སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་དང་ཁྲིམས་སྐྱོང་བོད་ལྗོངས་མཉམ་སྐྲུན་བྱེད་པ་སྟེ། བོད་ལྗོངས་སུ་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ།
སྤེལ་དུས། 2017-12-07   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ12པའི་ཚེས4 ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཡིན་ལ། རྒྱལ་ཡོངས་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་ཉིན་མོའང་ཡིན་། ཉིན་དེར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ཁྲིམས་འཛིན་ཐིང་།  ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་སྒྲིག་འཛུགས་བྱས་པའི“ 12 · 4 ” རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི“ ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་ལམ”ཞེས་པའི་བྱེད་སྒོ་ལྷ་སར་སྤེལ་བ་རེད། 

          བྱེད་སྒོའི་ནང“ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དར་སྤེལ་ལག་བསྟར་དང་། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་དང་ཁྲིམས་སྐྱོང་བོད་ལྗོངས་མཉམ་སྐྲུན” ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཡུལ་དངོས་ཀྱི་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་ཅིང་དྲིལ་བསྒྲགས་མངོན་གསལ་ཆེན་པོར་དོད་ཡོད། ལས་རིགས་སྡེ་ཚན་ཁག་གིས་རང་ངོས་ཀྱི་ཁྱད་ཆོས་དང་བཟང་ཆ་གཞིར་བཟུང་སྟེ་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ་དང་རི་མོ་འགྲེམས་སྟོན། དྲིལ་བསྒྲགས་དཔྱད་ཡིག་བཀྲམས་པ་དང་། ཡུལ་དངོས་ཀྱི་བློ་འདྲི་སོགས་ཀྱི་རྣམ་པ་བརྒྱུད་དེ་དྲིལ་བསྒྲགས་བྱས་ཏེ། འགྲོ་འོང་བྱེད་པའི་མང་ཚོགས་ལ་རྩ་ཁྲིམས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བ་སོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་རིགས་དྲིལ་བསྒྲགས་བྱས་ཏེ་ལྟད་མོ་ལྟ་མཁན་གྱི་མང་ཚོགས་མི་ཉུང་བ་ཞིག་གི་ཡིད་དབང་བཀུགས། 

          ཡུལ་དངོས་ཀྱི་ལས་བྱེད་མི་སྣས་མང་ཚོགས་ལ་ངང་རྒྱུད་རིང་པོས་སྡེ་ཁག་དེ་ག་དང་ལས་རིགས་དེ་གའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་དང་། དེ་བཞིན་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གཙོ་གནད་དང་དཀའ་གནད་ཀྱི་ཁྲིམས་ལུགས་ཀྱི་གནད་དོན་ཁག་ཞིབ་ཚགས་ཀྱི་སྒོ་ནས་འགྲེལ་བཤད་བརྒྱབ་པ་དང་། འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཀྱི་རྒྱུན་ཤེས་དང་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་སྣ་ཚོགས་བཤད་དེ་བློ་འདྲིའི་སྟེགས་བུ་ཕྱོགས་གང་སར་མང་ཚོགས་རུབ་ནས་འདུག “དཔྱད་གཞིའི་རྒྱུ་ཆ་མང་པོ་ཞིག་བླངས་ཡོད་པས་ཕྱིར་ལོག་ནས་སློབ་སྦྱོང་ཡག་པོ་བྱེད”ཅེས་གྲོང་མི་སྐྱེས་མ་ཀའོ་ཡིས་ཁྱིམ་དུ་ལོག་ནས་ཁྲིམས་ལུགས་ཀྱི་ཤེས་བྱ་གསབ་སྦྱོང་ཡག་པོ་བྱ་རྒྱུའི་གྲ་སྒྲིག་བྱས།

          བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཐིང་ཀྲང་ལགས་ཀྱི“མི་རིགས་ཡོངས་ཀྱི་ཁྲིམས་སྐྱོང་སྤུས་ཚད་དང་ཀུན་སྤྱོད་ཀྱི་བྱང་ཚད་མཐོར་འདེགས་སུ་གཏོང་བའི” མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དུ། ཁྲིམས་ལུགས་ཀྱི་ཤེས་བྱ་བརྒྱུད་སྤེལ་དང་ཀུན་སྤྱོད་ཀྱི་བྱང་ཚད་གཉིས་གཅིག་ཏུ་འདྲེས་པ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཆེན་པོས་ལྗོངས་ཡོངས་ཀྱི་ཚོགས་པ་སོ་སོའི་ལས་བྱེད་མང་ཚོགས་ཀྱི་རྩ་ཁྲིམས་ཀྱི་འདུ་ཤེས་དང་། ཁྲིམས་ལུགས་ཀྱི་འདུ་ཤེས། ཀུན་སྤྱོད་ཀྱི་བྱང་ཚད་མཐོར་འདེགས་སུ་གཏོང་དགོས།

          རྒྱུས་ལོན་བྱུང་བ་ལྟར་ན། “ ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་ལམ”ཞེས་པའི་བྱེད་སྒོ་ནི་བོད་ལྗོངས་ཀྱི2017ལོའི“12 · 4 ”སྟེ་རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བྱེད་སྒོ་རབ་དང་རིམ་པའི་གྲས་ཀྱི་གཅིག་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ཁྲིམས་འཛིན་ཐིང་། ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་སོགས་ཀྱིས་ད་དུང་ལྗོངས་ཡོངས་ཀྱི་སྐབས་དང་པོའི“ ཁྲིམས་སྐྱོང་བོད་ལྗོངས་” ཞེས་པའི་ཁྲིམས་སྐྱོང་གློག་བརྙན་ཐུང་གྲས་དང་། བརྙན་ཐུང་། འགུལ་བརྙན་བརྩམས་ཆོས་བསྡུ་རུབ་ཀྱི་འགྲན་བསྡུར་ཐོག་མར་སྤེལ་བའི་མཛད་སྒོ་སྤེལ་ཏེ་གྲྭ་བཙུན་གྱིས་ཞོགས་པར་རྩ་ཁྲིམས་ཀློག་པ་ཞེས་པ་སོགས་ཀྱི་བྱེད་སྒོ་སྤེལ་འཆར་འདུག
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716