སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གནའ་རབས་ཀྱི་བོད་ཡིག་འདི་ཉིད༼གློག་རྡུལ་ཀྱི་དུས་རབས༽རྗེས་སུ་སྙེག་པ།
སྤེལ་དུས། 2013-03-11   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོར་གྱིས་བསྒྱུར།

  ད་ཆ་བོད་ལྗོངས་སུ། བོད་ཡིག་འཇུག་ཐབས་ཡོད་པའི་ལག་ཐོག་ཁ་པར་རྣམས་ལ་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱི་དགའ་བསུ་ཚད་མེད་ཐོབ་ཀྱི་ཡོད་པ་རེད། ལོ་༢༥བསོན་པའི་བློ་བཟང་གིས་གསུངས་དོན། ༼ང་ཚོས་འཕྲིན་ཐུང་གི་སྐད་བརྡའི་ནུས་པ་བེད་སྤྱད་ནས་གྲོགས་པོ་དང་མཉམ་དུ་བོད་སྐད་ཀྱི་ཐོག་ནས་གླེང་མོལ་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད་ཅེས་དང་། ད་དུང་བོད་ཡིག་གི་འཕྲིན་ཐུང་པོད་ཁུག་ནས་ལོ་གསར་དང་དུས་ཆེན་གཏོང་བའི་སྐབས་བོད་ཡིག་གི་སྨོན་ཚིག་སྐུར་གྱི་ཡོད་ཅེས་གསུངས་བྱུང་།
  
ཤེས་རྟོགས་བྱུང་གསལ། རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལོ་ཤས་རིང་ཧུར་བརྩོན་ངང་བོད་ཡིག་དང་དེང་དུས་ཀྱི་ཚན་རྩལ་མཉམ་འབྲེལ་བྱེད་པར་སྐུལ་སྤེལ་བཏང་ནས་འཇུག་ཐབས་དང་བཀོལ་སྤྱོད་རྒྱུད་ཁོངས། གཞུང་ལས་ཀྱི་གཉེན་ཆས། དྲ་ཐོག་གི་རགས་ལྟའི་ཡོ་ཆས་སོགས་རྨངས་གཞིའི་རང་བཞིན་གྱི་བོད་ཡིག་གཉེན་ཆས་ཞིབ་འཇུག་གསར་སྤེལ་བྱས་ཡོད་པ་དང་ཆབ་ཅིག་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་སློབ་གསོའི་མ་ལག་ཁག་གིས་ཤུགས་ཆེའི་ངང་བོད་ཡིག་གི་ཆ་འཕྲིན་བཅོས་སྒྲིག་གཉེན་ཆས་ཁྱབ་གདལ་དུ་བཏང་ཡོད་པ་རེད།
  
ལོ་ངོ་༡༣༠༠ལྷག་གི་ལོ་རྒྱུས་ལྡན་པའི་གནའ་རབས་ཀྱི་ཡིག་རིགས་དེ༼གློག་རྡུལ་ཀྱི་དུས་རབས༽རྗེས་སུ་སྙེག་པ་དང་ཆབ་ཅིག༼གློག་རྡུལ་རང་བཞིན་གྱི་མྱུར་བགྲོད་ལམ་བུ༽རྒྱུད་ནས་འཛམ་བུ་གླིང་དུ་སྐྱོད་ཡོད་པ་རེད།

 

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070