་འཚོགས་པ།
སྤེལ་དུས། 2017-10-24   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  དཔའ་མོས་བསྒྱུར།
ཀྲུང་དབྱང་ཨུ་ཡོན་དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན་བཅས་ཀྱི་འོས་མིའི་མཚན་ཐོར(འཆར་ཟིན)གྲོས་འཆམ་བྱུང་བ།
ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

          ཟླ་10ཚེས་23ཉིན་ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་བཞི་པ་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཚོགས་འདུར་ཞུགས་པ་རེད།
          ཚེས་22ཉིན་གྱི་དགོང་མོ་དང་ཚེས་23ཉིན་གྱི་སྔ་དྲོ་ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་གསུམ་པ་དང་བཞི་པ་འཚོགས་ནས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འོས་མིའི་མཚན་ཐོར“འཆར་ཟིན”གྲོས་འཆམ་བྱུང་བ་དང་འབྲེལ་འཐུས་མི་ཚོགས་པ་ཁག་གིས་ནང་མོལ་བྱ་རྒྱུར་ཕུལ་བ་རེད།
          བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་འཐུས་མི་ཚོགས་པ་ཁག་གི་འཁྲོལ་ཡོད་གྲ་སྒྲིག་འདེམས་བསྐོ་བྱས་ནས་ཐོན་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན།
          ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འོས་མིའི་མཚན་ཐོར“འཆར་ཟིན”གྲོས་འཆམ་བྱུང་ནས་མཚན་ཐོ་དེ་འཐུས་མི་ཚོགས་པ་ཁག་གིས་ནང་མོལ་བྱ་རྒྱུར་འབུལ་རྒྱུའི་གཏན་འཁེལ་གནང་བ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་10ཚེས་21ནས་བཟུང་འཐུས་མི་ཚོགས་པ་ཁག་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་བཏོན་པ་དང་འབྲེལ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གྲོས་འཆམ་བྱུང་བའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འོས་མི་དང་གྲ་སྒྲིག་འོས་མིའི་མཚན་ཐོར་ནང་མོལ་ནན་ཏན་གནང་བ་རེད། འཐུས་མི་ཚོས་མཚན་ཐོ་དེ་དག་རྩ་འཛུགས་ཀྱི་གོ་རིམ་ནན་པོ་བརྒྱུད་པ་དང་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་བཏང་ནས་ཐོན་པ་ཞིག་རེད། དེའི་ནང་ས་ཁུལ་ཁག་དང་། སྡེ་ཚན་ཁག འཐབ་ཕྱོགས་ཁག ལས་རིགས་ཁག་བཅས་ཀྱི་ཏང་གི་སྲིད་འཛིན་རྐང་འཛིན་པ་དང་ཕུལ་བྱུང་འཐུས་མི་བཅས་གཅིག་སྡུད་ཐུབ་ཡོད་ལ་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་བ་དང་། གྲུབ་ཆ་ཅུང་ལུགས་དང་མཐུན་པ། ཁྱབ་ཚུལ་ཅུང་དོ་སྙོམས་པ། མང་ཚོགས་ཀྱི་རྨང་གཞི་ཅུང་ཡག་པ་བཅས་ཡོད་པས་བསམ་གཞིག་འཐུས་ཚང་བྱས་པའི་ཇུས་གཞི་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད།
          ཟླ་10ཚེས་22གྱི་ཕྱི་དྲོ་དང་23ཉིན་གྱི་སྔ་དྲོ་ཚོགས་ཆེན་གྱིས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྔ་རྗེས་སུ་ཀྲུང་དབྱང་ཨུ་ཡོན་དང་། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་བཅས་གྲ་སྒྲིག་འདེམས་བསྐོ་གནང་བ་རེད། ཚོགས་ཆེན་གྱི་འདེམས་བསྐོའི་བྱ་ཐབས་ཀྱི་གཏན་འབེབས་གཞིར་བཟུང་། གྲ་སྒྲིག་འདེམས་བསྐོའི་ནང་འཁྲོལ་ཡོད་འདེམས་བསྐོའི་བྱ་ཐབས་སྤྱད་དེ་འཁྲོལ་ཡོད་བསྡུར་གྲངས་ཚང་མ་8%ཀྱིས་མང་བ་ཡོད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་འགོ་ཁྲིད་འོག་དང་འདེམས་ཤོག་ལྟ་ཞིབ་པའི་ལྟ་སྐུལ་འོག་གྲ་སྒྲིག་འདེམས་བསྐོའི་ལས་དོན་ཚང་མ་ཚོགས་ཆེན་གྱི་འདེམས་བསྐོའི་བྱ་ཐབས་ལ་ནན་ཏན་གཞིགས་ནས་སྤེལ་ཡོད་པས་གྲ་སྒྲིག་འདེམས་བསྐོའི་གྲུབ་འབྲས་ཁྲིམས་མཐུན་དང་ནུས་ལྡན་བྱུང་ཡོད།
          ཚོགས་ཆེན་གྱི་འདེམས་བསྐོའི་བྱ་ཐབས་ཀྱི་གཏན་འབེབས་དང་ཉིན་རེའི་གྲོས་རིམ་གྱི་བཀོད་སྒྲིག་གཞིར་བཟུང་། ཚེས་23ཉིན་གྱི་ཕྱི་དྲོ་ཚོགས་ཆེན་གྱིས་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུ་འཚོགས་ནས་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པ་དང་བཞི་པར་གྲོས་འཆམ་བྱུང་བའི་ཀྲུང་དབྱང་ཨུ་ཡོན་དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན་བཅས་ཀྱི་འོས་མིའི་མཚན་ཐོར་ནང་མོལ་གནང་བ་རེད།
          ཚེས་24ཉིན་གྱི་སྔ་དྲོ་ཚོགས་ཆེན་ཐོག་འདེམས་བསྐོ་དངོས་སུ་བྱེད་རྒྱུ་ཡིན་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716