སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“སྣག་བྲིས་རི་མོ་གཅིག་སྡུད·ཐང་གའི་སྒྱུ་རྩལ་འགྲེམས་སྟོན”ཞེས་པ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་འགོ་ཚུགས།
སྤེལ་དུས། 2017-11-14   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།
 
རྒྱལ་ཡོངས་སྲིད་གྲོས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།   ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་ཞི་ལུང་ཡུས་ཞང་གིས་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།
          མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་།   ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི“སྣག་བྲིས་རི་མོ་གཅིག་སྡུད་·ཐང་གའི་སྒྱུ་རྩལ་འགྲེམས་སྟོན”ཞེས་པ་ཚེས་10ཉིན་ཧྥ་རན་སེའི་ཕ་རི་སིའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་འགོ་ཚུགས།
         མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དཔོན་རིགས་དང་། སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་བཅའ་སྡོད་ཕྱི་འབྲེལ་དཔོན་རིགས། ཧྥ་རན་སི་རྒྱལ་ཁབ་ཀྱི་འབྲེལ་ཡོད་དཔོན་རིགས་དང་སྒྱུ་རྩལ་ལས་རིགས་ཀྱི་མི་སྣ།   དེ་བཞིན་ཧྥ་རན་སིར་སྡོད་པའི་ཀྲུང་གོའི་འཐུས་མི་སོགས་མི་300ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས།   རྒྱལ་ཡོངས་སྲིད་གྲོས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་ཞི་ལུང་ཡུས་ཞང་དང་།   མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དབྱི་ལིན་ནཱ་·པོ་ཁོའོ་ཝ་གཉིས་ཀྱིས་མཉམ་དུ་འགྲེམས་སྟོན་ལ་གཟིགས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཨའེ་ལི་ཁེས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་ཕུལ་བཞིན་པ།
          ལུང་ཡུས་ཞང་གིས་འགོ་ཚུགས་མཛད་སྒོའི་ཤིས་ཚིག་ཏུ་བརྗོད་དོན།   ཐང་ག་ནི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཀྲུང་གོའི་བོད་རིགས་ཀྱི་རི་མོའི་སྒྱུ་རྩལ་ཞིག་ཡིན་ལ།   བོད་ཀྱི་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན།   ཐེངས་འདིར་འགྲེམས་སྟོན་བྱས་པའི་རེབ་གོང་གི་ཐང་ག་20ནི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་དཔེ་མཚོན་ཞིག་ཡིན།   སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྐབས་གྲུབ་པ་རེད།   2009ལོར།   རེབ་གོང་ཐང་ག་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་ཐོར་བཀོད་པ་དང་།   བློ་བཟང་བསྟན་པ་ནི་རེབ་གོང་སྒྱུ་རྩལ་གྱི་མཚོན་བྱེད་རང་བཞིན་པའི་རྒྱུན་འཛིན་པ་ཞིག་ཡིན།   ལྷ་རིས་ཁྱིམ་རྒྱུད་ཀྱི་རྒྱུད་འཛིན་མི་རབས་བཅུ་བཞི་པ་ཡིན་པའི་ཆ་ནས་ཐོག་མཐའ་བར་གསུམ་དུ་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་།   སྲུང་སྐྱོབ་དང་དར་སྤེལ་གཏོང་བར་གཞོལ་བཞིན་ཡོད།   འདི་ནི་ཀྲུང་གོའི་བོད་རིགས་ཐང་གའི་ལྷ་རིས་ཆེན་མོ་བ་ཞིག་གིས་འཛམ་གླིང་ལ་བཞག་པའི་རིག་གནས་ཤུལ་བཞག་དང་།   འཛམ་གླིང་ཡོངས་ཀྱི་མིའི་རིགས་ཀྱི་སེམས་འགྱུ་གཞི་གཅིག་ཏུ་སྦྲེལ་བ་ཡིན།
          མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཨའེ་ལི་ཁེས་ཤིས་ཚིག་ཕུལ་སྐབས།    ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་ལྟེ་གནས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་དྲངས་པར་བཀའ་དྲིན་ཞུས་དང་།   ཁོང་གིས་བརྗོད་རྒྱུར།   ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་འཚམས་འདྲི་བྱས་ཚུན།   ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་བར་གྱི་མཉམ་ལས་ཉིན་བཞིན་དམ་ཟབ་ཏུ་གྱུར་བ་དང་།   སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་ལྟེ་གནས་བར་གྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་དབྱི་ལིན་ནཱ་·པོ་ཁོའོ་ཝས་(དཀྱིལ)འགྲེམས་སྟོན་ལ་གཟིགས་བཞིན་པ།
          པོ་ཁོའོ་ཝས་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་ལ་གདེངས་འཇོག་ཆེན་པོ་གནང་།   ལྟ་སྐོར་བ་མང་པོས་གཅིག་རྗེས་གཉིས་མཐུད་ཀྱིས་ཐང་གའི་སྒྱུ་རྩལ་ནི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཕུལ་བྱུང་འཐུས་ཚབ་ཡིན་པར་ངོ་གནོང་མི་དགོས་ཅེས་བསྟོད་བསྔགས་བྱེད།
          ངོ་སྤྲོད་བྱས་པར་གཞིགས་ན།   “སྣག་བྲིས་རི་མོ་གཅིག་སྡུད”ཀྱིས་སྔ་ཕྱིར་དེང་རབས་ཀྲུང་གོའི་ཕུལ་བྱུང་སྒྱུ་རྩལ་མཁས་ཅན་160ལྷག་ཙམ་རྩ་འཛུགས་བྱས་ཏེ།   སྔ་ཕྱིརམཉམ་འབྲེལ་རྒྱལ་ཚོགས་དང་ཨ་མེ་རི་ཁ།   ཨུ་རུ་སུ།   ཐེ་ལན།    རྒྱ་གར།    སི་ཕེན།   པ་རེན་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་ཏུ་ཀྲུང་གོའི་སྒྱུ་རྩལ་འགྲེམས་སྟོན་རྒྱལ་ཁའི་ངང་འཛུགས་གཉེར་གནང་བ་དང་།   “སྣག་བྲིས་རི་མོ་གཅིག་སྡུད”ནི་ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་ལྟེ་གནས་ཀྱིས་འཛམ་གླིང་ལ་ཀྲུང་གོའི་ཕུལ་བྱུང་རིག་གནས་འགྲེམས་སྟོན་བྱེད་པའི་ཚོང་རྟགས་གྲགས་ཅན་ཅིག་ཏུ་གྱུར་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716