སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་མའེ་ཏེ་ཝུའེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བ།
སྤེལ་དུས། 2017-11-03   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ལྕགས་བྱམས་ཀྱིས་བསྒྱུར།

འདི་ནི་ཟླ་11ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཨུ་རུ་སུའི་ཙུང་ལི་མའེ་ཏེ་ཝུའེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བའི་གནས་ཚུལ་ཡིན་པ།
          ཟླ་11ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཨུ་རུ་སུའི་ཙུང་ལི་མའེ་ཏེ་ཝུའེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་རྗེས་མའེ་ཏེ་ཝུའེ་ཅེ་ཕུའུ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཨུ་རུ་སུ་ནི་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་དང་ཟབ་ཏུ་གཏོང་བའི་ཁ་གསལ་གྱི་དམིགས་ཚད་དང་བློ་བརྟན་གྱི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་མཉམ་ལས་རྒྱ་ཆེར་གཏོང་བ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་མཉམ་ལས་ཟབ་ཏུ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་འགོ་འཛུགས་ས་གསར་པའི་ཐོག་གོ་སྐབས་གསར་པ་དམ་འཛིན་དང་། རྣམ་པ་གསར་པ་མངོན་པ། གྲུབ་འབྲས་གསར་པ་ཐོབ་རྒྱུ་བཅས་ཀྱི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་ཨུས་ཙུང་ལིའི་དུས་བཀག་ཐུག་འཕྲད་ལམ་སྲོལ་གྱི་སྤྱི་འདོམས་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ནུས་རྒྱུ་དང་། སྒྲིག་ཆས་བཟོ་སྐྲུན། ཞིང་ལས། འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་གཉིས་པོའི་མཉམ་ལས་ནང་ཚན་རྩལ་གསར་གཏོད་འདུས་ཚད་མུ་མཐུད་མང་དུ་གཏོང་རྒྱུ་དེ་གྲངས་གཞི་ཆེ་མོ་དང་། ཟོག་འབྲེལ་དྲ་བ། རིག་ལྡན་གྲོང་ཁྱེར་སོགས་གྲངས་གཞིའི་དཔལ་འབྱོར་ཁྱབ་ཁོངས་མཉམ་ལས་ཀྱི་འཕར་གནས་གསར་པར་བརྩི་དགོས། “རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་དེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་སྦྲེལ་མཐུད་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ་མཚོ་འགྲམ་རྒྱལ་སྤྱིའི་སྐྱེལ་འདྲེན་བར་ཁྱམས་སོགས་རྣམ་གྲངས་དམིགས་སར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་མཉམ་དུ་བྱང་སྣེའི་མཚོ་ཐོག་འགྲུལ་ལམ་གསར་སྤེལ་དང་བེད་སྤྱོད་མཉམ་ལས་བྱས་ནས“འཁྱགས་ཐོག་གི་དར་གོས་ལམ་བུ”གཏོད་དགོས། ཀྲུང་ཨུའི་སློབ་གསོ་དང་། ཡུལ་སྐོར། སྨྱན་སྦྱོར་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་ཀྱི་མཉམ་ལས་ཐད་མཐོ་རླབས་ཡང་ཡང་འཕྱུར་བ་དང“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་ཆེ་མོའི་བརྗོད་དོན་གཙོ་བོའི་ལོའི་བྱེད་སྒོ་མུ་མཐུད་ཡག་པོ་གཉེར་བ་དང་རྒྱལ་ཁབ་གཉིས་ཀྱི་ས་གནས་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་འདོད་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།
          མའེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་དང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་བ་དང་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ་ལུགས་བརྒྱུད་བསྒྲགས་གནང་བ་རེད། མའེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་པ་དེས་ཀྲུང་གོ་དང་འཛམ་གླིང་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ལ། བརྒྱུད་རིམ་དེའི་ནང་ཨུ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་བས་ཕྱོགས་ཡོངས་དང་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་ཡིད་ཆེས་ཀྱང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདི་ལོའི་ཟླ་བདུན་པར་ཨུ་རུ་སུར་གྲུབ་འབྲས་ཐོབ་པའི་འཚམས་འདྲི་གནང་རྗེས། ཨུ་ཀྲུང་ཕྱོགས་གཉིས་པོའི་དཔལ་འབྱོར་དང་། ནུས་རྒྱུ། མ་འཇོག གསར་གཏོད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དེ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་དང་སྦྲེལ་མཐུད་བྱ་རྒྱུ་སོགས་ཁྱབ་ཁོངས་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་པོ་ཐོབ་ཡོད་པས་ཨུ་རུ་སུས་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ནང་གི་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716